YouVersion Logo
Search Icon

མཛད་པ། 21

21
ལེའུ་ཉི་ཤུ་རྩ་གཅིག
ཕོལ་ལོལ་​ཡེ་​རུ་ས་གླིང་​རྒྱལ་ས་​ལེ་​འགྲོ་བ།
1དེ་ནས་ཉེད་​ཀྱ་​ཆོས་ཚོགས་​ཀྱི་འགན་འཁུར་པ་ཀྱ་​དིང་​ཁ་​གྱེས་​པའི་རྗེས་ལེ། གྲུ་གཟིངས་​ལེ་​བཞོན་​ཏེ་​ཤར་རེ་ཀོ་ཟི་​ཟེར་​རི་​གླིང་ཕྲན་​ལེ་ཕྱིན་​དི་​ཡིན། དེའི་​སྔ་དྲོ་​རའོ་ཏི་​ཟེར་​རི་​གླིང་ཕྲན་ནས་ཐོན་ཏེ་​པཱ་ཏ་རཱ་​ཟེར་​རི་​རྒྱལ་ས་​ལེ་​སླེབས་སོང་​། 2དེ་རུ་ཕེ་ནི་ཀེ་​ཟེར་​རི་​ལུང་པ་​ལེ་​འགྲོ་​མཁན་​གྲུ་གཟིངས་​ཞིག་​ཐུག་​ཕེན། གྲུ་གཟིངས་དེ་ལེ་བཞོན་ཏེ་​ཉེད་ཀྱ་ཕྱིན་​དི་​ཡིན། 3ཡང་ལམ་ཀ་​ལེ། ཀིབ་རུ་་​ཟེར་​རི་​གླིང་ཕྲན་​མཐོང་ས་ནས་དེའི་གཡོན་ཕྱོགས་ཀྱི་སི་རི་ཡཱ་​ལུང་པ་​ལེ་​ཕྱིན་ཏེ། ཐཱ་ཨེར་​ཟེར་​རི་​རྒྱལ་ས་​ལེ་​སླེབས་​ཕེན། ཉེད་​ཀྱ་​ཀྱི་བཞོན་སའི་​གྲུ་གཟིངས་​དེའི་​ནང་​ལེ་​ཚོང་ཟོག་​འོད་ཡོད་​ཡེ་རེ་​རྒྱལ་ས་​དེ་རུ་​འདོན་​དགོས་​འོད་​ཕེན། ཉེད་​ཀྱ་​ཟང་​དེ་​རུ་​བབས་​པི་​ཡིན། 4དེ་ནས་​ཉེད་​ཀྱ་​ཀྱིས་​རྒྱལ་ས་དེའི་ནང་ལེ་​ཡེ་ཤུའི་​རྗེས་འབྲང་པ་​ཀྱ་​བཙལ་​ཏེ་​རྙེད་​ཕེན། ཁོང་ཀྱ་ཀྱི་​སྐྱེན་​ལེ་​ཉིན་མ་​བདུན་​བསྡད་​དི་​ཡིན། དེ་ནས་ཁོང་​ཀྱ་​ཀྱིས་​དམ་པའི་ཐུགས་ཉིད་​ཀྱི་​བརྒྱུད་ནས་​ཕོལ་ལོལ་ལེ། ཁྱེད་རང་ཡེ་རུ་ས་གླིང་​རྒྱལ་ས་​ལེ་​མ་འགྲོ་ཟིན་​ནན་ཏན་​བྱས་​ཏེ་​ཞུ་བ་ཕུལ་ལི་​དིག 5ཡང་དེའི་རྗེས་ལེ་ཉེད་​ཀྱ་​འགྲོ་རྒྱ། དད་པ་​བགྱིད་​མཁན་​ནང་ཚང་​དིང་ཕྲུ་གུ་ཡེ་རེས་ཉེད་​ཀྱ་​ལེ་​རྒྱལ་སའི་​ཕྱི་ལེ་འོད་ཡོད་​རྒྱ་མཚོའི་​འགྲམ་དུ་​བསྐྱལ་​རོགས་​བྱས་​པི་མ་ཟད། ཉེད་​ཀྱ་ཀྱིས་​དེ་​རུ་​པུས་མོ་​ས་ལེ་བཙུགས་​ཏེ། དཀོན་མཆོག་​ལེ་​གསོལ་བ་​བཏབ་​པི་རྗེས་ལེ་ཉེད་ཀྱ་​ཁ་​གྱེས་​ཏེ། 