YouVersion Logo
Search Icon

མཛད་པ། 13

13
ལེའུ་བཅུ་གསུམ།
པར་ན་པཱ་​དིང་​སོ་ལོ་ཁོ་​གཉིས་​ཡུལ་​ཕྱོག་​གཞན་​ལེ་​ཆོས་​ཤོད་​དུ་​བརྫངས་པ།
1དེ་ནས་​ཡང་​ཨན་ཏི་ཡོག་ཡཱ་​རྒྱལ་སའི་​ཆོས་ཚོགས་​ནང་ལེ་​པར་ན་པཱ་དིང་། མིང་​འདོགས་​ལེ་​ནེ་གེར་​ཟེར་མཁན་​སི་མེ་ཡོན་​དིང་​། ད་རུང་ཀི་རེ་ནེ་​ཟེར་​རི་​རྒྱལ་སའི་ལོ་ཀེ་ཨོ་​ཟེར་མཁན་དིང་། རྒྱལ་པོ་ཧེ་རོ་དཱེའི་​ཕོ་བྲང་ནང་ལེ་འཚར་ལོངས་བྱུང་བའི་མཱ་ནཱ་ཧེན་​ཟེར་མཁན་​ཁོ་དིང་​། སོ་ལོ། ལུང་སྟོན་པ་དིང་། ཡང་སློབ་དཔོན་ཀྱ་འོད་དིག 2ཉིན་​མ་ཞིག་​ཁོང་​ཀྱ་​ཀྱིས་ཆོས་ཚོགས་​དིང་​སྐྱེན་​ལེ། ཇོ་བོ་དཀོན་མཆོག་ལེ་བསྙེན་བཀུར་བགྱིད་དི་དིང་། སྨྱུང་གནས་​སྲུང་རྒྱ། དམ་པའི་ཐུགས་ཉིད་​ཀྱིས་​ཁོང་​ཀྱ་ལེ། ངའི་​ཆེད་དུ་ཁྱེད་​ཀྱ་​ཀྱིས་​པར་ན་པཱ་​དིང་​སོ་ལོ་​ཁོ་གཉིས་​བདམས་ཏེ། ངའི་ལས་དོན་སྒྲུབ་རྒྱུ་​དོན་ལེ་སྐོས་​ཤིག་ཟིན་​གསུངས་​པི་​དིག 3དེ་ནས་​ཁོང་​ཀྱ་​ཀྱིས་​ཟང་​སྨྱུང་གནས་​བསྲུངས་ཏེ་གསོལ་བ་སྨོན་ལམ་​བཏབ་​པི་རྗེས་ལེ། ཁོ་​གཉིས་ཀྱི་​ལུས་ལེ་ལག་ག་འབོར་ཏེ་ཕྱག་དབང་​གནང་​པའི་​རྗེས་​ལེ་​ལས་དོན་སྒྲུབ་རྒྱུ་ཆེད་དུ་ཡུལ་གཞན་ལེ་བརྫངས་​པི་​དིག#13.3 ལུས་ལེ་ལག་ག་འབོར་ཏེ་ཕྱག་དབང་གནང་རྒྱུ་དོན་དེ་ནི། ལས་འགན་བསྐོས་པི་དེ་ལེ་དད་པ་བགྱིད་མཁན་ཀྱ་ཀྱིས་ཟང་མོས་མཐུན་འོད་དི་རྟགས་ཤིག་ཟིན་དིག
པར་ན་པཱ་​དིང་​སོ་ལོ་​ཁོ་​གཉིས་​ཀྱིས་ཀིབ་རུ་གླིང་ཕྲན་​དུ་ཆོས་བཤད་པ།
4དེ་ནས་​ཁོ་​གཉིས་​དམ་པའི་ཐུགས་ཉིད་​ཀྱིས་​བརྫངས་པི་ཡིན་ཕེན། སྨད་​ཕྱོགས་ཀྱི་​སེ་ལུ་ཀི་ཡཱ་​ཟེར་​རི་​རྒྱལ་ས་​ལེ་སླེབས་​པི་དིག རྒྱལ་ས་དེ་ནས་གྲུ་​གཟིངས་ལེ་བཞོན་​ཏེ། ཀིབ་རུ་་གླིང་ཕྲན་​ལེ་​བུད་​དི་དིག 5ཁོ་​གཉིས་​སཱ་ལ་མཱི་​ཟེར་​རི་​རྒྱལ་ས་​ལེ་​སླེབས་​ཕེན། ཡ་ཧུ་དཱ་པའི་​ཆོས་ཀྱི་ཚོགས་ཁང་​རེ་རེའི་ནང་ལེ་​དཀོན་མཆོག་​གི་​བཀའ་བཤད་​དི་​མ་ཟད། ཡོ་ཧ་ནན་​མར་ཀུ་​ཁོ་རང་ཟང་། པར་ན་པཱ་དིང་སོ་ལོ་ཁོ་​གཉིས་ཀྱི་​ལས་རོགས་​བྱས་པི་དིག#13.5 