YouVersion Logo
Search Icon

རོ་མཱ་པ། 16

16
ལེའུ་བཅུ་དྲུག
ཕོལ་ལོལ་གྱིས་མཇུག་མཐའ་མའི་འཚམས་འདྲི་ཞུ་བ།
1ངས་ཁྱེད་ཀྱ་ལེ་འུའི་ཆོས་གྲོགས་སྤུན་ཕོ་སྦེ་མོའི་དོན་ལེ་བསྟོད་ར་གཏོང་གྱོ་འོད། མོ་རང་ནི་ཀེན་གྲེ་་རྒྱལ་སའི་ཆོས་ཚོགས་ཀྱི་ལས་འཛིན་ཞིག་ཡིན་དི་མ་ཟད། 2ཁྱེད་ཀྱ་ཀྱིས་ཟང་དཀོན་མཆོག་གི་མི་ཀྱ་ལེ་བགྱིད་འོས་པའི་ལུགས་དིང་མཐུན་པར་བྱས་ཏེ། མོ་ལེ་ཇོ་བོ་ཡེ་ཤུ་ནང་ལེ་སྣེ་ལེན་དགའ་མོ་གྱིས་ཤིག མོས་སྔོན་མ་མི་མང་པོ་ལེ་རོགས་རམ་བྱས་པི་དིང་། ཡང་ང་ལེ་ཟང་རོགས་རམ་བྱས་བྱུང་། མོ་ལེ་རོགས་རམ་ཅི་ཞིག་དགོས་པ་འོད་ནི། ཁྱེད་ཀྱ་ཀྱིས་མོ་ལེ་རོགས་རམ་བགྱིད་རོགས།
3ཕུར་སི་ལཱ་མོ་ལེ་དིང་། ཡང་ཨ་ཀུ་ལཱ་ཁོ་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག ཁོ་གཉིས་ནི་སྐྱབས་མགོན་ཡེ་ཤུའི་ནང་དུ་ངའི་ལས་རོགས་ཡིན་དི་མ་ཟད། 4ཁོ་གཉིས་ཀྱིས་ངའི་དོན་དུ་རང་སྲོག་བློས་གཏོང་རྒྱུ་ལེ་འཛེམས་སྣང་མ་བྱས་པི་དིག ངས་ཁོ་གཉིས་ལེ་བཀའ་དྲིན་ཆེ་ཞུ་འོད་དི་མ་ཟད། ཡ་ཧུ་དཱ་པ་མིན་པའི་ཆོས་ཚོགས་ཀྱ་ཀྱིས་ཟང་། ཁོ་གཉིས་ལེ་བཀའ་དྲིན་ཆེ་ཞུ་འདུག 5ཡང་ཁོ་གཉིས་ཀྱི་ཁྱིམ་ལེ་འོད་ཡོད་ཆོས་ཚོགས་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག ངའི་བརྩེ་བའི་རོགས་པོ་ཨེ་པེ་ནེ་ཏི་ཁོ་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག ཁོ་རང་ནི་ཨེ་ཞེ་ཡཱ་ལུང་པ་ནས་སྐྱབས་མགོན་ཡེ་ཤུ་ལེ་དད་པ་བགྱིད་མཁན་དང་པོ་དེ་ཡིན་དིག 6ཡང་མིར་ཡམ་ལེ་ཟང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག མོས་ཁྱེད་ཀྱ་ཀྱི་དོན་ལེ་དཀའ་ངལ་མྱངས་པི་དིག 7ངའི་ཡུལ་མི་གཅིག་པ་ཡིན་དི་མ་ཟད། བཙོན་རོགས་པ་ཨན་དྲོ་ནེ་ཀུ་དིང་། ཡུན་ཡཱ་ཁོ་གཉིས་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག ཁོ་གཉིས་ནི་སྐུ་ཚབ་ཀྱ་ནང་ནས་མིང་སྙན་གྲགས་འོད་དི་མ་ཟད། ངའི་སྔོན་ལེ་སྐྱབས་མགོན་ཡེ་ཤུ་ལེ་དད་པ་བགྱིད་མཁན་ཞིག་ཡིན་དིག 8ཇོ་བོའི་མཚན་ནང་ལེ་ངའི་བརྩེ་བའི་རོགས་ཨམ་པི་ལི་ཡཱ་ཊོ་ཁོ་རང་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག 9སྐྱབས་མགོན་ཡེ་ཤུའི་དོན་ལེ་འུ་ཀྱ་ཀྱི་སྐྱེན་ལེ་ལས་རོགས་བགྱིད་མཁན་སྤུན་ཟླ་ཨུར་པཱ་ནོ་སི་དིང་། ངའི་བརྩེ་བའི་རོགས་པོ་སིར་ཏི་ཁོ་གཉིས་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག 10སྐྱབས་མགོན་ཡེ་ཤུའི་ནང་ལེ་གདེང་ཚོད་འོད་ཡོད་ཨ་པེལ་ཨ་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག