1
ལེ་ཝིའི་ཚུལ་ཁྲིམས། 19:18
New Tibetan Bible བོད་འགྱུར་གསར་མ།
NTB
འཁོན་ལན་སློག་མི་རུང་ལ། ཁྱོད་རང་གི་མི་རྣམས་ལ་འཁང་ར་ཡང་བྱེད་མི་རུང་ཞིང་། ཁྱོད་ཀྱིས་ཁྱིམ་མཚེས་ལའང་རང་དང་འདྲ་བར་གཅེས་ཤིག བདག་ནི་ཡ་ཝཱེ་ཡིན་ནོ། །
Compare
Explore ལེ་ཝིའི་ཚུལ་ཁྲིམས། 19:18
2
ལེ་ཝིའི་ཚུལ་ཁྲིམས། 19:28
གཤིན་པོའི་ཕྱིར་དུ་རང་གི་ཤ་གཅོད་མི་རུང་ལ། ལུས་སྟེང་དུ་རི་མོ་གཙགས་མི་རུང་། བདག་ནི་ཡ་ཝཱེ་ཡིན་ནོ། །
Explore ལེ་ཝིའི་ཚུལ་ཁྲིམས། 19:28
3
ལེ་ཝིའི་ཚུལ་ཁྲིམས། 19:2
ཁྱོད་ཀྱིས་ཡེས་ར་ཨེལ་པ་རྣམས་ཀྱི་མི་ཚོགས་ཐམས་ཅད་ལ་འདི་ལྟར་ཤོད་དང་། ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་བདག་ནི་དམ་པ་ཡིན་པའི་ཕྱིར། ཁྱོད་རྣམས་ཀྱང་དམ་པ་ཡིན་དགོས་སོ། །
Explore ལེ་ཝིའི་ཚུལ་ཁྲིམས། 19:2
4
ལེ་ཝིའི་ཚུལ་ཁྲིམས། 19:17
ཁྱོད་ཀྱི་སེམས་སུ་རང་གི་སྤུན་ཟླར་སྡང་མི་རུང་། ཁྱོད་ཀྱིས་རང་གི་ཁྱིམ་མཚེས་ཀྱི་རྐྱེན་གྱིས་སྡིག་པ་མི་འབྱུང་བའི་ཕྱིར་དེའི་སྐྱོན་སྟོན་དགོས།
Explore ལེ་ཝིའི་ཚུལ་ཁྲིམས། 19:17
5
ལེ་ཝིའི་ཚུལ་ཁྲིམས། 19:31
ལྷ་པ་རྣམས་ཀྱི་ཕྱོགས་སུ་འཁོར་མི་རུང་ལ། མོ་པ་རྣམས་ལ་ཞུ་ཡང་མི་རུང་སྟེ། ཁྱོད་རང་དེ་དག་གིས་བཙོག་པར་མི་བྱེད་པའི་ཕྱིར་ཡིན། བདག་ནི་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་ཡིན་ནོ། །
Explore ལེ་ཝིའི་ཚུལ་ཁྲིམས། 19:31
6
ལེ་ཝིའི་ཚུལ་ཁྲིམས། 19:16
མི་མང་གི་ཁྲོད་དུ་གང་སར་དབྱེན་སྦྱོར་རྩོད་སློང་བྱེད་མི་རུང་ལ། ཁྱིམ་མཚེས་ཀྱི་ཚེ་སྲོག་ལ་གནོད་འཚེ་གཏོང་མི་རུང་སྟེ། བདག་ནི་ཡ་ཝཱེ་ཡིན་ནོ། །
Explore ལེ་ཝིའི་ཚུལ་ཁྲིམས། 19:16