ཚིགས་བཅད་འདི་ནི་ཡོ་ཧ་ནན་མར་ཀུ་ཟེར་རི་སྐོར་ལེ། སྐུ་ཚབ་ཀྱ་ཀྱི་མཛད་པ་ལེའུ་ 12 ཨང་ 25 ནང་ལེ་གཟིགས་རོགས། 6ཡང་​ཁོང་​ཀྱ་​ཀིབ་རུ་གླིང་ཕྲན་​ཡེ་རེ་​ལེ་​ཕྱིན་དི་​རྗེས་​ལེ། པཱ་ཕོ་​ཟེར་​རི་​རྒྱལ་ས་​ལེ་​སླེབས་​པི་དིག ཡང་དེ་​རུ་​ང་​ལུང་སྟོན་པ་ཡིན་​ཟིན་རྫུ་འཕྲུལ་​སྟོན་​མཁན་​ཡ་ཧུ་དཱ་པའི་​མི་​ཞིག་​ཐུག་​པི་​དིག ཁོའི་​མིང་​ལེ་​པཱར་ཡེ་ཤུ་​ཟིན་​འོད་དིག 7མི་​དེ་ནི་དུས་​རྒྱུན་​དུ་​རོ་མཱ་​གོང་མའི་​རྒྱལ་ཁབ་​ཀྱི་​སྤྱི་དཔོན་​སུར་ཀེ་ཕོལ་ལོལ་​ཟེར་མཁན་​དིང་​སྐྱེན་​ལེ་​སྡོད་​གྱོ་འོད་དི་དིང་། སྤྱི་དཔོན་​དེ་​ནི་​བློ་ཤེས་རབ་འོད་ཡོད་​མི་ཞིག་​ཡིན་​ཕེན། ཁོས་​དཀོན་མཆོག་​གི་​བཀའ་​ཉན་​རྒྱུ་​ཆེད་དུ། པར་ན་པཱ་​དིང་​སོ་ལོ་ཁོ་​གཉིས་​སྐད་བཏང་པི་​དིག 8རྫུ་འཕྲུལ་​སྟོན་མཁན་དེ་ལེ། (​གེ་རིག་ཟེར་ལུགས་ནང་ལེ་ཨེ་ལི་མཱ་ཟིན་འོད་དིག) དེ་ནས་རྫུ་འཕྲུལ་སྟོན་མཁན་ཁོས་དཀོན་མཆོག་​ལེ་​དད་པ་​བགྱིད་​མཁན་​མི་ཀྱ་ཀྱི་སྐྱེན་​ལེ། སྤྱི་དཔོན་ཁོང་རང་ཟང་བློ་​རྒྱུར་​འོང་​བསམས་​ཏེ། པར་ན་པཱ་དིང་སོ་ལོ་ཁོ་གཉིས་​ལེ་​འགེག་རྒོལ་བགྱིད་རྒྱུ་ལེ་ཐབས་ཤེས་བཙལ་ལི་​དིག 9ཡིན་ནའང་། སོ་ལོ་​ཡང་ནི་ཕོལ་ལོལ་​ཟེར་མཁན་​ཁོ་ལེ། དམ་པའི་ཐུགས་ཉིད་​ཁྱབ་ཕེན། ཁོས་​མི་​དེ་​ལེ་​ཞིབ་རྟགས་​ངང་ནས་བལྟས་ཏེ། 10ཁྱོད་ནི་གཡོ་སྒྱུ་​དིང་​ངན་སེམས་​ཀྱིས་​གང་​འོད་ཡོད་​བདུད་​ཀྱི་​རྒྱལ་པོའི་​བི་ས་ཡིན་དིག ཁྱོད་ཀྱིས་དྲང་བདེན་​དིང་​། དཀོན་མཆོག་གི་​ལམ་​བཟང་པོ་​དེ་​ལེ་​དགྲ་བོ་བགྱིད་དི་​མ་ཟད། ད་རུང་​ཟང་​མཚམས་​གཅོད་​བགྱིད་ཀྱི་​མ་​དས། 11ད་ལྟ་​རང་ཇོ་བོ་དཀོན་མཆོག་​གིས་ཁྱོད་​ལེ་​ཉེས་ཆད་བཏང་​སྟེ། ཁྱོད་ཀྱི་མིག་དུས་ཡུན་ཁ་ཤས་རིང་ལེ་ཅི་​གང་​ཐོང་​རྒྱུ་​མེད་​མེད་​འོང་​གྱི་​དིག་ཟིན་སྨྲས་​ལོང་མེད། ཁོའི་​མིག་​ཞ་ར་བྱུང་​སྟེ་​ཅི་​གང་​མ་​མཐོང་ཕེན་​ལམ་​འཁྲིད་​མཁན་​ཞིག་​འཚོལ་​གྱོ་​འོད་དིག 12དེ་ནས་​སྤྱི་དཔོན་​ཁོས་ངོ་མཚར་གྱི་རྟགས་དེ་མཐོང་ཕེན། ཁོས་ཟང་ཇོ་བོ་ཡེ་ཤུ་ལེ་དད་པ་བྱས་པི་དིག