6གྲུ་གཟིངས་​དེ་​ལེ་​བཞོན་​ཏེ་​ཉེད་ཀྱ་ཕྱིན་དི་ཡིན། ཁོང་​ཀྱ་​ནི་ཕ་ལེ་རང་འཇགས་སོ་སོའི་​ཁྱིམ་​ལེ་​ལོག་​པི་དིག 7དེ་ནས་ཉེད་​ཀྱ་ཐཱ་ཨེར་​ཟེར་​རི་​རྒྱལ་སའི་​རྒྱ་མཚོའི་ལམ་གྱི་བ​རྒྱུད་​ནས། ཕེ་ཏོ་ལེ་མཱ་​ཟེར་​རི་​རྒྱལ་ས་ལེ་​སླེབས་​སོང་། ཡང་ས་ཆ་​དེའི་​ཆོས་གྲོགས་སྤུན་ཟླ་ཀྱ་ལེ་​འཚམས་འདྲི་​ཞུས་​ཏེ། ཁོང་​ཀྱ་​དིང་​སྐྱེན་​ལེ་​ཉིན་​མ་གཅིག་​བསྡད་​དི་​ཡིན། 8དེའི་​སྔ་དྲོ་​ཉེད་​ཀྱ་​ས་ཆ་​དེ་ནས་ཐོན་ཏེ། ཀེ་སར་​ཡཱ་​ཟེར་​རི་​རྒྱལ་ས་​ལེ་​སླེབས་​པི་​དིང་​། ཇོ་བོ་​ཡེ་ཤུའི་​གཏམ་བཟང་​ཤོད་​མཁན་​ཕི་ལིབ་​ཀྱི་​ཁྱིམ་​ལེ་​ཕྱིན་ཏེ་​བསྡད་​དི་​ཡིན།#21.8 ཕི་ལིབ་​ཁོ་རང་ནི། དེ་​སྔོན་​དད་པ་​བགྱིད་​མཁན་​ཀྱ་​ཀྱིས་​འགོ་​འཛིན་​བདུན་​བདམས་པའི་ནང་​ནས་​ཞིག་​ཡིན་​དིག ཡང་དེ་མ་ཟད་སྐུ་ཚབ་ཀྱ་ཀྱི་མཛད་པ་ལེའུ་ 6 ཨང་ 1-7 ནང་ལེ་གཟིགས་རོགས། 9ཁོ་རང་​ལེ་​ལུང་​སྟོན་​མཁན་​བུ་མོ་ན་ཆུང་སྤུན་​བཞི་​འོད་དིག 10-11ཉེད་ཀྱ་​དེ་རུ་​ཉིན་​ཁ་ཤས་​སྡོད་​རྒྱ། ཨ་གཱ་པུ་​ཟེར་མཁན་​ལུང་སྟོན་པ་​ཞིག་​ཡ་ཧུ་དཱ་ལུང་པ་​ནས་​ཉེད་​ཀྱ་​འོད་​ས་​ལེ་​སླེབས་​བྱུང་​། དེ་ནས་མི་ཁོས་​ཕོལ་ལོལ་​གྱི་​སྐ་བོ་དེ་བླངས​་ཏེ། ཁོས་རང་གིས་རང་ལེ་རྐང་ལག་​དེ་བསྡམས་​ཏེ། དམ་པའི་ཐུགས་ཉིད་​ཀྱི་བརྒྱུད་ནས་ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​སྐ་བོ་​འདིའི་བདག་པོ་ལེ་​ཟང་​། འོ་འདི་གི་​བྱས་​ཏེ་​བསྡམས་​ཏེ་​ཕྱིའི་མི་​ཀྱ་​ཀྱིས་​ལག་​ལེ་གཏོད་​ཀྱི་​དིག་​ཟིན་ལུང་བསྟན་པི་དིག་ཟིན་སྨྲས་པི་དིག 