1
རོ་མཱ་པ། 12:2
Tibetan, Modern, gSungrab གསུང་རབ།
CTB
འཇིག་རྟེན་འདིའི་བྱེད་ལུགས་ལ་མ་བལྟས་པར་དཀོན་མཆོག་གི་དགོངས་པ་བཟང་པོ་དང༌། ཁོང་ཐུགས་མཉེས་པ་དང༌། ཕུན་སུམ་ཚོགས་པ་གང་ཡིན་ཤེས་པའི་ཕྱིར་ཁྱེད་ཀྱི་སེམས་གསར་དུ་སྒྱུར་བའི་ཐོག་ནས་མི་གསར་པར་གྱུར་ཅིག
Compare
Explore རོ་མཱ་པ། 12:2
2
རོ་མཱ་པ། 12:1
དེའི་ཕྱིར་སྤུན་ཟླ་རྣམས། དཀོན་མཆོག་གིས་ཁྱེད་ཚོར་ཐུགས་རྗེ་གནང་བས་ཁྱེད་ཀྱི་ལུས་ནི་གསོན་པོ་དང་དམ་པ། དཀོན་མཆོག་ཐུགས་མཉེས་པའི་མཆོད་པ་ལྟར་འབུལ་བར་སྐུལ། དེ་ནི་ཁྱེད་ཚོའི་བདེན་པའི་བསྙེན་བཀུར་ཡིན།
Explore རོ་མཱ་པ། 12:1
3
རོ་མཱ་པ། 12:12
རེ་བ་ལ་བརྟེན་ནས་དགའ། སྡུག་བསྔལ་མྱོང་དུས་བཟོད་པ་སྒོམ། སྨོན་ལམ་ལ་རྟག་ཏུ་གནས་པར་གྱིས་ཤིག
Explore རོ་མཱ་པ། 12:12
4
རོ་མཱ་པ། 12:21
ངན་པ་ཡིས་འཕམ་པར་མ་འགྱུར་ཏེ་བཟང་པོ་ཡིས་ངན་པ་ཆོམ་ཞིག །
Explore རོ་མཱ་པ། 12:21
5
རོ་མཱ་པ། 12:10
སྤུན་ལྟར་ཕན་ཚུན་ལ་སྙིང་ནས་བྱམས་པ་བྱོས། གཅིག་གིས་གཅིག་ལ་བརྩོན་སེམས་ཀྱིས་བཀུར་སྟི་བྱོས་ཤིག
Explore རོ་མཱ་པ། 12:10
6
རོ་མཱ་པ། 12:9
བྱམས་པ་ནི་བཅོས་མིན་ཞིག་དགོས། ངན་པར་སྡང་ཞིང་བཟང་པོ་ཟུངས་ཤིག
Explore རོ་མཱ་པ། 12:9
7
རོ་མཱ་པ། 12:18
གལ་ཏེ་སྲིད་ན་གང་ཐུབ་ཅི་ཐུབ་ཀྱིས་མི་ཐམས་ཅད་དང་ཞི་བདེར་གནས་ཤིག
Explore རོ་མཱ་པ། 12:18
8
རོ་མཱ་པ། 12:19
གཅེས་པ་རྣམས། དགྲ་ཤ་ནམ་ཡང་མ་ལེན་ཞིག དཀོན་མཆོག་གི་ཐུགས་ཁྲོ་ལ་ཆོལ། གང་ཡིན་ཞེ་ན། གསུང་རབ་ཀྱི་མདོ་ལས། གཙོ་བོས། ངན་པ་བྱེད་མཁན་རྣམས་ལ་ཆད་པ་གཏོང་རྒྱུ་ཡིན། ངས་ལན་འཇལ་ལོ་ཞེས་གསུངས།
Explore རོ་མཱ་པ། 12:19
9
རོ་མཱ་པ། 12:11
