རོ་མཱ་པ། 2

2
ལེའུ་གཉིས་པ།
དཀོན་མཆོག་གི་དྲང་བདེན་གྱིས་ཁྲིམས་གཅོད་དི་སྐོར།
1འོ་དེ་ལེ་བརྟེན་ཏེ། མི་གཞན་ལེ་སྐྱོན་འཛུག་བགྱིད་མཁན་ཡེ་རེ་ལེ་ཡ་ལ་དཀྲིས་ས་མེད་དིག ཅི་ལེ་ཟེར་ནི། མི་གཞན་ལེ་སྐྱོན་འཛུག་བགྱིད་རྒྱ་ཁོས་རང་གིས་རང་ལེ་ཁྲིམས་གཅོད་བགྱིད་འོད་དི་དིང་། ཡང་དེ་ནི་སྐྱོན་འཛུག་བགྱིད་མཁན་གྱིས་སྤྱོད་པ་དེ་རང་ལེ་མཚུངས་པི་ཡིན་དིག 2འོ་དེ་གི་ཅོག་འདྲ་བགྱིད་མཁན་ཀྱ་ལེ། དཀོན་མཆོག་གི་ཁྲིམས་གཅོད་ཕོག་པ་དེ་ནི། བདེན་པ་དིང་མཐུན་གྱོ་འོད་དི་ཉེད་ཀྱ་ཀྱིས་ཧ་གོ་འོད། 3མི་ཁྱོད་ཀྱིས་སྤྱོད་པ་དེ་ཅོག་འདྲ་བགྱིད་མཁན་གཞན་མ་ལེ་སྐྱོན་འདོགས་བགྱིད་འོད་ནའང་། རང་གི་སྤྱོད་པ་དེ་ཟང་དེ་རིང་མཚུངས་འོད་ཕེན། ཁྱོད་རང་དཀོན་མཆོག་གི་ཁྲིམས་གཅོད་ནས་ཐར་འོང་བསམ་གྱི་གས། 4ཡང་ནི། ཁྱོད་ཀྱིས་བསམ་གྱི་མི་ཁྱབ་པའི་དཀོན་མཆོག་གི་ཐུགས་རྗེ་བཀའ་དྲིན་དིང་། བཟོད་སྒོམ། ངང་རྒྱུ་རིང་པོ་གནང་པི་དེ་ལེ་རྩིས་མེད་གཏོང་གི་ཡིན་དས། དཀོན་མཆོག་གི་ཐུགས་རྗེ་བཀའ་དྲིན་ནི། ཁྱོད་རང་སྤྱོད་པ་ངན་པ་ཀྱ་སྤངས་ཏེ། འགྱོད་བཤགས་ཀྱི་ལམ་ལེ་འཁྲིད་རྒྱུ་ཆེད་དུ་ཡིན་དི་མི་ཤེས་འདུག་གས། 5ཡིན་ནའང་། ཁྱོད་ནི་རང་རྒྱུད་གྱོང་པོ་དིང་སྤྱོད་ངན་གྱི་བསམ་པ་དེ་བསྒྱུར་བ་མ་བཏང་ཕེན། རང་གི་ཆེད་དུ་ཆད་པ་གསོག་གྱོ་འོད་དིག ཡང་དཀོན་མཆོག་གི་ཐུགས་ཁྲོ་བའི་ཉིན་མོ་དེ་སླེབ་རྒྱ། ཁོང་གི་དྲང་བདེན་གྱི་ཁྲིམས་གཅོད་དེ་མངོན་གསལ་འོང་གྱི་དིག 6ཁོང་གིས་མི་རང་སོ་སོའི་བྱས་པའི་ལས་དེ་རིང་མཐུན་པའི་ལན་གནང་རྒྱུ་ཡིན་དི་དིང་། 7སྙིང་རུས་ངང་ནས་དོན་བཟང་པོ་སྒྲུབ་སྟེ་གཟི་བརྗིད་དིང་། བསྙེན་བཀུར། འཆི་བ་མེད་པ་འཚོལ་མཁན་ཀྱ་ལེ་མཐའ་མེད་པའི་ཚེ་སྲོག་གནང་གྱི་དིག 