12དེ་ནས་ཉེད་​ཀྱ་​དིང་​ཡང་ཡུལ་དེའི་​མི་​ཀྱ་​ཀྱིས་​ལུང་བསྟན་​འདི་ཐོས་​པི་​རྗེས་​ལེ། ཉེད་ཡེ་རེས་ཕོལ་ལོལ་ལེ་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་​མ་​འགྲོ་​ཟིན་​ཞུ་བ་​ནན་ཏན་​བྱས་ནའང་​། 13ཕོལ་ལོལ་​གྱིས་ཅི་ལེ་ཁྱེད་ཡེ་རེས་ངུས་​ཏེ། ངའི་​སེམས་​སྐྱོ་​རུ་​འཇུག་གི་དོ། ཇོ་བོ་ཡེ་ཤུའི་​དོན་​ལེ་​མི་​གཞན་​གྱིས་​ང་​ལེ་བཙན་བཟུང་བགྱིད་དི་མ་ཟད​། ཡང་ཡེ་རུ་ས་གླིང་​རྒྱལ་ས་ལེ་​ངས་རང་གི་སྲོག་འདི་བློད་གཏོང་​དགོས་​བྱུང་​ནའང་​འགྱོད་པ་​སྤུ་​ཙམ་ཟང་མེད་​སྨྲས་​པི་​དིག 14དེ་ནས་ཉེད་ཀྱ་ཀྱིས་ཕོལ་ལོལ་གྱི་སེམས་བསྒྱུར་བ་གཏོན་ཐུབ་རྒྱུ་མེད་དི་ཧ་གོ་ཕེན། འུ་​ཐུག་​སྟེ། ཇོ་བོ་​དཀོན་མཆོག་​གི་​ཐུགས་དགོངས་​ཅོག་འདྲ་​འགྲུབ་པར་ཤོག་སྨྲས་ཏེ་ཁ་བཙུམས་ཏེ་བསྡད་དི་ཡིན།
15ཡང་​ཉིན་མ་​དེའི་​རྗེས་​ལེ། ཉེད་​ཀྱ་​ཀྱིས་​ལམ་​ལེ་​དགོས་ཆེད་ཡེ་རེ་​གྲ་སྒྲིག་​བྱས་​ཏེ་​ཡེ་རུ་ས་གླིང་​ལེ་འགྲོ་རྒྱ། 16ཀེ་སར་ཡཱ་​རྒྱལ་སའི་​ནང་​ལེ་​འོད་ཡོད་​དད་པ་​བགྱིད་​མཁན་​ཁ་ཤས་​ཟང་​། ཉེད་​ཀྱ་​ཀྱིས་​སྐྱེན་​ལེ་​འོངས་ཏེ། ཁོང་​ཀྱ་​ཀྱིས་​ཉེད་​ཀྱ་ཀིབ་རུ་གླིང་ཕྲན་​ནས་ཡིན་དི་ནཱ་ཟོན་​ཟེར་མཁན་ཁོའི་​ཁྱིམ་​ལེ་​སྡོད་​རྒྱུ་​ཆེད་དུ་​འཁྲིད་​བྱུང་​། ཁོ་རང་​ནི་​སྔོན་མ་​ནས་​དད་པ་​བགྱིད་​མཁན་​ཞིག་ཡིན་དིག
ཕོལ་ལོལ་ཡེ་རུ་ས་གླིང་ལེ་སླེབས་པ།
17ཉེད་​ཀྱ་​ཡེ་རུ་ས་གླིང་​རྒྱལ་ས་​ལེ་སླེབས་​རྒྱ​། རྒྱལ་ས་​དེའི་​ནང་ལེ་འོད་ཡོད་​དད་པ་​བགྱིད་​མཁན་​སྤུན་ཟླ་ཀྱ་ཀྱིས་​དགའ་སྤྲོས་​ངང་​ནས་​ཉེད་ཀྱ་​ལེ་​བསུས་བྱུང་​། 18དེའི་​སྔ་དྲོ་​ཕོལ་ལོལ་​དིང་​ཉེད་​ཀྱ་​སྐྱེན་​ལེ་​ཡ་ཀོབ་​འོད་​ས་​ལེ་​ཕྱིན་​དི་ཡིན། དེ་རྒྱ་ཆོས་ཚོགས་​ཀྱི་​འགན་འཁུར་པ་​ཡེ་རེ་ཟང་​དེ་རུ་​འཛོམས་​འོད་དིག 