པི་སི་དི་ཡཱ་​ལུང་པའི་རྒྱལ་ས་ཨན་ཏི་ཡོག་ཡཱ་​རུ་ཆོས་བཤད་པ།
13དེ་ནས་​ཕོལ་ལོལ་དིང་​ཁོའི་ཆོས་གྲོགས་​ཀྱ། པཱ་ཕོ་​ཟེར་​རི་​རྒྱལ་ས་​ནས་​གྲུ་​གཟིངས་ལེ་​བཞོན་​ཏེ། ཕམ་ཕིལ་ཡཱ་​ཟེར་​རི་​ལུང་པའི་རྒྱལ་ས་པེར་གཱ་ཟེར་ས་དེ་རུ་སླེབས་པའི་​རྗེས་​ལེ། ཡོ་ཧ་ནན་མར་ཀུ་​ཁོ་དིང་​ཁ་​གྱེས་​ཏེ། ཕར་ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ལོག་པི་དིག 14དེ་ནས་ཕོལ་ལོལ་དིང་​པར་ན་པཱ་ཁོ་གཉིས་པེར་གཱ་​རྒྱལ་ས་དིང་​ཁ་གྱེས་​ཏེ། པི་སི་དི་ཡཱ་ལུང་པའི་​ཨན་ཏི་ཡོག་ཡཱ་རྒྱལ་ས་​ལེ་ཕྱིན་ཏེ། ངལ་གསོ་བའི་​ཉིན་​མོ་ཡ་ཧུ་དཱ་པའི་​ཚོགས་ཁང་​ལེ་​བསྡད་​དི་​དིག 15ཡང་​ནམ་རྒྱུན་​ཅོག་འདྲ། ཆོས་ཁྲིམས་​དིང་​ལུང་སྟོན་པའི་མདོ་ཞིག་​བསྒྲོགས་​ནུས་​པི་​རྗེས་​ལེ། ཚོགས་ཁང་དེའི་འགོ་ཁྲིད་ཀྱིས་​ཁོ་གཉིས་ལེ། ཁྱེད་ཆོས་གྲོགས་སྤུན་ཟླ་ཀྱ། གལ་སྲིད། ཁྱེད་གཉིས་ལེ་མི་མང་གི་ཆེད་དུ་སྐུལ་མའི་ལབ་ར་འོད་ནི་གསུང་རོགས་ཟིན་ཁ་ལན་བསྐུར་རི་དིག 16དེ་ནས་​ཕོལ་ལོལ་​ཁོ་རང་​ཡར་ལངས་ཏེ། མི་ཀྱ་ལེ་​ཁུ་སིམ་པོ་​གྱིས་​ཤིག་ཟིན་​ལག་བརྡ་​བྱས་​པི་རྗེས་ལེ། ཡི་སི་ར་ཨེལ་མི་​ཀྱ་​དིང་​། དཀོན་མཆོག་​ལེ་​བསྙེན་བཀུར་བགྱིད་​མཁན་​མི་​ཡེ་རེ་​ང་ལེ་ཉོན་དང་། 17ཡི་སི་ར་ཨེལ་​མི་རིགས་​ཀྱི་​དཀོན་མཆོག་ཁོང་​གིས་​འུའི་​མེས་མེས་​ཀྱ་​བདམས་​པི་མ་ཟད། ཁོང་ཀྱ་​ཨེ་ཇེབ་​ལུང་པ་​ལེ་​སྡོད་​རྒྱ། དཀོན་མཆོག་གིས་​མི་གྲངས་​མང་​དུ་​སྤེལ་གནང་སྟེ། མཐུ་​ནུས་པའི་ངང་​ནས་ལུང་པ་​དེ་​ནས་ཕྱི་ལེ་​འཁྲིད་​དི་དིག 18དེ་ནས་དབེན་སྟོང་​ལུང་པ་​དེ་རུ་ལོ་ངོ་​བཞི་བཅུ་​ལྷག་ཚོད་བསྡད་རྒྱ། འུའི་མེས་མེས་​ཀྱི་​སྤྱོད་ལམ་དེ་ལེ་​དཀོན་མཆོག་གིས་བཟོད་སྒོམ་​གནང་​པི་​དིག 