YouVersion Logo
Search Icon

རོ་མཱ་པ། 6

6
ལེའུ་དྲུག་པ།
སྡིག་པའི་བརྒྱུད་ནས་འཆི་བ་དིང་ཡེ་ཤུའི་བརྒྱུད་ནས་ཚེ་སྲོག
1འོ་ནེ། ད་འུ་ཀྱ་ཀྱིས་ཅི་ཟེར་རྒྱུ། ཐུགས་རྗེ་གཟིགས་སྐྱོང་དེ་མང་དུ་འཕེལ་རྒྱུ་ཆེད་དུ། འུ་ཀྱ་སྔོན་མ་ཅོག་འདྲ་སྡིག་པའི་ནང་ལེ་སྡོད་ཀྱི་དས། 2འོ་དེ་གི་རྩ་བ་ནས་མི་སྲིད། འུ་ཀྱ་སྡིག་པའི་ཆ་ནས་ཤི་ཚར་རི་ཡིན་ཕེན། སྔོན་མ་ཅོག་འདྲ་ད་རུང་ཟང་སྡིག་པའི་ནང་ལེ་འཚོ་བ་ག་ན་སྐྱེལ་སྲིད་རྒྱུ། 3སྐྱབས་མགོན་ཡེ་ཤུའི་ནང་ལེ་ཁྲུས་གསོལ་ལེན་མཁན་འུ་ཀྱ་ཀྱིས་ཁོང་གྲོངས་པའི་བརྒྱུད་ནས་ཁྲུས་གསོལ་བླངས་པི་ཡིན་དི་མི་ཤེས་འོད་དས། 4འོ་དེ་ལེ་བརྟེན་ཏེ། འུ་ཀྱ་ཀྱིས་ཁྲུས་གསོལ་བླངས་པའི་བརྒྱུད་ནས་འུ་ཀྱ་ནི་ཁོང་གི་སྐྱེན་ལེ་དུར་ཁྲོད་ལེ་སྦས་ཚར་རི་དིང་ཅོག་འདྲ་ཡིན་དི་མ་ཟད། ཡང་ཡབ་ཀྱི་གཟི་བརྗིད་ཅན་གྱི་ནུས་མཐུ་དེས་སྐྱབས་མགོན་ཡེ་ཤུ་ཡང་སྐུ་གསོན་དུ་བཅུག་པི་ཅོག་འདྲ། འུ་ཀྱ་ཟང་ཚེ་གསར་པའི་ནང་ལེ་འཚོ་བ་སྐྱེལ་ཐུབ་རྒྱུ་ཆེད་དུ་ཡིན་དིག 5ཅི་ལེ་ཟེར་ནི། གལ་སྲིད་ཁོང་སྐུ་གྲོངས་པའི་བརྒྱུད་ནས་འུ་ཀྱ་ཁོང་དིང་སྐྱེན་ལེ་གཅིག་མཚུངས་བྱུང་པི་ཡིན་ནི། འུ་ཀྱ་ཟང་ཁོང་དིང་སྐྱེན་ལེ་གཅིག་མཚུངས་ངང་ནས་གསོན་པོ་བྱུང་པི་ཡིན་དིག 6དུས་ད་ནས་ཕྱིན་ཆད། འུ་ཀྱ་ནི་སྡིག་པའི་ཚེ་གཡོག་མན་དི་མ་ཟད། སྡིག་པའི་དབང་འོག་ལེ་ཟང་མི་གནས་པའི་ཆེད་དུ། འུ་ཀྱ་ཀྱི་གཤིས་ཀ་རྙིང་པ་དེ་མེད་དི་འགྱུར་རི་དོན་ལེ། འུ་ཀྱ་ཀྱི་གཤིས་ཀ་རྙིང་པ་དེ་ཟང་སྐྱབས་མགོན་ཡེ་ཤུ་དིང་སྐྱེན་ལེ་གདུང་མ་ཀུ་རུ་ཁའི་ལྟག་ག་ལེ་བརྒྱངས་པི་ཡིན་དི་འུ་ཀྱ་ཀྱིས་ཧ་གོ་འོད་དིག 7ཅི་ལེ་ཟེར་ནི། ཤི་ཚར་རི་དེ་ཀྱ་ནི་སྡིག་ཉེས་ཀྱི་དབང་ནས་ཐར་བ་ཐོབ་པི་དིག 8འུ་ཀྱ་སྐྱབས་མགོན་ཡེ་ཤུ་དིང་སྐྱེན་ལེ་ཤི་ཚར་རི་ཡིན་ནི། འུ་ཀྱ་ཟང་ཁོང་དིང་སྐྱེན་ལེ་གསོན་པོ་གནས་རྒྱུ་དེ་ལེ་ཟང་ཡིད་ཆེས་འོད་དིག 