ངས་ཁོ་ཚོ་ཁོ་ནའི་དོན་དུ་མ་ཟད། ཁོ་ཚོས་ཆོས་བསྟན་པའི་སྒོ་ནས་ང་ལ་དད་པར་འགྱུར་བ་རྣམས་ཀྱི་དོན་དུ་ཡང་གསོལ་བ་འདེབས། དེ་ནི་ཁོ་ཚོ་ཐམས་ཅད་གཅིག་ཏུ་འགྱུར་བའི་ཕྱིར་རོ། ཇི་ལྟར་ཡབ་ཁྱེད་ནི་ངའི་ནང་ན་བཞུགས་ཏེ། ང་ཡང་ཁྱེད་ཀྱི་ནང་ལ་ཡོད་པ་དེ་ལྟར་དེ་ཚོའང་ངེད་གཉིས་ཀྱི་ནང་ན་གཅིག་ཏུ་འགྱུར་བར་ཞུ། དེ་ནས་འཇིག་རྟེན་གྱི་མི་རྣམས་ཀྱིས་ང་ནི་ཁྱེད་ཀྱིས་མངགས་པ་ཡིན་པར་དད་པ་བྱེད་པར་འགྱུར།