19ཡང་​དཀོན་མཆོག་​གིས་​ཀ་ནཱན་​ལུང་པའི་​མི་རིགས་​བདུན་པོ་​དེ་ཀྱ་རྩ་​མེད་བཏང་པི་མ་ཟད​། ལུང་པ་​དེ་ནི་ཡི་སི་ར་ཨེལ་པའི་མི་​ཀྱ་​ལེ་​ཤུལ་འཛིན་བགྱིད་དུ་བཅུག་པི་​དིག 20དོན་དེ་​ཀྱ་ནི་ལོ་​བཞི་བརྒྱ་ལྔ་བཅུ་​ཚོད་​འགོར་​རི་​དིག དེའི་​རྗེས་​ལེ་​ཁོང་​གིས་​ལུང་སྟོན་པ་​སཱ་མུ་ཨེལ་​ཟེར་མཁན་ཁོང་གི་​བར་དུ། འུའི་མེས་མེས་​ཀྱི་ཁྲིམས་དཔོན་​ལེ་​བསྐོས་​པི་​དིག 21དེའི་​རྗེས་​ལེ་​མེས་མེས་ཀྱ་​ཀྱིས་​དཀོན་མཆོག་ལེ་རྒྱལ་པོ་​ཞིག་​གནང་རོགས་​ཟིན་​ཞུས་​ཕེན། དཀོན་མཆོག་​གིས་​ཟང་བེན་ཡཱ་མེན་གྱི་​རྒྱུད་པ་​ནས་​ཡིན་​དི་​ཁི་སི་​ཟེར་མཁན་​བི་ས་​སོ་ལོ་​ཁོ་རང་​ལོ་​བཞི་བཅུ་བར་དུ། མེས་མེས་ཀྱི་​རྒྱལ་པོ་​ལེ་​བསྐོས་པི་དིག 22དེའི་རྗེས་ལེ། དཀོན་མཆོག་གིས་​སོ་ལོ་ཁོ་རྒྱལ་པོའི་གོ་གནས་ནས་མར་ཕབ་སྟེ། དཱ་བིད་​ཟེར་མཁན་​དེ་​མེས་མེས་ཀྱ་​ཀྱི་​རྒྱལ་པོ་​ལེ་​བསྐོས་གནང་​པི་མ་ཟད། དཀོན་མཆོག་གིས་དཱ་བིན་གྱི་སྐོར་ལེ་དཔང་པོ་མཛད་དེ། ཡེ་སེ་ཟེར་མཁན་གྱི་བི་ས་​དཱ་བིད་​དེ་​ངས་མཐོང་ཕེན། ཁོ་​ནི་​ངའི་​སེམས་​དིང་​མཐུན་​པི་མ་ཟད​། ཁོས་​ངའི་​བསམ་དོན་​ཡེ་རེ་​སྒྲུབ་བགྱིད་​ཀྱི་​དིག་ཟིན་གསུངས་པི་དིག 23ད་དཱ་བིད་​ཁོའི་རིགས་རྒྱུད་​ནས་​དཀོན་མཆོག་​གིས་​ཞལ་བཞེས་​གནང་པི་​ཅོག་འདྲ། ཡི་སི་ར་ཨེལ་པའི་​མི་​ཀྱ་​ལེ་​སྐྱོབ་མཁན་ཡེ་ཤུ་​ཁོང་བརྫངས་པི་​དིག 24ཁོང་​མ་​ཕེབས་པའི་​སྔོན་​ལེ་​ཁྲུས་གསོལ་​བགྱིད་​མཁན་​ཡོ་ཧ་ནན་​གྱིས་​ཡི་སི་ར་ཨེལ་​པའི་མི་​ཡེ་རེ་ལེ། སྤྱོད་པ་ངན་པ་དེ་སྤངས་ཏེ། དཀོན་མཆོག་གི་ཕྱོགས་​ལེ་​སེམས་​ཁུག་བའི་​རྟགས་​ལེ་​ཁྲུས་གསོལ་​གྱིས་ཟིན་​ཆོས་​བཤད་དི་དིག 25ཡང་​ཡོ་ཧ་ནན་​གྱིས་​རང་གི་ལས་དོན་དེ་བསྒྲུབས་ཚར་ལྷག་འོད་རྒྱ། ཁོས་མི་ཀྱ་ལེ་​ང་​སུ་​ཡིན་དིག་​བསམ་གྱི་​གོ། ང་​ནི་​སྐྱབས་མགོན་​ཟེར་མཁན་​དེ་​མན། ང་ནི་ངའི་​རྗེས་​ལེ་​ཕེབས་​འོང་​མཁན་​ཁོང་​གི་​ཞབས་​མཐིལ་​ལེ་​ཟང་​སླེབས་​ཀྱི་​མ་​དིག་ཟིན་སྨྲས་​པི་དིག
