བཀོད་པ། 37:6-7
བཀོད་པ། 37:6-7 NTB
ཡོ་སེབ་ཀྱིས་གཅེན་པོ་རྣམས་ལ་འདི༌ལྟར། ཁྱོད་ཅག་གིས་བདག་གི་རྨི་ལམ་ལ་གསན་པར༌ཞུ། ལྟོས༌དང༌། རང་ཅག་གིས་ཞིང་ནང་དུ་ཚར་ཕོན་སྡོམ་པའི་སྐབས༌སུ། བདག་གིས་བསྡམས་པའི་ཚར་ཕོན་ནི་གྱེན་དུ་བསྒྲེངས༌ཤིང༌། ཁྱོད་ཅག་གིས་བསྡམས་པའི་ཚར་ཕོན་དག་གིས་བདག་གི་ཚར་ཕོན་གྱི་མཐའ་བསྐོར་ནས་ཕྱག་བཙལ་བ་ཡིན་ཞེས་སྨྲས༌པའོ།།





