YouVersion Logo
Search Icon

ཡོ༌ཧཱ༌ནན༌ 5

5
བེད༌སེ༌དཱའེ༌ ཟིང༌ངི༌ཀ༌ ནད༌པ༌ གྱལ༌ཅུག༌ག༌ ཛདས༌།
5:1-15
1ཏེ༌ སྟིང༌ནེ༌ ཡ༌ཧུ༌དཱ༌པ༌གུན༌ནི༌ ཏུས༌ཆེན༌ཞིག༌གི༌ ཏུས༌ གཙོ༌བོ༌ ཡེ༌ཤུ༌ ཡེ༌རུ༌ཤ༌ལེམ༌ གྱལ༌ས༌ སྐྱོདས༌། 2ཡེ༌རུ༌ཤ༌ལེམ༌མི༌ ནང༌ང༌ ལུག༌ ཟེར༌ཁན༌ནི༌ གྱས༌སྒོའེ༌ ཉེ༌མོའ༌ ཟིང༌ཞིག༌ ཡོད༌པིན༌, ཀ༌བོའ༌ ཨིབ༌རི༌པའེ༌ སྐད༌ལ༌ བེད༌སའི༌ད༌ ཟེར༌རད༌པིན༌, ཡང༌ ཏེ༌བོའ༌ ཐོག༌ ཡོད༌ཁན༌ནི༌ ཡབས༌ ལྔའེ༌ སྐོར༌ཏེ༌ ཡོད༌པིན༌། 3ཏེ༌ ཡབས༌གུན༌ནི༌ཀ༌ ནད༌པ༌: ཁོངས༌ཁན༌, ཞ༌ར༌ དང༌ ཞ༌འོ༌ མང༌པོ༌ཞིག༌ ཉལ༌ཏེ༌ ཡོད༌པིན༌། 4#5:4 སྔུན༌མའེ༌ གརིས༌པའེ༌ སྐད༌དི༌ སྤེ༌ཆ༌ མང༌ཆེའེ༌ ནང༌ང༌ 5:3b-4 མེད༌ཏེ༌ ཨིན༌ནོག༌། སྟིང༌མ༌ ཁ༌ཅིག༌གི༌ ནང༌ང༌ “གཙོ༌བོ༌ དཀོན༌མཆོག༌གི༌ ཕོ༌ཉ༌ ཧུན༌མེད༌ལ༌ པར༌པར༌ལ༌ སྐྱོད༌ཏེ༌ ཏེ༌ ཟིང༌ངི༌ ཆུ༌བོ༌ སྐུལ༌ལད༌པིན༌། ཏེ༌ ཆུ༌བོ༌ སྐུལ༌ལ༌ཅིག༌ ཏེ༌ ཟིང༌ངི༌ ནང༌ང༌ གོ༌མ༌རང༌ ཞུགས༌ཉན༌ཁན༌ནི༌ ནད༌པ༌བོ༌ ནད༌ནེ༌ གྱལ༌ལད༌པིན༌ ཏེ༌བོའེ༌ཕིའ༌ ནད༌པ༌ མང༌པོ༌ ཏེ༌ ཟིང༌ངི༌ ཆུ༌ སྐུལ༌ལ༌ ཛད༌ཅེས༌ལ༌ སྲུངས༌ཏེ༌ དུག༌གད༌པིན༌” བྲིས༌ཏེ༌ ཡོད༌ཏེ༌ ཨིན༌ནོག༌། 5ཏེ༌ཀ༌ ཁོངས༌ཏེ༌ ལོ༌ 38 ཆའ༌ཁན༌ནི༌ མི༌ཞིག༌ ཡོད༌པིན༌། 6ཡེ༌ཤུའི༌ ཁོ༌ ཟིགས༌ཏེ༌ ལོ༌ མང༌པོ༌ཞིག༌ནེ༌ ཕར༌ལ༌ ཁོངས༌ཏེ༌ ཡོད༌ཁན༌བོ༌ ཁྱེན༌ན༌ ཛད༌པ༌ ཁོང༌ངི༌ ཁོའ༌ ཏྲིའ༌ ཛདས༌, “ཁྱོ༌རང༌ འི༌ ཟུ༌མོ༌བོ༌ནེ༌ ཕན༌ན༌ ཐད༌ད༌ རག༌ག༌?”
