1
ཡ་ཀོབ། 5:16
New Tibetan Bible བོད་འགྱུར་གསར་མ།
དེ་བས་ཁྱོད་ཅག་གིས་རང་རང་གི་སྡིག་ཉེས་ཕན་ཚུན་ལ་ཁས་ལེན་ཞིང༌། ཕན་ཚུན་གྱི་ཆེད་དུ་དཀོན་མཆོག་ལ་གསོལ་བ་བཏབ་ན་ཁྱོད་རྣམས་སོས་པར༌འགྱུར། མི་གཞུང་དྲང་གི་སྨོན་ལམ་ལ་ཕན་ནུས་ཆེན་པོ་ལྡན༌ནོ།།
Compare
Explore ཡ་ཀོབ། 5:16
2
ཡ་ཀོབ། 5:13
ཁྱོད་རྣམས་ལས་སུ་ཞིག་གིས་སྡུག་བསྔལ་མྱོང་བ་ཡིན༌ན་དཀོན་མཆོག་ལ་གསོལ་བ་འདེབས་འོས་སོ།། སུ་ཞིག་ལ་དགའ་སྤྲོ་ཡོད༌ན་དཀོན་མཆོག་ལ་བསྟོད་དབྱངས་འབུལ་དགོས་སོ།།
Explore ཡ་ཀོབ། 5:13
3
ཡ་ཀོབ། 5:15
རྒན་པོ་རྣམས་ཀྱིས་དད་པའི་སྒོ་ནས་གསོལ་བ་བཏབ་སྟེ་ནད་པ་གསོ་བར་བྱེད༌ཅིང༌། གཙོ་བོས་ནད་པ་དེ་ཡར་བསླང་བར་མ༌ཟད། ནད་པ་དེས་སྡིག་པ་བྱས་ཡོད་ན་སྡིག་པའང་བསལ་ངེས༌སོ།།
Explore ཡ་ཀོབ། 5:15
4
ཡ་ཀོབ། 5:14
ཁྱོད་རྣམས་ལས་སུ་ཞིག་ལ་ན་ཚ་བྱུང༌ན། ཆོས་ཚོགས་ཀྱི་རྒན་པོ་རྣམས་བོས༌ཏེ། ཁོང་རྣམས་ཀྱིས་གཙོ་བོའི་མཚན་གྱི་སྒོ་ནས་ནད་པ་དེ་ལ་སྣུམ་གྱིས་བྱུགས་ནས་གསོལ་བ་འདེབས་དགོས་ལ།
Explore ཡ་ཀོབ། 5:14
5
ཡ་ཀོབ། 5:20
ཕྱིར་ཁྲིད་མཁན་གྱི་མི་དེས་མི་སྡིག་ཅན་ཞིག་ལོག་ལམ་ནས་ཕྱིར་ཁྲིད་ཡོང་བ༌དང༌། མི་དེ་འཆི་བ་ལས་བསྐྱབས་པར་མ༌ཟད། མི་དེའི་སྡིག་པ་མང་པོའང་བསལ་བའི་རྒྱུ་རུ་འགྱུར་བར་ཤེས་འོས་སོ།། །།
Explore ཡ་ཀོབ། 5:20
YouVersion uses cookies to personalize your experience. By using our website, you accept our use of cookies as described in our Privacy Policy
Home
Bible
Plans
Videos