26ཡང་​ཕོལ་ལོལ་གྱིས་ཁོང་ཀྱ་ལེ། མེས་མེས་​ཨབ་ར་ཧམ་​གྱི་བུ་​རྒྱུད་​ཁྱེད་ཡི་སི་ར་ཨེལ་པ་​ཀྱ་དིང་། ཡང་ནི་དཀོན་མཆོག་​ལེ་​བསྙེན་བཀུར་​བགྱིད་མཁན་ཕྱི་མི་​ཞིག་ཡིན་ནའང་། དཀོན་མཆོག་​གིས་​འཇིག་རྟེན་​སྐྱོབ་གནང་རྒྱུ་ཡིན་དི་​བཀའ་​དེ་ནི། འུ་ཀྱ་​ལེ་​གནང་​འོད་དིག 27ཡིན་ནའང་​། ཡེ་རུ་ས་གླིང་​རྒྱལ་ས་​ལེ་​སྡོད་​མཁན་​མི་​ཀྱ་​དིང་​། ཡང་མི་དེ་​ཀྱ་​ཀྱི་​དཔོན་རིགས་​ཀྱིས་​ཇོ་བོ་ཡེ་ཤུ་ཁོང་སུ་​ཡིན་མིན་​ངོ་​མ་​ཤེས་​པི་​མ་ཟད། ངལ་གསོ་བའི་​ཉིན་​མ་རེ་རེ་​ལེ་​ལུང་སྟོན་​པའི་བཀའ་དེ་ཀྱ་སྒྲོགས་​གྱོ་འོད་ནའང་། ཁོང་ཀྱ་ཀྱིས་ཧ་མ་​གོ་ཕེན། ཡེ་ཤུ་ལེ་སྐྱོན་འཛུགས་བྱས་པི་མ་ཟད། ལུང་བསྟན་པི་ཅོག་འདྲ་​འགྲུབ་​པི་​དིག 28མི་ཀྱ་ཀྱིས་ཁོང་གསོད་​དགོས་པའི་​ནག་ཉེས་​ཅི་གང་​མ་​རྙེད་ནའང་། མི་དེ་ཀྱ་ཀྱིས་སྤྱི་དཔོན་​པི་ལ་ཏི་ལེ། ཡེ་ཤུ་ལེ་སྲོག་​ཐོག་​བཏོང་​དགོས་འོད་ཟིན་​ཞུ་བ་​ཕུལ་​ལི་​དིག 29ཡང་​མི་​དེ་​ཀྱ་​ཀྱིས་​ཟང་དཀོན་མཆོག་​གི་​གསུང་རབ་​ཀྱི་​མདོ་ནང་ལེ། སྐྱབས་མགོན་​ཡེ་ཤུའི་​སྐོར་​ལེ་ཅི་​བྲིས་འོད་ཡོད་​དོན་​དེ་ཡེ་རེ་​འགྲུབ་པི་བགྱིད་ནུས་པའི་རྗེས་​ལེ། ཡེ་ཤུའི་སྐུ་གཟུགས་གདུང་མ་ཀུ་རུ་ཁ་ནས་​མར་​ཕབ་སྟེ། བྲག་ཕུག་​ཞིག་​གི་ནང་​ལེ་​བོར་​རི་​དིག 30ཡིན་ནའང་​། དཀོན་མཆོག་​གིས་​ཁོང་འཆི་བ་ནས་​ཡང་དང་གསོན་པོ་​བསླངས་​པི་དིག 31ཡང་དེ་སྔོན་​ག་ལིལ་ལུང་པ་​ནས་​ཁོང་​དིང་​སྐྱེན་​ལེ་ཡེ་རུ་ས་གླིང་​རྒྱལ་ས་​ལེ་འོང་​མཁན་​མི་ཀྱ་​ཀྱིས་​ཟང་​། ཉིན་མ་​མང་པོ་​ཁོང་མཐོང་​པི་​མ་ཟད​། མི་​དེ་​ཀྱ་​ནི་​ད་ལྟ་​ཡི་སི་ར་ཨེལ་པའི་​མདུན་​དུ་​བདེན་པའི་​དཔང་པོ་​བགྱིད་​མཁན་ཞིག་​ཡིན་དིག 32ད་ལྟ་​ཉེད་​ཀྱ་​ཀྱིས་​ཟང་​ཁྱེད་​ཀྱ་​ལེ་​གཏམ་བཟང་​ཤོད་​དི་​དིང་​། དེ་​སྔོན་​དཀོན་མཆོག་​གིས་​འུའི་མེས་མེས་ཀྱ་ལེ་​ཞལ་བཞེས་གནང་པི་དེ་ནི། 33དཀོན་མཆོག་​གིས་​འུའི་བུ་རྒྱུད་ཀྱ་ཀྱི་དུས་འདི་ལེ་ཟང་། ཡེ་ཤུ་​ཡང་དང་​གསོན་པོ་བསླངས་པའི་བརྒྱུད་ནས་འགྲུབ་​པི་​དིག ཡང་གསུང་མགུར་ནང་​ལེ་བྲིས་འོད་དི་ཅོག་འདྲ།