7ཁོའེ༌ ཟེརས༌, “གཙོ༌བོ༌, ཟིང༌ངི༌ ཆུ༌བོ༌ སྲུག༌ ཟ༌ནེ༌ ང༌ འི༌ ནང༌ང༌ ཞུགས༌ཤེས༌ལ རོགས༌ ཅོ༌ཁན༌ སུའང༌ མེད༌, ཡང༌ ང༌ དུན༌ལ༌ ལེབ༌བི༌ སང༌ སྔུན༌ལ༌ ཡང༌སུ༌ཞིག༌ ཏེ༌ནང༌ང༌ ཞུགས༌ ཚར༌དུག༌།”
8ཡེ༌ཤུའི༌ ཁོའ༌ མོལས༌, “ལོངས༌, རང༌ངི༌ མལ༌ཙ༌ ཁུར༌ ཡང༌ གྲུལ༌།”
9ཁོ༌ ཏེན༌ན༌མལ༌ལ༌ གྱལ༌, རང༌ངི༌ ཉལ༌སྟན༌ ཁུར༌ཏེ༌ གྲུལ༌ཅེས༌ གོ༌ཟུག༌, ཏེ༌ ཛད༌པ༌བོ༌ ཤབ༌བད༌དི༌ ངལ༌ཚོའེ༌ ཞག༌ག༌ ཇུང༌ཏེ༌ ཨིན༌པིན༌། 10ཏེན༌ན༌བོའེ༌ཕིའ༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ གྱལ༌ཅུག༌ག༌ ཛད༌ཁན༌ནི༌ མི༌བོའ༌ ཟེརས༌, “དི༌རིང༌ ཤབ༌བད༌དི༌ ངལ༌ཚོའེ༌ ཞག༌ག༌ ཁྱོ༌རང༌ངི༌ ལས༌ ཅོ༌མི༌ཆོག༌། ཆོས༌ཁྲིམས༌ ནང༌ཞིན༌ ཁྱོ༌རང༌ང༌ ཉལ༌སྟན༌ ཁུར༌ཅེས༌སི༌ གོངས༌པ༌ མི༌ཏང༌།”
11ཁོའེ༌ ཁོང༌གུན༌ལ༌ ལན༌ཏངས༌, “ང༌ ཕན༌ཅུག༌ག༌ ཛད༌ཁན༌ནི༌ མི༌བོའེ༌ མོལ༌ལ༌རག༌ ‘རང༌ངི༌ ཉལ༌སྟན༌ ཁུར༌ཏེ༌ གྲུལ༌།’”
12ཁོང༌གུན༌ནི༌ ཁོའ༌ ཏྲིས༌, “ཁྱོ༌རང༌ང༌ ཉལ༌སྟན༌ ཁུར༌ཏེ༌ གྲུལ༌ ཟེར༌ཁན༌བོ༌ སུ༌ ཨིན༌ནོག༌?”