19ཕོལ་ལོལ་​གྱིས་​དེ་རུ་འཛོམས་པའི་མི་དེ་​ཀྱ་​ལེ་འཚམས་འདྲི་ཞུས་ཏེ། དཀོན་མཆོག་​གིས་​ཕོལ་ལོལ་​གྱི་ལས་ཀ་​བརྒྱུད་​ནས་​ཕྱིའི་མི་ཀྱ་ནང་ལེ་དོན་​ཅི་​མཛད་པ་ཡེ་རེ་​རིམ་པ་བཞིན་དུ་​བཤད་དི་​དིག 20ཡང་འགན་འཁུར་པ་​ཀྱ་ཀྱིས་ལབ་དེ་​ཐོས་​ཕེན། དཀོན་མཆོག་​ལེ་​བསྟོད་​པ་ཕུལ་​ཏེ། ཕོལ་ལོལ་​ལེ། ཨ་ཇོ། ལྟོས་དང་། འདི་རུ་ཟང་ཡ་ཧུ་དཱ་པ་ཁྲི་ཕྲག་མང་པོས་ཇོ་བོ་​ཡེ་ཤུ་​ལེ་​དད་པ་​བགྱིད་​འོད་​དི་མ་ཟད​། མི་​དེ་​ཀྱ་ཀྱིས་བརྩོན་སེམས་བརྒྱུད་ནས་​ལུང་སྟོན་པ་​མོ་ཤེའི་​ཆོས་ཁྲིམས་​སྲུང་​གྱོ་​འོད་དིག 21ཕྱིའི་མི་སྐྱེན་ལེ་སྡོད་མཁན་ཡ་ཧུ་དཱ་པ་​ཀྱ་​ལེ། ལུང་སྟོན་པ་མོ་ཤེའི་​ཆོས་ཁྲིམས་​དེ་སྤངས་ཏེ། ཕྲུ་གུ་​ཀྱ་​ཀྱི་​ཕོ་མཚན་གྱི་རྩེ་​ལྤགས་གཅོད་​རྒྱུ་ལུགས་སྲོལ་​དེ་སྲུང་​དགོས་​མེད་དིག་​སྨྲས་​པའི་ལབ་དེ་ནི། དད་པ་བགྱིད་མཁན་ཡ་ཧུ་དཱ་པ་ཀྱ་​ཀྱིས་​ཐོས་​འདུག 22ཡ་ཧུ་དཱ་པ་དེ་ཀྱ་​ཀྱིས་ཁྱེད་རང་ད་ལྟ་​འདི་རུ་​སླེབས་​འོད་​དི་​ཧ་གོ་འོད་དིག ད་​འུ་​ཀྱ་​ཀྱིས་ཅི་​གི་​བགྱིད་​རྒྱུ་​དོ། 23དེ་​ལས་​ཁྱེད་རང་​ཉེད་​ཀྱ་​ཀྱིས་​སྨྲས་​པི་​ཅོག་འདྲ་​གྱིས། ཉེད་ཀྱ་ཀྱི་ནང་ལེ་དཀོན་མཆོག་​ནས་​སྡོམ་པ་ཞུས་པའི་​མི་​བཞི་​འོད། 24ཁྱེད་རང་སྡོམ་པ་​ཞུས་ཚར་རི་མི་​བཞི་པོ་དེའི་སྐྱེན་ལེ། ཁྱོད་ཀྱི་སྐྲ་བྲེགས་​ཏེ། ཆོས་ཁྲིམས་​ཅོག་འདྲ་​གཙང་སྦྲ་​གྱིས་ཤིག དེ་​མ་ཟད་​འགྲོ་སོང་​ཟང་​ཡེ་རེ་​ཟང་ཁྱེད་རང་གིས་གཏོད་ཅིག འོ་དེ་གི་​བྱས་​ནི་​མི་དེ་ཀྱ་ཀྱིས་​དེ་​སྔོན་​ཁྱོད་​ཀྱི་​སྐོར་​ལེ་​ཐོས་པའི་ལབ་​དེ་​བདེན་པ་​མ་དིག་​བསམ་གྱི་དིག ཡང་ཁྱོད་ཀྱིས་ཟང་ལུང་སྟོན་པ་​མོ་ཤེའི་​ཆོས་ཁྲིམས་​ཅོག་འདྲ་​སྲུང་​གྱོ་​འོད་​དི་​ཧ་གོ་​གྱི་​དིག 