མཛད་འཕྲིན། 7:59-60
མཛད་འཕྲིན། 7:59-60 NTB
དེ་རྣམས་ཀྱིས་སི་ཏེ་ཕཱན་རྡོ་རུབ་གཏོང་བཞིན་པའི་དུས༌སུ། སི་ཏེ་ཕཱན་གྱིས། ཀྱེ། གཙོ་བོ་ཡེ་ཤུ༌ལགས། བདག་གི་རྣམ་ཤེས་ཁུར་དུ་བཞེས་པར་མཛོད་ཅེས་གསོལ་བ་བཏབ་པ༌དང༌། ཡང་པུས་མོ་སར་བཙུགས་ཏེ་སྐད་ཆེན༌པོས། ཀྱེ། གཙོ་བོ་ལགས། ཉེས་པ་འདི་ཁོ་རྣམས་ལ་མི་འགེལ་བར་མཛོད་ཅེས་གསུངས་པ་དང་གཟིམས༌སོ།།