13ཁོའ༌ ཁོ༌ ཕན༌ཅུག༌ཁན༌བོ༌ སུ༌ ཨིན༌ གྱུས༌ མེད༌པིན༌, ཅིའ༌ཞུ༌ན༌ ཡེ༌ཤུ༌ ཏེ༌རུ༌ མི༌ཚོགས༌སི༌ ནང༌ང༌ སྟོར༌ སོང༌། 14སྟིང༌ནེ༌ ཡེ༌ཤུའི༌ ཁོ༌ ཆོད༌ཁང༌ངི༌ ནང༌ང༌ ཟིགས༌ ཡང༌ ཁོའ༌ མོལས༌, “ལྟོས༌ ཏ༌ ཁྱོ༌རང༌ གྱལ༌ཏེ༌ ཨིན༌ནོག༌། སྡིག༌པ༌ ཅོ༌ཅེས༌ ཕོང༌, ཏེ༌ མན༌ན༌ ཁྱོ༌རང༌ང༌ འི༌ སང༌ ཐུའ༌ ཇུང༌སྲིད༌ཅེས༌ ཨིན༌ནོག༌།” 15ཏེ༌ནེ༌ ཁོ༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ཀ༌ སོང༌ཏེ༌ ཟེརས༌, “ང༌ ཕན༌ཅུག༌ག༌ ཛདས༌ཁན༌བོ༌ ནི༌ ཡེ༌ཤུ༌ ཨིན༌ནོག༌།”
དཀོན༌མཆོག༌གི༌ སྲས༌སི༌ ཝང༌ཆ༌།
5:16-30
16གཙོ༌བོ༌ ཡེ༌ཤུའི༌ ཏེན༌ན༌ ཙོགས༌སི༌ ཧ༌ལས༌ཤེས༌སི༌ ཛད༌པ༌གུན༌ ཤབ༌བད༌དི༌ ངལ༌ཚོའེ༌ ཞག༌ག༌ ཛད༌ པ༌སང༌, ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཁོང༌ངི༌ མོལ༌ཁན༌ དང༌ ཛད༌ཁན༌ གུན༌ནི༌ གྱབ༌གལ༌ ཅོ༌ཅེས༌ གོ༌ཟུག༌། 17ཨིན༌ནའང༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, “ངའེ༌ ཡབ༌ དཀོན༌མཆོག༌གི༌ ཏུས༌གྱུན༌ ཆག༌ལས༌ ཛད༌ཅེས༌པོའེ༌, ངེའང༌ ཅོའད༌།” 18ཡ༌ཧུ༌དཱ༌པ༌གུན༌ནི༌ ཁོང༌ སད༌ཅེས༌སི༌ རྩོན༌གྲུས༌ མང༌ང༌ སྲན༌ཏྲེ༌ ཅོས༌, ཅིའ༌ཟེར༌ན༌ ཡེ༌ཤུའི༌ ཡ༌ཧུ༌དཱ༌པོའེ༌ ཤབ༌བད༌དི༌ ཞག༌གི༌ ཁྲིམས༌པོ༌ ཅག༌ཅེས༌, མ༌ཚད༌ ཁོང༌ངི༌ དཀོན༌མཆོག༌ག༌ ཁོང༌རང༌ངི༌ ཡབ༌ མོལ༌ཏེ༌ ཁོང༌རང༌ དཀོན༌མཆོག༌ དྲན༌དྲ༌ ཐེའ༌ཛདས༌།