9སྐྱབས་མགོན་ཡེ་ཤུ་སྐུ་གྲོངས་ཏེ་ཡང་དང་གསོན་པོ་བྱུང་ཕེན། ཡང་དང་གྲོངས་མི་སྲིད་འོད་དི་མ་ཟད། དུས་ད་ནས་ཕྱིན་ཆད། ཁོང་ནི་འཆི་བའི་དབང་འོག་ཏུ་མེད་དི་འུ་ཀྱ་ཀྱིས་ཧ་གོ་འོད་དིག 10ཁོང་སྐུ་གྲོངས་པ་དེ་ནི་སྡིག་ཉེས་ཀྱི་དབང་ནས་རྒྱལ་རྒྱུ་ཆེད་དུ་ལན་མ་གཅིག་གྲོངས་པི་དིག ད་ཁོང་གསོན་པོ་འཚོ་བ་དེ་ཟང་དཀོན་མཆོག་ཐུགས་མཉེས་རྒྱུ་ཆེད་དུ་ཡིན་དིག 11འོ་དེ་ཅོག་འདྲ། ཁྱེད་ཀྱ་ཟང་སྡིག་པའི་དབང་འོག་ལེ་མ་ལུས་པི་དིང་། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་དཀོན་མཆོག་ཐུགས་མཉེས་རྒྱུ་ཆེད་དུ་གསོན་པོ་ཡིན་དི་རྩིས་ཤིག
12འོ་དེ་ལེ་བརྟེན་ཏེ། ལུས་ཀྱི་འདོད་ཆགས་ཀྱི་དབང་འོག་ལེ་མི་འགྲོ་བའི་ཆེད་དུ། སྡིག་ཉེས་ཀྱིས་ཁྱེད་ཀྱ་ཀྱི་མི་རྟག་པའི་ལུས་པོ་དེ་ལེ་དབང་འཛིན་བགྱིད་དུ་མ་འཇུག 13ཁྱོད་ཀྱི་ལུས་པའི་ཡན་ལག་དེ་དྲང་བདེན་མེད་མེད་དོན་ལེ་བེད་སྤྱོད་གཏོང་རྒྱུ་ལག་ཆ་ཅོག་འདྲ་མ་གཏོད་ཅིག ཡིན་ནའང་། འཆི་བ་ནས་ཡང་དང་གསོན་པོ་བྱུང་པི་ཅོག་འདྲ། ཁྱེད་ཀྱ་ཀྱིས་རང་སོ་སོ་དཀོན་མཆོག་ལེ་ཕུལ་ཏེ། ལུས་ཀྱི་ཡན་ལག་དེ་ཀྱ་ཟང་ཡང་དག་པའི་བརྒྱུད་ནས་དཀོན་མཆོག་ལེ་ཕུལ་ཞིག 14ཅི་ལེ་ཟེར་ནི། ཁྱེད་ཀྱ་ཆོས་ཁྲིམས་ཀྱི་དབང་འོག་ལེ་མེད་དིག ཐུགས་རྗེ་གཟིགས་སྐྱོང་གི་ནང་ལེ་འོད་ཕེན། སྡིག་ཉེས་ཀྱིས་ཁྱེད་ཀྱ་ལེ་དབང་འཛིན་བགྱིད་མི་ནུས་འོད་དིག
སྡིག་ཉེས་ཀྱིས་ཁྱེད་ཀྱ་ལེ་དབང་འཛིན་བགྱིད་མི་ནུས་པའི་སྐོར།
15འོ་ནེ། ད་ཆོས་ཁྲིམས་ཀྱི་དབང་འོག་ལེ་མེད་དི་ཐུགས་རྗེ་གཟིགས་སྐྱོང་གི་ནང་ལེ་འོད་ཕེན་སྡིག་པ་བགྱིད་ཀྱི་དས། དེ་གི་རྩ་བ་ནས་བགྱིད་མི་ཆོག་འོད་དིག 16བཀའ་ཅི་གི་ཞིག་གི་དབང་འོག་ཏུ་རང་སོ་སོ་བོར་རྒྱུ་དེ་ནི། བཀའ་དེའི་ཚེ་གཡོག་ཡིན་དི་ཁྱེད་ཀྱ་ཀྱིས་ཧ་གོ་གོ་བ་ཡིན་དིག