དེ་ནས་བུད་མེད་ཡོང་ནས་པུས་མོ་སར་བཙུགས་ཤིང་ཁོང་ལ་ཕྱག་བཙལ་ཏེ། གཙོ་བོ༌ལགས། ང་ལ་སྐྱབས་མཛོད་ཅིག་ཅེས་ཞུས་པ༌ན། ཁོང་གིས་འདི་སྐད༌དུ། ཕྲུ་གུའི་ཟས་སྐལ་ཁྱི་ལ་སྟེར་མི་རུང་ཞེས་གསུངས༌སོ།། ཡང་བུད་མེད་ན༌རེ། ལགས༌སོ། །གཙོ་བོ༌ལགས། འོན་ཀྱང་ཁྱི་ཡིས་བདག་པོའི་ཅོག་ཙེ་འོག་གི་ཟས་ཧྲུག་ཀྱང་ཟ་བ་ཡིན་ཞེས་ཞུས༌སོ།།