19ཡེ༌ཤུའི༌ ཁོང༌གུན༌ལ༌ ལན༌སལས༌, “ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, སྲས༌ ཁོ༌རང༌ ཅིག༌པོའ༌ ཅའང༌ ཅོ༌ཉན༌ན༌ མ༌ནོག༌། ཡབ༌ དཀོན༌མཆོག༌གི༌ ཛད༌ཁན༌ ཁོའེ༌ ཐོང༌ཁན༌བོ༌ མ༌ནེ༌ སྲས༌སི༌ ཅོའ༌ མ༌ནོག༌། ཡབ༌བི༌ ཅི༌ ཅོའ༌ ཛད༌ནའང༌ སྲས༌སིའང༌ ཅོའ༌ནོག༌། 20ཡབ༌བི༌ སྲས༌ལ༌ ཅམས༌པ༌ ཛད༌ཅེས༌པོའེ༌ ཁོང༌ངི༌ ཆག༌ལས༌ ཚང༌མ༌ སྲས༌ལ༌ སྟན༌ན༌ ཛད༌ད༌ནོག༌། ཡབ༌བི༌ འི༌གུན༌ནི༌ སང༌ ཇིགས༌པོ༌ ལས༌གུན༌ སྲས༌ལ༌ ཅོ༌ཅེས༌ལ༌ སྟན༌ན༌ ཛད༌ཨིན༌, ཏེ༌ནེ༌ ཁྱོ༌ཞ༌གུན༌ མང༌ང༌ ཧ༌ལས༌ཨིན༌། 21སྤེར༌ན༌ ཀ༌ཟུག༌ ཡབ༌བི༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ང༌ ཛད༌ཏེ༌ སྲོག༌ སལ༌ལད༌, ཏེན༌ན༌ ཙོགས༌ལ༌ སྲས༌སིའང༌ ཁོ༌རང༌ ཐད༌ཁན༌གུན༌ལ༌ མི༌ཚེ༌ ཏང༌ཨིན༌། 22ཡབ༌བི༌ སུ༌ཞིག༌གའང༌ ཤགས༌ མ༌ཛད༌ད༌, ཤགས༌ ཅད༌ཅེས༌སི༌ ཝང༌ ཚང༌མ༌ སྲས༌ལ༌ སལ༌ལ༌ ཛད༌ཏེ༌ ཨིན༌། 23ཏེ༌ ཝང༌བོ༌ སལ༌ལ༌ ཛད༌ཅེས༌སི༌ གྱུན༌ཚན༌བོ༌ ནི༌, ཀ༌ཟུག༌གི༌ ཡབ༌བ༌ མི༌ཚང༌མའེ༌ རྩི༌ཝ༌ ཅོའད༌ ཏེན༌ན༌ ཙོགས༌ལ༌ མི༌ཚང༌མའེ༌ སྲས༌ལའང༌ རྩི༌ཝ༌ ཏང༌ཅེས༌པོ༌ ཨིན༌ནོག༌། སྲས༌ལ༌ རྩི༌ཝ༌ མ༌ཅོ༌ཁན༌གུན༌ནི༌ ཏན༌ཏན༌ལ༌ སྲས༌ ཀལ༌ལ༌ ཛད༌ཁན༌ནི༌ ཡབ༌བའང༌ རྩི༌ཝ༌ མ༌ཅོའ༌ ཨིན༌ནོག༌།”
24“ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ངའེ༌ ལོན༌གུན༌ལ༌ ཉན༌ཏེ༌ ང༌ ཀལ༌ཁན༌ནི༌ དཀོན༌མཆོག༌གི༌ཀ༌ ཏད༌པ༌ ཁྱོང༌ཁན༌གུན༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཡོད༌, ཡང༌ ཁོང༌གུན༌ནི༌ སྡིག༌པ༌གུན༌ལ༌ ཆད༌པ༌ མི༌ཕོག༌། ཁོང༌གུན༌ ཤི༌ཅེས༌ནེ༌ ཐར༌ཏེ༌ ཐའ༌མེད༌པའེ༌ མི༌ཚེ༌ ནང༌ང༌ ལེབས༌ཏེ༌ ཨིན༌ནོག༌།”