ཁྱོད་རང་ནི་ངའི་བི་ས་ཡིན་ཕེན། །
ད་རིང་ང་ནི་ཁྱེད་ཀྱ་ཀྱི་ཨ་ཀྱི་བྱུང་། །#13.33 ཚིགས་བཅད་འདི་ནི་གསུང་མགུར་ལེའུ་ 2 ཨང་ 7 ནང་ལེ་གཟིགས་རོགས།
ཟིན་གསུང་འོད་དིག 34དཀོན་མཆོག་​གིས་​ཁོང་​འཆི་བ་ནས་​ཡང་དང་གསོན་པོ་བསླངས་​ཏེ། ཡང་དང་འགྲོངས་མི་སྲིད་འོད་དི་སྐོར་ལེ། གསུང་རབ་​ནང་​ཟང་​ལེ།
ངས་དཱ་བིད་ལེ་གནང་པི་ཅོག་འདྲ། །
ཡང་དག་པའི་བྱིན་རླབས་ཁྱོད་ལེ་སྟེར། །
ཟིན་གསུངས་འོད་དིག#13.34 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 55 ཨང་ 3 ནང་ལེ་གཟིགས་རོགས། 35འོ་དེ་ལེ་བརྟེན་ཏེ། རྒྱལ་པོ་​དཱ་བིད་​ཀྱིས་​བྲིས་པའི་གསུང་མགུར་མདོ་གཞན་​ཞིག་​གི་​ནང་​ལེ།
ཁྱེད་ཀྱིས་རང་གི་སྐྱེས་བུ་དམ་པ་ཁོང་། །
དུར་ཁྲོད་ལེ་རུལ་དུ་འཇུག་མི་སྲིད། །
ཟིན་​གསལ་པོ་​བྱས་ཏེ་བྲིས་​འོད་དིག#13.35 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 16 ཨང་ 10 ནང་ལེ་གཟིགས་རོགས། 36རྒྱལ་པོ་​དཱ་བིད་​ནི་རང་གི་མི་རབས་ཀྱི་དུས་ལེ། དཀོན་མཆོག་​གི་​དགོངས་པ་དེ་​བསྒྲུབས་པི་རྗེས་​ལེ། ཁོང་རང་​སྐུ་ཚེ་​ལས་འདས་ཏེ། ཁོའི་མེས་མེས་ཀྱ་ཀྱི་​དུར་​ཁང་ལེ་སྦས་ཏེ་སྐུ་སྤུར་རུལ་​ལི་​དིག 37ཡིན་ནའང་​། དཀོན་མཆོག་​གིས་​གསོན་པོ་​བསླངས་པི་དེ་​རུལ་​གྱི་མ་​དིག 38འོ་དེ་ལེ་བརྟེན་ཏེ། ཁྱེད་​སྤུན་ཟླ་​ཀྱ། སྡིག་ཉེས་སེལ་བའི་བཀའ་​དེ་ནི། སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་​ཁྱེད་​ཀྱ་​ལེ་​ཤོད་གྱོ་འོད་དི་ཧ་གོ་པར་གྱིས་ཤིག 39ལུང་སྟོན་པ་​མོ་ཤེའི་​ཆོས་ཁྲིམས་ལེ་བརྟེན་​ཏེ། ཁྱེད་​ཀྱ་ཡང་དག་པ་ཞིག་ལེ་བརྩི་མི་ནུས་འོད་དིག ཡེ་ཤུ་ལེ་དད་པ་​བྱས་པའི་བརྒྱུད་ནས་སྡིག་ཉེས་ཡེ་རེ་ནས་ཐར་བ་ཐོབ་​སྟེ། ཡེ་རེ་ཡང་དག་པ་ཞིག་ལེ་བརྩི་གནང་​གྱི་​དིག 40-41ལུང་སྟོན་པས་ཅི་གསུངས་པི་​དེ་ཁྱེད་ཀྱ་ལེ་མི་ཕོག་པའི་ཆེད་དུ་དོགས་ཟོན་གྱིས་ཤིག