སྡིག་པའི་ཚེ་གཡོག་བྱས་པའི་འབྲས་བུ་དེ་ནི་ཤི་རྒྱུ་ཡིན་དི་དིང་། ཡང་བཀའ་ལེ་ཉན་པའི་ཚེ་གཡོག་བྱས་པའི་འབྲས་བུ་དེ་ནི། དཀོན་མཆོག་ཐུགས་མཉེས་པའི་སྤྱོད་ལམ་བཟང་པོ་ཞིག་ཡིན་དིག 17སྔོན་མ་སྡིག་པའི་ཚེ་གཡོག་བྱས་ནའང་། ད་ལྟ་ཁྱེད་ཀྱ་ལེ་བསྟན་པའི་བསླབ་བྱ་དེ་ནི། རང་གི་སེམས་གཏིང་ནས་ཁས་བླངས་པའི་རྐྱེན་གྱིས་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུ་འོད། 18ད་ཁྱེད་ཀྱ་ནི་སྡིག་པ་ནས་ཐར་ཏེ། ད་ལྟ་དྲང་བདེན་གྱི་ཚེ་གཡོག་ལེ་གྱུར་པི་དིག 19ཁྱེད་ཀྱ་ཀྱི་ཤེས་རྟོགས་ཀྱི་ནུས་པ་དེ་སྐྱོ་མོ་ཡིན་ཕེན། ངས་མིའི་བཤད་སྲོལ་ཅོག་འདྲ་བྱས་ཏེ་ཁྱེད་ཀྱ་ལེ་ལབ་གླེང་བགྱིད་འོད། སྔོན་མ་ཁྱེད་ཀྱ་ཀྱིས་རང་གི་ལུས་ཀྱི་ཡན་ལག་ཀྱ་མི་གཙང་བ་དིང་། ཁྲིམས་མེད་ལུགས་མེད་ཀྱི་ཚེ་གཡོག་བགྱིད་རྒྱུ་དོན་ལེ་གཏད་ཕེན། སྡིག་ཉེས་ཀྱི་ལས་མང་དུ་འཕེལ་ལི་དིག ད་ལྟ་དམ་པ་འགྱུར་བའི་ཆེད་དུ། ཡང་རང་གི་ཡན་ལག་དེ་ཀྱ་དྲང་བདེན་གྱི་ཚེ་གཡོག་ལེ་ཕུལ་ཞིག 20ཁྱེད་ཀྱ་སྡིག་ཉེས་ཀྱི་ཚེ་གཡོག་ཡིན་རྒྱ། དྲང་བདེན་གྱི་དབང་བསྒྱུར་འོག་ནས་བྲལ་འོད་དིག 21འོ་དེ་ལེ་བརྟེན་ཏེ། ད་ལྟ་ཁྱེད་ཀྱ་ཀྱིས་ངོ་ཚ་ཆེན་པོ་བརྩིས་པའི་དོན་དེ་ཀྱ་ནས་ཕན་ཐོགས་ཅི་ཞིག་ཐོབ་བྱུང་གོ། དེའི་འབྲས་བུ་ཀྱ་ནི་ཤི་རྒྱུ་དེ་ཡིན་དིག 22ཡིན་ནའང་། ད་ལྟ་ཁྱེད་ཀྱ་སྡིག་ཉེས་ནས་ཐར་བ་ཐོབ་སྟེ་དཀོན་མཆོག་གི་ཚེ་གཡོག་བགྱིད་འོད་ཕེན། ཁྱེད་ཀྱ་ལེ་དམ་པ་འགྱུར་བའི་འབྲས་བུ་ཐོབ་འོད་དིག དེའི་མཇུག་མཐའ་མའི་འབྲས་བུ་དེ་ནི་མཐའ་མེད་པའི་ཚེ་སྲོག་དེ་ཡིན་དིག 23འོ་དེ་ལེ་བརྟེན་ཏེ། སྡིག་ཉེས་ཀྱི་གླ་ཆ་ནི་འཆི་བ་ཡིན་དིག ཡིན་ནའང་། དཀོན་མཆོག་གིས་གནང་པའི་རིན་མེད་ཀྱི་བྱ་དགའ་དེ་ནི། འུ་ཀྱ་ཀྱི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་མཐའ་མེད་མེད་ཚེ་སྲོག་དེ་ཡིན་དིག །

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in