ཡང་ཨ་རི་སི་ཏི་བུལ་གྱི་ཁྱིམ་མི་ཀྱ་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག 11ངའི་ཡུལ་མི་གཅིག་པ་ཧེ་རོད་ཡོན་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག ཡང་ཇོ་བོ་ཡེ་ཤུ་ལེ་དད་པ་བགྱིད་མཁན་ནར་ཀིས་ཀྱི་ཁྱིམ་ཀྱ་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག 12ཇོ་བོའི་ལས་དོན་ལེ་བརྩོན་འགྲུས་བགྱིད་མཁན་ཏྲི་ཕེ་ནཱ་དིང་། ཏྲི་ཕོ་སཱ་མོ་གཉིས་ལེ། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག ཡང་ཇོ་བོའི་ལས་དོན་གྱི་ཆེད་དུ་བརྩོན་འགྲུས་འཇུ་གུ་བགྱིད་མཁན་ངའི་བརྩེ་བའི་རོགས་མོ་པེར་སི་མོ་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག 13ཇོ་བོས་བདམས་གནང་བའི་རུ་ཕུ་དིང་ཁོའི་ཨ་མ་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག ཁོའི་ཨ་མ་ནི་ངའི་ཨ་མ་ཅོག་འདྲ་ཡིན་དིག 14ཨ་སིན་ཀྲི་ཏི་དིང་། ཕེ་ལེ་ཀོན། ཧེར་མཱེ། པ་ཏྲོ་པཱ། ཧེར་མཱ་ཁོང་ཀྱ་དིང་། ཡང་ཁོང་ཀྱ་དིང་སྐྱེན་ལེ་འོད་ཡོད་ཆོས་གྲོགས་སྤུན་ཟླ་ཀྱ་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག 15ཕི་ལོ་ལོ་གུ་དིང་ཡུ་ལི་ཡཱ། ནེ་རེ་དིང་ཁོའི་སྲིང་མོ། ཨོ་ལིམ་པཱ་དིང་། ཡང་ཁོང་ཀྱ་དིང་སྐྱེན་ལེ་འོད་ཡོད་དད་པ་བགྱིད་མཁན་ཡེ་རེ་ལེ་ཟང་། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་ཤིག 16ཁྱེད་ཀྱ་ཀྱིས་ཕན་ཚུན་བར་ལེ་སྐྱབས་མགོན་ཡེ་ཤུའི་བྱམས་སེམས་ཀྱི་བརྒྱུད་ནས་གཅིག་གིས་གཅིག་ལེ་འཚམས་འདྲི་ངང་ནས་དབུ་གཏུག་གྱིས་ཤིག#16.16 གེ་རིག་གི་ལུགས་སྲོལ་ནང་ལེ་མི་ཕན་ཚུན་བར་ལེ་འཚམས་འདྲི་བགྱིད་རྒྱ། དབུ་གཏུག་མི་བགྱིད་འོད་དིག དེའི་ཚབ་ལེ་ཕན་ཚུན་གཅིག་གིས་གཅིག་ལེ་འཐམ་རེ་བྱས་ཏེ་འོ་འབྱོར་གྱོ་འོད་དིག ཡང་དེའི་དོན་དག་དེ་ནི། མི་ཕན་ཚུན་བར་ལེ་མཐུན་འབྲེལ་བཟང་པོ་འོད་དི་རྟགས་ཤིག་ཡིན་དིག སྐྱབས་མགོན་ཡེ་ཤུའི་ཆོས་ཚོགས་ཡེ་རེས་ཟང་། ཁྱེད་ཀྱ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འདུག
17ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། ཁྱེད་ཀྱ་ཀྱིས་སྦྱངས་པའི་བསླབ་བྱ་དེ་ལེ། འགེག་རྒོལ་བགྱིད་མཁན་མི་ཀྱ་ཀྱིས་ཁྱེད་ཀྱ་ཀྱི་སེམས་དཀྲུགས་པི་མ་ཟད། ཁྱེད་ཀྱ་ལེ་བར་ཆད་གཏོང་མཁན་མི་ཀྱ་ལེ་དོགས་ཟོན་ངང་ནས་གཡོལ་ཞིག་ཟིན་ངས་སྐུལ་མ་གཏོང་གྱོ་འོད། 18ཅི་ལེ་ཟེར་ནི། འོ་དེ་ཅོག་འདྲ་བགྱིད་མཁན་མི་ཀྱ་ཀྱིས་འུའི་སྐྱབས་མགོན་ཇོ་བོ་ལེ་ཞབས་ཕྱི་མི་ཞུ་འོད་དིག རང་གི་འདོད་པ་ཅི་འོད་ཡོད་དེའི་དོན་ལེ་པ་རྐྱང་ཞབས་ཕྱི་རྒྱུགས་གི་མ་ཟད། ངན་པའི་སྐོར་ལེ་ཆ་རྒྱུས་མེད་མེད་མི་དེ་ཀྱ་ལེ། ཁ་ཚིག་འཇམ་པོས་ངང་ནས་མགོ་སྐོར་གཏོང་གྱོ་འོད་དིག 