25ཡང་​ཇོ་བོ་​ཡེ་ཤུ་​ལེ་​དད་པ་​བགྱིད་​མཁན་​ཡ་ཧུ་དཱ་པ་མིན་པའི་ཕྱི་མི་​ཀྱ་​ཀྱི་​སྐོར་​ལེ་ཉེད་ཀྱ་ཀྱིས་ཐག་གཅོད་བྱས་ཏེ། ཁོང་ཀྱ་ཀྱིས་ལྷ་སྐུ་ལེ་ཕུལ་ལི་ཤ་དིང་། ཁྲག སྐེ་​བཀྱིགས་​ཏེ་​བསད་​དི་དུད་འགྲོའི་ཤ། བྱི་བོ་​དིང་བྱི་མོ་​བགྱིད་རྒྱུ་དེ་ལེ་འཛེམ་དགོས་འོད་དིག་ཟིན་ཡི་གེ་​ཞིག་བྲིས་ཏེ། སྔོན་མ་ནས་བཏང་ཚར་​ཡིན་​ཟིན་སྨྲས་​པི་​དིག 26ཡང་དེའི་​སྔ་དྲོ་​ཕོལ་ལོལ་གྱིས་མི་བཞི་པོ་དེ་འཁྲིད་དེ། མི་དེ་ཀྱ་ཀྱི་ཆེད་དུ། མཆོད་པ་འབུལ་རྒྱུ་དིང་། གཙང་སྦྲ་འགྲུབ་པའི་དུས་དེ་སླེབ་འགྲོ་འོད་དི་སྐོར་ལེ་ཡ་ཧུ་དཱ་པའི་མཆོད་པ་འབུལ་མཁན་ལེ་ཟེར་དུ་མཆོད་ཁང་ཆེན་མོའི་ནང་ལེ་བུད་དི་དིག
ཕོལ་ལོལ་​འཛིན་བཟུང་​བྱས་​པ།
27ཡང་གཙང་སྦྲའི་​ཉིན་མ་​བདུན་པོ་​དེ་​མཇུག་​རྫོགས་​འགྲོ་འོད་རྒྱ། ཨེ་ཞེ་ཡཱ་​ལུང་པ་​ནས་​འོངས་པའི་​ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ཕོལ་ལོལ་​ནི་མཆོད་ཁང་ནང་ལེ་​འོད་​དི་​མཐོང་​ཕེན། མི་ཚོགས་​ཀྱ་ལེ་ངན་བསྐུལ་བྱས་ཏེ་ཕོལ་ལོལ་​འཛིན་བཟུང་​བྱས་པི་མ་ཟད། 28སྐད་​ཆེན་པོས་​ངང་​ནས་ཡི་སི་ར་ཨེལ་​པའི་མི་ཀྱ། ཉེད་ཀྱ་​ལེ་​རོགས་​གྱིས་​ཤིག མི་​འདི་​ནི་​ཡུལ་​ཕྱོགས་​ཀུན་​གྱི་​མི་ཡེ་རེ་ལེ། འུའི་མི་རིགས་​དིང་། འུའི་ཆོས་ཁྲིམས། འུའི་གནས་མཆོག་འདི་ལེ་འགེག་རྒོལ་མཁན་ཞིག་ཡིན་དིག ཡང་​མི་འདིས་​གེ་རིག་གི་མི་​ཀྱ་ཟང་། འུའི་མཆོད་ཁང་​ལེ་ནང་​ལེ་འ​ཁྲིད་​འོངས་ཏེ། མི་འདིས་འུའི་གནས་མཆོག་འདི་བཙོག་སྒྲིབ་བཟོས་སོང་ཟིན་སྨྲས་​པི་​དིག 