ཨེ་ཅིབ་ནས་ཐོན་པ། 13:21-22
ཨེ་ཅིབ་ནས་ཐོན་པ། 13:21-22 NTB
དཀོན་མཆོག་ཡ་ཝཱེས་ཉིན་མོའི་དུས་སུ་སྤྲིན་གྱི་ཀ་བ་ཞིག་གི་དབྱིབས་ནས་ཁོ་རྣམས་ལ་ལམ་ཁྲིད་པ་དང༌། མཚན་མོར་མེའི་ཀ་བ་ཞིག་གི་དབྱིབས་ནས་དེ་རྣམས་ལ་འོད་སྤྲོས་ཏེ། ཁོ་རྣམས་ཉིན་མཚན་ཀུན་ཏུ་འགྲོ་ནུས་པར་མཛད། ཉིན་མོར་སྤྲིན་གྱི་ཀ་བ་དང་མཚན་མོར་མེའི་ཀ་བ་ནི་ནམ་ཡིན་ཡང་མི་རྣམས་དང་ཁ་མ་བྲལ་ཏོ། །