8ཡིན་ནའང་། སྒེར་སེམས་བཅངས་ཏེ་བདེན་པ་དེ་ལེ་བློ་མི་བསྟུན་མཁན་ངན་པའི་ལས་བགྱིད་མཁན་ཀྱ་ལེ། དཀོན་མཆོག་གིས་ཐུགས་ཁྲོ་དྲག་པོ་མཛད་ཀྱི་དིག 9ངན་པའི་ལས་བགྱིད་མཁན་སུ་ཡིན་ནའང་། དཀའ་ངལ་ཆེན་པོ་ཞིག་འོང་གྱི་དིག དང་པོ་ཡ་ཧུ་དཱ་པ་དིང་། དེ་ནས་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ལེ་ཡིན་དིག 10ཡང་བཟང་པོའི་ལས་བགྱིད་མཁན་སུ་ཞིག་ཡིན་ནའང་། དེ་ཀྱ་ལེ་གཟི་བརྗིད་དིང་། བསྙེན་བཀུར། ཞི་བདེ་འོང་གྱི་དིག དང་པོ་ཡ་ཧུ་དཱ་པ་ཀྱ་ལེ་འོང་གྱི་དིག དེ་ནས་གེ་རིག་པ་ཀྱ་ལེ་འོང་གྱི་དིག 11ཅི་ལེ་ཟེར་ནི། དཀོན་མཆོག་གིས་ཕྱོགས་རིས་མཛད་མི་གནང་འོད་དིག 12ཆོས་ཁྲིམས་མེད་དི་སྡིག་ཉེས་བགྱིད་མཁན་ཡེ་རེ་ལེ་ཆོས་ཁྲིམས་མེད་དི་རང་གིས་བྱས་པའི་སྡིག་པའི་བརྒྱུད་ནས་རྩ་མེད་འགྲོ་གྱི་དིག ཆོས་ཁྲིམས་འོད་བཞིན་དུ་སྡིག་ཉེས་བགྱིད་མཁན་ཡེ་རེ་ལེ། ཆོས་ཁྲིམས་ཀྱི་བརྒྱུད་ནས་ཁྲིམས་གཅོད་ཕོག་གྱི་དིག 13དཀོན་མཆོག་གི་དྲུང་དུ་ཆོས་ཁྲིམས་ཐོས་མཁན་ཀྱ་ནི། མི་རྣམ་དག་ཞིག་ལེ་བརྩིས་མེད་དིག ཆོས་ཁྲིམས་སྒྲུབ་མཁན་ཀྱ་ནི། མི་རྣམ་དག་ཅིག་ལེ་བརྩིས་འོད་དིག#2.13 དཀོན་མཆོག་གི་དྲུང་དུ་མི་རྣམ་དག་ཞིག་བརྩི་རྒྱུ་དེ་ནི། དཀོན་མཆོག་གིས་འུ་ཀྱ་སྡིག་ཉེས་འོད་ཡོད་ཞིག་ལེ་བརྩིས་མ་གནང་སྟེ། མི་རྣམ་པར་དག་པོ་ཞིག་ལེ་བརྩིས་གནང་ཕེན། ཁོང་གིས་ཆད་པ་དེ་འུ་ཀྱ་ལེ་མ་ཕོག་སྟེ་ཁོང་དིང་སྐྱེན་ལེ་འབྲེལ་བ་བཟང་པོ་འཐོབ་ཐུབ་པི་དེ་ཡིན་དིག 14ཅི་ལེ་ཟེར་ནི། ཆོས་ཁྲིམས་མེད་པའི་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ཀྱིས་རང་བཞིན་གྱིས་ཆོས་ཁྲིམས་ཀྱི་ལས་སྒྲུབ་པི་བགྱིད་རྒྱུ་དེ་ནི། རང་ལེ་ཆོས་ཁྲིམས་མེད་ནའང་། མི་དེ་ཀྱ་ཀྱི་སེམས་ནང་ལེ་ཁྲིམས་དེ་རང་བཞིན་འོད་དི་སྟོན་གྱོ་འོད་དིག 