བརྩོན་འགྲུས་ཉམས་སུ་མ་འཇུག བརྩོན་སེམས་དང་ལྡན་པ་གྱིས་ཤིག གཙོ་བོ་ལ་ཞབས་ཕྱི་བྱོས།
Explore རོ་མཱ་པ། 12:11
10
རོ་མཱ་པ། 12:3
ང་ལ་གནང་བའི་ཐུགས་རྗེའི་སྒོ་ནས་ངས་ཁྱེད་ཚོ་རེ་རེར་རང་མཐོང་ཆེན་པོ་མི་བྱེད་པར་དཀོན་མཆོག་གིས་ཁྱེད་ལ་གནང་བའི་དད་པའི་ཚད་དང་བསྟུན་ཏེ། རང་ཉིད་ལ་གདེང་འཇོག་འཚམ་པོར་བྱས་ནས་སོམས་ཞེས་བསྒོའོ།
Explore རོ་མཱ་པ། 12:3
11
རོ་མཱ་པ། 12:17
སུ་ལ་ཡང་ངན་པར་ངན་ལན་མ་འཇལ་ཞིག མི་ཐམས་ཅད་ཀྱི་དྲུང་དུ་ཡ་རབས་བྱེད་ཅིག
Explore རོ་མཱ་པ། 12:17
12
རོ་མཱ་པ། 12:16
ཕན་ཚུན་མཐུན་ནས་གནས་པར་གྱིས་ཤིག རང་མཐོང་ཆེན་པོ་མི་བྱེད་པར་དམའ་བ་རྣམས་དང་འགྲོགས། རང་མཁས་པ་ཡིན་པར་མ་རློམས་ཤིག
Explore རོ་མཱ་པ། 12:16
13
རོ་མཱ་པ། 12:20
ཁྱེད་ཀྱི་དགྲ་བོ་ལྟོགས་ན་ཁ་ཟས་དང༌། ། སྐོམ་པས་མནར་ན་བཏུང་བྱ་སྟེར་བར་བྱ། ། དེ་ལྟར་བྱས་ན་དགྲ་བོའི་མགོ་སྟེང་ལ། ། སོལ་བ་དམར་མོའི་མེ་ཁོག་བཞག་པ་ཡིན། །
Explore རོ་མཱ་པ། 12:20
14
རོ་མཱ་པ། 12:14-15
ཁྱེད་ཚོར་གནོད་འཚེ་བྱེད་མཁན་ལ་བྱིན་གྱིས་རློབས། ཁོ་ཚོར་དམོད་མོ་མི་བྱེད་པར་བྱིན་གྱིས་རློབས་ཤིག དགའ་བར་བྱེད་མཁན་རྣམས་དང་མཉམ་དུ་དགའ་ཞིང༌། མྱ་ངན་མཁན་རྣམས་དང་མྱ་ངན་མཉམ་མྱོང་གྱིས་དང༌།
Explore རོ་མཱ་པ། 12:14-15
15
རོ་མཱ་པ། 12:13
དད་ལྡན་རྣམས་ལ་གང་དགོས་པར་རོགས་རམ་བྱེད་ཅིང༌། མགྲོན་པོ་གང་ཡིན་ལ་སྣེ་ལེན་བྱོས།
Explore རོ་མཱ་པ། 12:13
16
རོ་མཱ་པ། 12:4-5
ལུས་གཅིག་ལ་ཡན་ལག་མང་པོ་ཡོད་ཅིང༌། ཡན་ལག་རེ་རེར་ནུས་པ་མི་གཅིག་པ་ཡོད་པ་བཞིན། དེ་ལྟར་ངེད་རྣམས་མི་མང་པོ་ཡོད་ཀྱང་མཱ་ཤི་ཀའི་ནང་དུ་ལུས་གཅིག་ཏུ་གྱུར་ཞིང༌། སོ་སོ་ཕན་ཚུན་གྱི་ཡན་ལག་ཡིན།
Explore རོ་མཱ་པ། 12:4-5