29ཡང་འདི་རུ་འོད་ཡོད་ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ཟང་། དེ་​སྔོན་​ཨེ་ཕེ་སི་​རྒྱལ་ས་ནས་ཡིན་དི་​ཏྲོ་ཕེ་མུ་​ཟེར་མཁན་ཁོ་རང་​། ཕོལ་ལོལ་​དིང་​སྐྱེན་​ལེ་​རྒྱལ་ས་​དེ་རུ་​འོད་​དི་​མཐོང་​ཕེན། ཕོལ་ལོལ་​གྱིས་​མི་དེ་​མཆོད་ཁང་​ནང་ལེ་​འཁྲིད་​འོངས་པི་དིག་​བསམས་​ཏེ་​འོ་འདི་གི་​སྨྲས་​པི་​དིག 30དེ་ནས་​རྒྱལ་ས་​ཡེ་རེ་​ལེ་​ཟིང་ཆ་​ལངས་ཕེན། མི་​ཡེ་རེ་​རྒྱུགས་​འོངས་ཏེ། ཕོལ་ལོལ་འཛིན་བཟུང་​བྱས་​པི་མ་ཟད། མཆོད་ཁང་​ནས་​ཕྱི་​ལེ་​དྲུད་​ལོང་​མེད། མཆོད་ཁང་​དེའི་རྒྱལ་སྒོ་​ཡེ་རེ་​བརྒྱབ་​པི་​དིག 31ཡང་མི་ཚོགས་​དེ་ཀྱ་ཀྱིས་​ཕོལ་ལོལ་​གསོད་​རྒྱུ་ཐབས་ཤེས་བགྱིད་རྒྱ། རོ་མཱའི་དམག་མི་​སྟོང་​དཔོན་ཁོས་ཡེ་རུ་ས་གླིང་​རྒྱལ་ས་​ཡེ་རེ་​ལེ་​ཟིང་ཆ་​བྱུང་བའི་གནས་ཚུལ་ཐོས་ཕེན​། 32ཁོས་​ལམ་བཟང་​དམག་མི་​བརྒྱ་དཔོན་​ཁ་ཤས་​དིང་​། ཡང་དེ་མིན་དམག་མི་ཀྱ་​ཁྲིད་​དེ་​མི་ཚོགས་​འོད་​ས་​ལེ་བརྒྱུགས་འོངས་པི་དིག ཡང་མི་ཚོགས་​དེ་​ཀྱ་​ཀྱིས་​དམག་​དཔོན་​དིང་​དམག་མི་​མང་པོ་འོང་​གི་​མཐོང་​སྟེ། ཕོལ་ལོལ་​ལེ་​བརྡུང་​རྒྱུ་མཚམས་བོར་​རི་​དིག 33དེ་ནས་དམག་མི་སྟོང་​དཔོན་​ཁོས་​ཕོལ་ལོལ་​འཛིན་བཟུང་​བྱས་​ཏེ། ལྕགས་ཐག་​གཉིས་​ཀྱིས་​སྡོམས་​ཟིན་​བཀའ་​གནང་པི་རྗེས་ལེ། མི་ཚོགས་​ཀྱ་​ལེ་​མི་འདི་སུ་​ཡིན་མིན་​དིང་། ཁོས་​ཅི་​བྱས་​འོད་མེད་​དེའི་སྐོར་ལེ་སྐད་ཆ་​དྲིས་​ཕེན། 34མི་ཚོགས་​དེ་ཀྱ་ཀྱིས་ཅི་​ཟེར་​འདི་​ཟེར་​མེད་​དི་​འུར་སྒྲ་​བརྒྱབ་​པའི་རྐྱེན་གྱིས། དམག་དཔོན་​ཁོས་​གནས་ཚུལ་ངོ་ཐོག་​ཅི་ཡིན་མིན་​དེ་ཧ་མ་གོ་​ཕེན། ཕོལ་ལོལ་​དམག་ཁང་​ལེ་​འཁྲིད་​དགོས་པའི་བཀའ་བཏང་པི་​དིག 35དེ་ནས་​དམག་ཁང་​གི་​ཐེམ་པའི་​འགྲམ་​ལེ་​ཕོལ་ལོལ་སླེབས་ཏེ​། མི་ཚོགས་​ཀྱ་ཀྱིས་ཟང་​འཚང་ཁ་​འཇུ་གུ་བརྒྱབ་​སྟེ་རྗེས་འདེད་​བྱས་​ཕེན། དམག་མི་​ཀྱ་​ཀྱིས་​ཕོལ་ལོལ་​བཏགས་​ཏེ་འཁྱེར་​འགྲོ་​དགོས་​བྱུང་​པི་​དིག 36ཅི་ལེ་​ཟེར་​ནི། མི་ཚོགས་​ཀྱ་​ཀྱིས་ངར་སྐད་​ངང་ནས་མུ་མཐུད་དེ​་མི་འདི་སོད་​ཅིག་​ཟིན་​འུར་སྒྲ་​བརྒྱབ་སྟེ་རྗེས་འདེད་བྱས་པའི་​རྐྱེན་​གྱི་ཡིན་དིག
