ཨེ་ཅིབ་ནས་ཐོན་པ། 12:12-13
ཨེ་ཅིབ་ནས་ཐོན་པ། 12:12-13 NTB
མཚན་མོ་དེར་ང་རང་ཨེ་ཅིབ་ཡུལ་དུ་རྒྱུ་ཞིང་། མི་ཕྱུགས་གང་ཡིན་ཡང་ཨེ་ཅིབ་ཡུལ་གྱི་སྐྱེས་འགོ་ཐམས་ཅད་གསོད་པ་དང་། ཨེ་ཅིབ་ཡུལ་གྱི་ལྷ་ཀུན་ལ་ཁྲིམས་ཐག་གཅོད་པར་བྱ། བདག་ནི་ཡ་ཝཱེ་ཡིན། ཁྲག་དེ་ཁྱོད་རྣམས་གནས་སའི་ཁང་པའི་སྟེང་རྟགས་སུ་འགྱུར་ལ། ངས་ཁྲག་དེ་མཐོང་བ་དང་ཕར་བརྒལ་ཞིང་། ཨེ་ཅིབ་ཡུལ་ལ་བརྡུང་བའི་ཚེ། མེད་པར་བཟོ་བའི་ཆག་སྒོ་དེ་ཁྱོད་རྣམས་ལ་འཕོག་པར་མི་འགྱུར་རོ། །





