1
རོ་མཱ་པ། 9:16
New Tibetan Bible བོད་འགྱུར་གསར་མ།
NTB
དེའི༌ཕྱིར། དོན་དེ་ནི་ཐུགས་རྗེ་གནང་མཁན་དཀོན་མཆོག་ལ་རག་ལས་པ༌ལས། མིའི་འདོད་པའམ་རྩོལ་བ་ལ་རག་མི་ལས་པ་ཡིན།
Compare
Explore རོ་མཱ་པ། 9:16
2
རོ་མཱ་པ། 9:15
ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་མོ་ཤེ་ལ་འདི་སྐད༌དུ། ངས་སུ་ཞིག་ལ་སྙིང་རྗེ་བར་འདོད་ན་དེ་ལ་སྙིང་རྗེ་བར༌བྱའོ།། ཡང་སུ་ཞིག་ལ་བརྩེ་བར་བསམ་ན་དེ་ལ་བརྩེ་བར་བྱའོ་ཞེས་གསུངས་པས༌སོ།།
Explore རོ་མཱ་པ། 9:15
3
རོ་མཱ་པ། 9:20
འོན་ཀྱང་། ཁྱོད་ནི་མི་སུ་ཞིག་ཡིན༌འདོད་དམ། ཁྱོད་ཀྱིས་དཀོན་མཆོག་ལ་ཚིག་ལོག་བརྗོད་ནུས༌སམ། དཔེར་ན། བསྐྲུན་པའི་དངོས་པོ་དེས་སྐྲུན་མཁན༌ལ། ཁྱེད་ཀྱིས་ཅིའི་ཕྱིར་ང་རང་འདི་ལྟར་བཟོས་སམ་ཞེས༌སྨྲའམ།
Explore རོ་མཱ་པ། 9:20
4
རོ་མཱ་པ། 9:18
དེ་བས༌ན། དཀོན་མཆོག་གིས་སུ་ཞིག་ལ་ཐུགས་རྗེ་གནང་བར་དགོངས་ན་དེ་ལ་ཐུགས་རྗེ་གནང་བ༌དང༌། སུ་ཞིག་གི་སེམས་རྒྱུད་གྱོང་པོར་མཛད་པར་དགོངས༌ན་དེའི་སེམས་རྒྱུད་གྱོང་པོར་མཛད༌པའོ།།
Explore རོ་མཱ་པ། 9:18
5
རོ་མཱ་པ། 9:21
ཡང་ན་རྫ་ཆས་བཟོ་མཁན་གྱིས་འདམ་ཉུང་ཙམ་བླངས་ནས་སྣོད་ཆས་བཟོས་ཏེ་མཆོག་དམན་གང་ཞིག་ཏུ་བཀོལ་བའི་དབང་ཆ་ཁོ་ལ་མེད༌དམ།
Explore རོ་མཱ་པ། 9:21
Home
Bible
Plans
Videos