25“ངའེ༌ ཁྱོ༌ཞའ༌ དེན༌བ༌ དེན༌བ༌ ཟེར༌རད༌, ཏུས༌པོ༌ ལེབ༌ཅེས༌ ཡོད༌ མ༌ཚད༌ ལེབ༌ ཚར༌ཏེ༌ ཨིན༌, ནམ༌ སེམས༌ཉིད༌དི༌ ཐོག༌ནེ༌ ཤི༌ཁན༌གུན༌ནི༌, དཀོན༌མཆོག༌གི༌ སྲས༌སི༌ སྐད༌ ཚོར༌ཨིན༌། ཡང༌ ཚོར༌ཏེ༌ ཨིད༌ཤེས༌ ཅོ༌ཁན༌གུན༌ སོན༌ཏེའ༌ ལུས༌ཨིན༌། 26ཀ༌ཟུག༌གི༌ ཡབ༌བ༌ སྲོག༌ སལ༌ཅེས༌སི༌ ཝང༌ ཡོད༌, ཏེན༌ན༌ ཙོགས༌ལ༌ ཁོང༌ངི༌ སྲས༌ལ༌ སྲོག༌ ཏང༌ཅེས༌སི༌ ཝང༌བོ༌ སལ༌ལ༌ ཛད༌ཏེ༌ ཨིན༌། 27ཁོ༌ ནི༌ མི༌རིགས༌སི༌བུ༌ ཨིན༌ པ༌སང༌, ཡབ༌བི༌ ཁོའ༌ ཤགས༌ ཅད༌ཅེས༌སི༌ ཝང༌ཆ༌ སྟད༌ད༌ ཛད༌ཏེ༌ ཨིན༌། 28ངའེ༌ ཟེར༌ཁན༌བོའ༌ ཧ༌ མ༌ལས༌ཤིག༌, ཏེ༌ཏུས༌པོ༌ ལེབ༌ཅེས༌ ཡོད༌, ནམ༌ ཤི༌ཁན༌ ཚང༌མའེ༌ སྤུར༌ཁང༌ངི༌ ནང༌ང༌ དཀོན༌མཆོག༌གི༌ སྲས༌སི༌ སྐད༌པོ༌ ཚོར༌ཏེ༌ 29སྤུར༌ཁང༌གུན༌ནེ༌ བིང༌ཏེ༌ ཡོང༌ཨིན༌། ལས༌ ཟང༌པོ༌ ཅོ༌ཁན༌གུན༌ ཐའ༌མེད༌པའེ༌ མི༌ཚེ༌ ཕིའ༌, ཡང༌ ངན༌པ༌ ཅོ༌ཁན༌གུན༌ ཐའ༌མེད༌པའེ༌ ཆད༌པའེ༌ ཕིའ༌ ལང༌ཨིན༌། 30ངའ༌ ང༌རང༌ང༌ ཅའང༌ ཅོ༌ མི༌ཉན༌, དཀོན༌མཆོག༌གི༌ མོལ༌ཁན༌ ནང༌ཞིན༌ལ༌ ཤགས༌ ཏང༌ངད༌, ཡང༌ ངའེ༌ ཤགས༌གུན༌ནི༌ ཀྲང༌པོ༌ ཨིན༌ ཅིའ༌ཟེར༌ན༌ ངའེ༌ ང༌རང༌ ཐད༌ཁན༌ ནང༌ཞིན༌ མན༌པ༌, ང༌ ཀལ༌ལ༌ ཛད༌ཁན༌ནི༌ ཡབ༌བི༌ ཐུགས༌ཐད༌ ནང༌ཞིན༌ ཅོའད༌།”
གཙོ༌བོ༌ ཡེ༌ཤུའི༌ སྐོར༌ལ༌ སྤང༌པོ༌།
5:31-47
31གཙོ༌བོ༌ ཡེ༌ཤུའི༌ ཏ༌རུང༌ངའང༌ མོལས༌, “ཀལ༌ཏེས༌ ངའེ༌ ང༌རང༌ངི༌ སྐོར༌ལ༌ སྤང༌པོ༌ ཏང༌ངད༌ན༌ ངའེ༌ སྤང༌པོ༌བོའ༌ ཞན༌མ༌གུན༌ དེན༌ མི༌ཤེས༌། 32ཞན༌མ༌ཞིག༌གི༌ ངའེ༌ སྐོར༌ལ༌ སྤང༌པོ༌ སལ༌ལད༌, ཡང༌ ང༌ གྱུས༌ཡོད༌ ཁོང༌ངི༌ ངའེ༌ སྐོར༌ལ༌ སལ༌ཁན༌ནི༌ སྤང༌པོ༌ ཀྲང༌པོ༌ ཨིན༌། 33ཁྱོ༌ཞའེ༌ ཡོ༌ཧཱ༌ནན༌ནི༌ཀ༌ མི༌གུན༌ ཏྲིའ༌ལ༌ ཀལས༌པ༌, ཁོང༌ངི༌ ངའེ༌ སྐོར༌ལ༌ དེན༌བའེ༌ སྤང༌པོ༌ ཏངས༌། 34ང༌ མི༌གུན༌ནི༌ སྤང༌པོའ༌ རག༌ལས༌ཏེ༌ མེད༌, ཨིན༌ནའང༌ ཁྱོ༌ཞ༌གུན༌ལ༌ ཐར༌པ༌ ཐོབ༌ཅེས༌སི༌ ཕིའ༌ ཡོ༌ཧཱ༌ནན༌ནི༌ སྤང༌པོའེ༌ སྐོར༌ལ༌ ཤད༌དད༌། 35ཡོ༌ཧཱ༌ནན༌ ནི༌ འོད༌ ལྡང༌ཤན༌ བར༌ཨིན༌ ཡོད༌ཁན༌ཞིག༌ ཨིན༌པིན༌, ཡང༌ ཁྱོ༌ཞ༌གུན༌ སྐབས༌སྟོགས༌ཤིག༌ ཏེ༌ འོད༌པོའེ༌ ལྡངས༌སི༌ ནང༌ང༌ དུགས༌ཏེ༌ ཐད༌པོ༌ ཅོས༌། 36ངའེ༌ ལག༌ག༌ ཡོ༌ཧཱ༌ནན༌ནི༌ སྤང༌པོའེ༌ སང༌ ཇིགས༌པོ༌ སྤང༌པོ༌ཞིག༌ ཡོད༌, ཡབ༌ དཀོན༌མཆོག༌གི༌ ངའ༌ གྲུབ༌ཅུག༌ཅེས༌ལ༌ སྟད༌ད༌ ཛད༌ཁན༌ནི༌ ལས༌གུན༌ ངའེ༌ ཅོ༌ཨིན༌ ཡོད༌ ཡང༌ ཏེན༌ན༌ ལས༌གུན༌, ང༌ ཡབ༌བི༌ ཀལ༌ལ༌ ཛད༌ཁན༌བོའེ༌ སྤང༌པོ༌ ཨིན༌། 37ང༌ ཀལ༌ལ༌ ཛད༌ཁན༌ནི༌ ཡབ༌བི༌, ངའེ༌ སྐོར༌ལ༌ སྤང༌པོ༌ སལ༌ཏེ༌ ཨིན༌། ཁྱོ༌ཞ༌གུན༌ནི༌ ཁོང༌ངི༌ སུང༌སྐད༌ མ༌ནེ༌ མ༌ཚོར༌ར༌ ཡ༌ ཁོང༌ངི༌ ཡིབས༌ མ༌ནེ༌ མ༌ཇལ༌ལ༌ ཨིན༌ནོག༌། 38ཁོང༌ངི༌ ལོན༌ ཁྱོ༌ཞ༌གུན༌ནི༌ སྙིང༌ངི༌ ནང༌ང༌ ལུས༌ས༌ མི༌དུག༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ང༌ དཀོན༌མཆོག༌གི༌ ཀལ༌ལ༌ ཛད༌ཁན༌བོའེ༌ཀ༌ དེན༌ མ༌ཤེས༌།”
39“ཁྱོ༌ཞའེ༌ ཏམ༌པའེ༌ སུང༌རབས༌ལ༌ མ༌ ཞིབ༌སལ༌ ཉམ༌པོ༌ ལོབ༌ཇོང༌ ཅོ༌རུག༌, ཅིའ༌ཟེར༌ན༌ ཁྱོ༌ཞ༌གུན༌ནི༌ ཏམ༌པའེ༌ སུང༌རབས༌ གྱུད༌ཏེ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌བ༌ནོག༌ སམ༌དུག༌། ཏེན༌ན༌ སུང༌རབས༌པོའེ༌ ངའེ༌ སྐོར༌ལ༌ སྤང༌པོ༌ ཏང༌ང༌ནོག༌། 40ཏེ༌ནེའང༌ ངའེ༌ཀ༌ ཨིད༌ཤེས༌ ཅོས༌ཏེ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཅེས༌ལ༌ ཁྱོ༌ཞའ༌ ཐད༌ད༌ མི༌དུག༌།”