19ཁྱེད་ཀྱ་ཀྱིས་དཀོན་མཆོག་གི་བཀའ་ལེ་ཉན་པའི་ལོ་རྒྱུས་དེ་ནི། མི་ཡེ་རེ་ལེ་བཤད་འོད་ཕེན། ང་དགའ་རི་བྱུང་ནའང་། ངའི་རེ་བ་ལེ། ཁྱེད་ཀྱ་བཟང་པོའི་ཆ་ནས་མཁས་པ་དིང་། ཡང་ངན་པའི་སྐོར་ལེ་ཆ་རྒྱུས་མེད་མེད་འོང་རྒྱུ་འདོད་པ་འོད། 20ཞི་བདེ་གནང་མཁན་དཀོན་མཆོག་གིས་དུས་ཡུན་རིང་པོ་མ་འགོར་རི་བདུད་སཱ་ཏན་དེ། ཁྱེད་ཀྱ་ཀྱི་རྐང་པའི་འོག་ཏུ་བརྫི་རུ་འཇུག་གྱི་དིག འུ་ཀྱ་ཀྱི་སྐྱབས་མགོན་ཡེ་ཤུའི་ཐུགས་རྗེ་གཟིགས་སྐྱོང་དེ། ཁྱེད་ཀྱ་དིང་སྐྱེན་ལེ་གནས་པར་ཤོག 21ངའི་ལས་རོགས་ཐི་མོ་ཐེ་དིང་། ངའི་ཡུལ་མི་གཅིག་པ་ལོ་ཀེ་ཨོ་དིང་། ཡཱ་སོན། སོ་སི་པཱ་ཏོ་ཁོང་ཀྱ་ཀྱིས་ཟང་། ཁྱེད་ཀྱ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འདུག 22ཕོལ་ལོལ་གྱིས་སྨྲས་པི་ཡེ་རེ་ཡི་གེ་ལེ་འབྲི་མཁན་ཏེར་ཏི་ཡུ་ངས་ཟང་ཇོ་བོའི་བརྒྱུད་ནས། ཁྱེད་དད་པ་བགྱིད་མཁན་ཡེ་རེ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འོད། 23ང་དིང་ཆོས་ཚོགས་ཀྱི་སྤུན་ཟླ་ཡེ་རེ་ལེ་སྣེ་ལེན་བགྱིད་མཁན་ག་ཡུ་ཁོས་ཟང་། ཁྱེད་ཀྱ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འདུག རྒྱལ་སའི་ནང་ལེ་དངུལ་གཉེར་བགྱིད་མཁན་ཨེ་ར་སི་ཏི་ཁོ་རང་དིང་། ཡང་སྤུན་ཟླ་ཁུ་ཨར་ཏི་ཁོས་ཟང་། ཁྱེད་ཀྱ་ལེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་འདུག 24#16.24 སྐུ་ཚབ་ཕོལ་ལོལ་གྱིས་རོ་མཱ་པ་ཀྱ་ལེ་བྲིས་པའི་ཡི་གེ་འདིའི་ནང་ལེ་ཨང་ 24 མེད་དིག འུ་ཀྱ་ཀྱི་ཇོ་བོ་སྐྱབས་མགོན་ཡེ་ཤུའི་ཐུགས་རྗེ་གཟིགས་སྐྱོང་དེ་ཁྱེད་ཀྱ་ལེ་གནས་པར་ཤོག
མཇུག་མཐའ་མའི་བསྟོད་ཚིག
25ཡང་མཇུག་ཏུ་སྐྱབས་མགོན་ཡེ་ཤུའི་སྐོར་ལེ་ངས་བཤད་དི་སྐྱབས་མགོན་ཡེ་ཤུའི་གཏམ་བཟང་དིང་། དཀོན་མཆོག་གིས་སྔོན་མ་སྦས་གནང་བའི་བདེན་པ་དེ་རིང་ཅོག་འདྲ། ཁོང་གིས་ཁྱེད་ཀྱ་ཀྱི་དད་པའི་སེམས་ཟང་དེ་བརྟན་པོ་བཟོ་མཛད་ཐུབ་པི་མ་ཟད། 26སྦས་གནང་བ་དེ་ནི་ད་ལྟ་བདེན་པ་མངོན་གསལ་བྱུང་སྟེ། ཐོག་མཐའ་མེད་པའི་དཀོན་མཆོག་གི་བཀའ་དིང་ཅོག་འདྲ། ལུང་སྟོན་པ་ཀྱ་ཀྱི་མདོ་བརྒྱུད་ནས་མི་རིགས་ཀུན་ལེ་བསྟན་གནང་པི་དིག དེ་ནི་མི་རིགས་ཀུན་གྱིས་དད་པ་སྐྱེས་ཏེ། ཁོང་གི་བཀའ་ལེ་ཉན་རྒྱུ་ཆེད་དུ་ཡིན་དིག 27ཀུན་མཁྱེན་དཀོན་མཆོག་གཅིག་རང་ཁོང་ལེ། སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་དུས་གཏན་དུ་གཟི་བརྗིད་འོང་བར་ཤོག ཨ་མེན། ། ། །

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in