37ཡང་ཕོལ་ལོལ་​དམག་ཁང་​ནང་​ལེ་​འཁྲིད་​འགྲོ་​རྒྱ། ཕོལ་ལོལ་​གྱིས་​དམག་མི་སྟོང་དཔོན་​ཁོང་ལེ། ངས་​ཁྱེད་​ལེ་​ལབ་​ཞིག་​ཞུས་​ཆོག་​གྱོ་​འོད་​དི་གས་​ཟིན་​གེ་རིག་​གི་སྐད་ནང་ལེ་ཞུས་​ཕེན། དམག་མི་སྟོང་དཔོན་​ཁོས་ཧ་ལས་​ངང་ནས་ཁྱོད་ཀྱིས་​གེ་རིག་​སྐད་ཟང་​ཤེས་གྱོ་འོད་​དས་ཟིན་སྨྲས་པི་དིག 38ཡང་དམག་མི་སྟོང་དཔོན་ཁོས་ཕོལ་ལོལ་ལེ། དེ་སྔོན་ཨེ་ཇེབ་ཀྱི་​མི་​ཞིག་​གིས་​མི་ཚོགས་​ལེ་ཟིང་ཆ་​ལངས་​དུ་​བཅུག་​པི་མ་ཟད​། མི་​གསོད་​མཁན་ཟེར་​རི་​ངོ་ལོག་ཚོགས་པའི་ནང་​ནས་​མི་​བཞི་​སྟོང་​འཁྲིད་​ཏེ། དབེན་​སྟོང་​ལུང་པ་​ལེ་​འགྲོ་​མཁན་​དེ། ཁྱོད་རང་​ཡིན་དས་​ཟིན་​དྲིས་ཕེན། 39ཕོལ་ལོལ་​གྱིས་དམག་མི་སྟོང་དཔོན་ཁོང་ལེ། ང་རང་​ནི་ཀི་ལིག་ཡཱ་​ཟེར་​རི་​ལུང་པའི་​ཊར་སཱུ་རྒྱལ་ས་​ནས་​སྐྱེས་པའི་​ཡ་ཧུ་དཱ་པ་​ཞིག་​ཡིན་​དི་​མ་ཟད། རྒྱལ་ས་​དེ་​ནི་སྣང་ཆུང་​ཞིག་​མ་​དིག ང་​མི་ཚོགས་​འདི་​ཀྱ་​ལེ་​ལབ་​ཞིག་​ཟེར་​དུ་​འཇུག་​རོགས་​གནང་ཟིན་​ཞུ་བ་ཕུལ་ལི་དིག 40དེ་ནས་དམག་​མི་སྟོན་དཔོན་ཁོས་​ཟང་​ཆོག་མཆན་​གནང་ཕེན། ཕོལ་ལོལ་​ཐེམ་པའི་​ལྟག་ག་ལེ་​ལངས་​ཏེ། ལག་བརྟ་བྱས་ཏེ་མི་​ཚོགས་འདི་ཀྱ་ལེ་ཡ་ཧུ་དཱ་པའི་སྐད་ནང་ལེ། ཁྱེད་ཀྱ་ཁུ་སིམ་​མེས་སྡོད་​ཅིག་སྨྲས་ཕེན། མི་​དེ་ཡེ་རེ་​ཁུ་སིམ་མེས་​བསྡད་​དི་​དིག །

Currently Selected:

མཛད་པ། 21: DLPO

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in