ངས་ཁྱོད་ཀྱི་དུས་ལེ་ལས་ཤིག་བགྱིད་ཀྱི་ཡིན། །
གཞན་གྱིས་དེའི་སྐོར་ལེ་ཁྱོད་ལེ་ཤོད་ཀྱི་དིག །
ཁྱོད་ཀྱིས་དེ་ལེ་ནམ་ཟང་ཡིད་ཆེས་ཀྱི་མ་དིག །
ཁྱོད་ལེ་འཕྱམ་ཆ་གཏོང་མཁན་ཀྱ་ལེ་ལྟོས་ཤིག །
ངོ་མཚར་ཆེན་པོ་སྐྱེས་ཏེ་རྩ་མེད་འགྲོ་གྱི་དིག །
ཟིན་གསུངས་འོད་དིག་ཟིན་སྨྲས་པི་དིག#13.40-41 ཚིགས་བཅད་འདི་ནི། ལུང་སྟོན་པ་ཧ་བ་ཀུག་གི་མདོ་ལེའུ་ 1 ཨང་ 5 ནང་ལེ་གཟིགས་རོགས། 42དེ་ནས་ཕོལ་ལོལ་དིང་​པར་ན་པཱ་ཁོ་གཉིས་​ཚོགས་ཁང་​ནང་​ནས་​ཕྱི་ལེ་​ཐོན་རྒྱ​། མི་​དེ་​ཀྱ་​ཀྱིས་​ངལ་གསོ་བའི་​ཉིན་མ་​རྗེས་མ་​ལེ། ཡང་དང་​དོན་​དེའི་​སྐོར་​ཉེད་ཀྱ་​ལེ་​གསུང་རོགས་​ཟིན་​ཞུ་​བ་ཕུལ་​ལི་​དིག 43དེ་ནས་ཚོགས་འདུ་གྲོལ་​ལི་​རྗེས་​ལེ། ཡ་ཧུ་དཱ་པ་​དིང་​ཡ་ཧུ་དཱ་པའི་​ཆོས་ལུགས་​ལེ་​ཞུགས་མཁན་​ཕྱིའི་མི་མང་པོ་​ཞིག་​གིས་ཕོལ་ལོལ་​དིང་​པར་ན་པཱའི་རྗེས་ལེ་འབྲངས་ཕེན། ཁོ་​གཉིས་​ཀྱིས་​ཟང་​མི་​དེ་​ཀྱ་​ལེ་​དུས་​རྟག་ཏུ་​དཀོན་མཆོག་​གི་​ཐུགས་རྗེ་​བཀའ་དྲིན་​གྱི་​ནང་​ལེ་དུས་རྒྱུན་དུ་​དད་པ་​བྱས་​ཏེ་​སྡོད་​དགོས་​འོད་​དིག་ཟིན་​སེམས་ཤུགས་​སྤར་​རི་​དིག
44དེ་ནས་​གཟའ་​སྐོར་རྗེས་མའི་​ངལ་གསོ་བའི་​ཉིན་མ་དེ་​སླེབས་ཕེན། རྒྱལ་སའི་​མི་​མང་ཆེ་བ་ཞིག་གིས་​དཀོན་མཆོག་​གི་​བཀའ་​ལེ་​ཉན་​རྒྱུ་​ཆེད་དུ་​འཛོམས་​འོངས་པི་​དིག 45ཡིན་ནའང་​། ཡ་ཧུ་དཱ་པའི་​དཔོན་པོ་​ཀྱ་​ཀྱིས་​མི་​མང་པོ་ཞིག་​འཛོམས་​འོད་​དི་​མཐོང་​ཕེན་​ཕྲག་དོག་​སྐྱེས་​ཏེ། ཕོལ་ལོལ་གྱིས་​སྨྲས་པི་​ལབ་​དེ་​ལེ་འཕྱམ་ཆ་བཏང་སྟེ་འགེག་རྒོལ་བྱས་པི་དིག 46ཡིན་ནའང་། ཕོལ་ལོལ་​དིང་​པར་ན་པཱ་​ཁོ་གཉིས་​ཀྱིས་​སྤོབས་པ་​ཆེན་པོས་​ངང་ནས། དཀོན་མཆོག་​གི་​བཀའ་​དེ་ནི། སྔོན་དང་པོ་​ཁྱེད་​ཀྱ་​ལེ་​གསུངས་​འོད་དིག ཡིན་ནའང་​། ཁྱེད་​ཀྱ་​ཀྱིས་​བཀའ་དེ་​སྤངས་​པི་མ་ཟད། རང་​ལེ་​མཐའ་​མེད་​པའི་ཚེ་སྲོག་​དེ་ཐོབ་མི་འོས་པ་ཞིག་ཡིན་དིག་བསམས་ཏེ་ཁས་ལེན་མ་བྱས་ཕེན། ད་ལྟ་​ཉེད་​ཀྱ་​ཀྱིས་དཀོན་མཆོག་​གི་​བཀའ་​དེ་ནི། ཕྱིའི་​མི་​ཀྱ་​ལེ་ཤོད་​དུ་​འགྲོ་​གྱི་ཡིན། 47ཅི་ལེ་ཟེར་ནི། ཇོ་བོ་​དཀོན་མཆོག་​གིས་​ཉེད་​ཀྱ་​ལེ།
