འོན་ཀྱང་ཁྱོད་ཅག་གི་ཁྲོད་དུ་དེ་ལྟར་བྱ་མི་རུང༌སྟེ། ཁྱོད་ཅག་ལས་སུ་ཞིག་ཆེན་པོར་འགྱུར་འདོད་པ་དེ་ཁྱོད་ཅག་གི་ཞབས་ཕྱི་པར་འགྱུར་དགོས༌ཤིང༌། ཡང་ཁྱོད་ཅག་ལས་སུ་ཞིག་མཆོག་ཏུ་འགྱུར་འདོད་པ་དེ་ཁྱོད་རྣམས་ཀྱི་བྲན་གཡོག་ཏུ་འགྱུར༌དགོས། དེ་བཞིན་དུ་མིའི་བུའང་མི་གཞན་གྱི་ཞབས་ཕྱི་འཐོབ་པའི་ཕྱིར་ཡོང་བ་མ་ཡིན༌པར། མི་གཞན་ལ་ཞབས་ཕྱི་བསྒྲུབ་པ་དང་རང་སྲོག་ཕུལ་ནས་མི་མང་པོ་བླུ་བའི་ཆེད་དུ་ཡོང་བ་ཡིན་ཞེས་གསུངས༌སོ།།