41“ང༌ ནི༌ མི༌གུན༌ནི༌ སྟོད༌པ༌ ཏང༌ཅེས༌པོའ༌ ཐད༌ད༌མེད༌, 42ཨིན༌ནའང༌ ཁྱོ༌ཞ༌གུན༌ནི༌ སེམས༌སི༌ ནང༌ང༌ དཀོན༌མཆོག༌གི༌ ཕིའ༌ ཅམས༌པ༌ མེད༌ཁན༌བོ༌ ང༌ གྱུས༌ཡོད༌། 43ང༌ ང༌རང༌ངི༌ ཡབ༌བི༌ ཝང༌ཆའེ༌ ནང༌ང༌ ཡོང༌ནའང༌ ཁྱོ༌ཞ༌གུན༌ནི༌ ང༌ གའ༌སུས༌ མ༌ཅོས༌། ཀལ༌ཏེས༌ ཞན༌ཞིག༌ ཁོ༌རང༌ངི༌ ཝང༌ཆའེ༌ ནང༌ང༌ ཡོང༌ན༌ ཁྱོ༌ཞ༌གུན༌ནི༌ ཁོའ༌ གའ༌སུས༌ ཅོ༌ཨིན༌། 44ཁྱོ༌ཞ༌གུན༌ནི༌ ཀ༌ཟུག༌གི༌ ངའེ༌ཀ༌ ཏད༌པ༌ ཁྱོང༌ཨིན༌, ནམ༌ ཁྱོ༌ཞ༌གུན༌ ཅིག༌ དང༌ ཅིག༌ནེ༌ སྟོད༌པ༌ ཐོབ༌ཅེས༌ལ༌ ཐད༌དུག༌, ཨིན༌ནའང༌ དཀོན༌མཆོག༌ ཅིག༌ཅིག༌པོའེ༌ སྟོད༌པ༌ ཐོབ༌ཅེས༌པོ༌ ཙལ༌ལ༌ མི༌དུག༌།”
45“ཁྱོ༌ཞའེ༌ མ༌སམ༌ཤིག༌ ཡབ༌བི༌ སྐུན༌དུན༌ལ༌ ངའེ༌ ཁྱོ༌ཞ༌གུན༌ལ༌ སྐྱོན༌ ཀལ༌ཨིན༌། ཁྱོ༌ཞ༌གུན༌ལ༌ སྐྱོན༌ ཀལ༌ཁན༌བོ༌ ཁྱོ༌ཞ༌རང༌ངི༌ རེ༌ཝ༌ བོར༌ཁན༌ནི༌ མོ༌ཟེས༌ ཨིན༌ནོག༌། 46ཀལ༌ཏེས༌ ཁྱོ༌ཞ༌གུན༌ནི༌ མོ༌ཟེས༌སི༌ཀ༌ ཏད༌པ༌ ཅོས༌པིན༌ན༌, ངའེ༌ཀའང༌ ཏད༌པ༌ ཅོས༌ཏེ༌ ཡོད༌གྲོ༌, ཅིའ༌ཟེར༌ན༌ ཁོང༌ངི༌ ངའེ༌ སྐོར༌ལ༌ བྲིའ༌ ཛད༌ཏེ༌ ཨིན༌ནོག༌། 47ཁྱོ༌ཞ༌གུན༌ནི༌ མོ༌ཟེས༌སི༌ བྲིའ༌ ཛད༌ཁན༌བོའ༌ ཨིད༌ མ༌ཤེས༌ པ༌སང༌, ངའེ༌ ཟེར༌ཁན༌གུན༌ལ༌ ཁྱོ༌ཞའེ༌ ཀ༌ཟུག༌གི༌ དེན༌ཤེས༌ཨིན༌།”

Highlight

Share

Copy

None

Want to have your highlights saved across all your devices? Sign up or sign in

YouVersion uses cookies to personalize your experience. By using our website, you accept our use of cookies as described in our Privacy Policy