ངས་ཁྱེད་ཀྱ་ཡ་ཧུ་དཱ་པ་མིན་པའི་མི་ཀྱ་ལེ། །
འོད་འཕྲོ་རྒྱུ་ཆེད་དུ་འོད་ལེ་བསྐོས་པི་ཡིན། །
དེ་ནི་ཁྱེད་ཀྱ་ཀྱིས་ས་གཞི་མཐའ་བར་དུ། །
ཆོས་བཤད་དེ་ཐར་པ་འཐོབ་རྒྱུ་ཆེད་དུ་ཡིན། །
ཟིན་གསུངས་འོད་དིག#13.47 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 49 ཨང་ 6 ནང་ལེ་གཟིགས་རོགས། 48དེ་ཐོས་ཏེ་ཡ་ཧུ་དཱ་པ་མིན་པའི་ཕྱི་མི་ཀྱ་དགའ་སྤྲོ་སྐྱེས་ཕེན། དཀོན་མཆོག་གི་བཀའ་ལེ་བསྟོད་པ་ཕུལ་ལི་དིག དཀོན་མཆོག་གིས་སྔར་ནས་མཐའ་མེད་པའི་ཚེ་འཐོབ་རྒྱུ་ཆེད་དུ་བསྐོས་པ་དེ་ཡེ་རེས་དད་བྱས་པི་དིག 49འོ་དེ་གི་བྱས་ཏེ། ཇོ་བོ་དཀོན་མཆོག་​གི་​བཀའ་​དེ་ནི། ལུང་​པ་དེའི་ཕྱོགས་​ཀུན་​ལེ་​ཁྱབ་​པི་​དིག 50ཡིན་ནའང་​། ཡ་ཧུ་དཱ་པ་​ཀྱ་​ཀྱིས་​རྒྱལ་ས་​དེའི་​ནང་​ལེ་​སྡོད་མཁན་​དཔོན་རིགས་​དིང་​། ཡ་ཧུ་དཱ་པའི་ཆོས་ལེ་མཐད་པོ་འོད་ཡོད་བུ་མའ་​མཐོང་​ཆེ་བ་​ཀྱ་​དིང་། རྒྱལ་སའི་འགོ་ཁྲིད་ཀྱི་སྐྱེས་པ་ཀྱ་ལེ་ངན་བསྐུལ་ཏེ། ཕོལ་ལོལ་​དིང་​པར་ན་པཱ་​ཁོ་​གཉིས་​ལེ་​གནོད་བསྐྱལ་​ལི་མ་ཟད། རྒྱལ་ས་​ནས་ཕྱི་འབུད་བཏང་པི་དིག 51དེ་ནས་​ཁོ་གཉིས་ཀྱིས་མི་​དེ་​ཀྱ་​ལེ། དཀོན་མཆོག་གིས་ཉེས་ཆད་ཕོག་རྒྱུ་ཡིན་དི་འགན་ཁུར་དགོས་འོད་དི་སྟོན་རྒྱུ་ཆེད་དུ། རང་གི་​རྐང་པ་ལེ་འགོས་པའི་ཐལ་བ་​སྤྲུགས་སྤྲུགས་​བཏང་སྟེ། ཨི་ཀོན་ཡཱ་​རྒྱལ་ས་​ལེ་​བུད་​དི་​དིག 52ཡིན་ནའང་​། ཨན་ཏི་ཡོག་ཡཱ་​རྒྱལ་ས་​ལེ་​འོད་ཡོད་​སློབ་མ་​ཀྱ་ནི་དགའ་སྤྲོའི་གང་པི་མ་ཟད། དམ་པའི་ཐུགས་ཉིད་​ཀྱིས་ཁྱབ་​པི་​དིག །

Currently Selected:

མཛད་པ། 13: DLPO

Highlight

Copy

Compare

Share

None

Want to have your highlights saved across all your devices? Sign up or sign in