15མི་དེ་ཀྱ་ཀྱིས་རང་གིས་རང་ལེ་སྐྱོན་འདོགས་བགྱིད་དི་དིང་། ཡང་ནི་དྲང་པོའི་སེམས་ཀྱི་བརྒྱུད་ནས་ཟང་དཔང་པོ་བྱས་ཏེ། ཆོས་ཁྲིམས་ཀྱི་བཀའ་དེ་ཁོང་ཀྱ་ཀྱི་སེམས་ནང་ལེ་བྲིས་འོད་དི་སྟོན་གྱོ་འོད་དིག 16ངས་བཤད་དི་གཏམ་བཟང་ཅོག་འདྲ། དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་མི་ཡེ་རེའི་གསང་བ་དེ་ལེ། ཁྲིམས་གཅོད་གནང་རྒྱུ་ཡིན་དི་ཉིན་མོ་དེ་ལེ་འབྱུང་ངེས་ཡིན་དིག
ཡ་ཧུ་དཱ་པ་དིང་ཆོས་ཁྲིམས་ཀྱི་སྐོར།
17ཡིན་ནའང་། ཁྱེད་ཀྱ་ཀྱིས་ང་རང་ཡ་ཧུ་དཱ་པ་ཞིག་ཡིན་ཟེར་རི་དིང་། ཡང་ཆོས་ཁྲིམས་ལེ་བརྟེན་པ་དིང་། དཀོན་མཆོག་དིང་འབྲེལ་བ་འོད་དི་སྐོར་ལེ་འབོར་ཤོབ་བགྱིད་དི་དིང་། 18ཁྱོད་ལེ་ཆོས་ཁྲིམས་ནས་བསླབ་བྱ་ཐོབ་འོད་དི་དིང་། དཀོན་མཆོག་གི་དགོངས་པ་ཤེས་ཏེ། བདེན་རྫུན་ཅི་ཡིན་མིན་ཤེས་གྱོ་འོད་དི་དིང་། 19ཡང་ཁྱོད་རང་ནི་ལོང་བའི་ལམ་ཁྲིད་བགྱིད་མཁན་ཡིན་དི་མ་ཟད། མུན་ནག་གི་ནང་ལེ་སྡོད་མཁན་མི་ཀྱ་ཀྱི་ཆེད་དུ་འོད་ཟེར་ཡིན་དི་དིང་། 20གླེན་པ་ཀྱ་ཀྱི་སློབ་དཔོན་ཡིན་དི་དིང་། ཕྲུ་གུ་ཀྱ་ཀྱི་དགེ་རྒན་ཡིན་དི་དིང་། ཆོས་ཁྲིམས་ཀྱི་སྐོར་ལེ་ཤེས་རབ་ཕུན་སུམ་ཚོགས་པོ་འོད་ཡོད་བདེན་པའི་མིག་དཔེ་ཞིག་ཡིན་དི་རང་ལེ་ཡིད་ཆེས་བརྟན་པོ་འོད་ནི། 21མི་གཞན་ལེ་སློབ་སྟོན་བགྱིད་མཁན་ཁྱོད་ཀྱིས་རང་གིས་རང་ལེ་སློབ་སྟོན་ཅི་ལེ་མི་བགྱིད་དི་ཡིན་དོ། ཁྱོད་ཀྱིས་མི་གཞན་ལེ་མ་རྐུ་ཟིན་སློབ་བསྟན་བྱས་ནའང་། ཁྱོད་རང་ཅི་ལེ་རྐུ་མ་རྒྱག་གི་ཡིན་དོ། 22མི་གཞན་ལེ་བྱི་བོ་མ་རྒྱུགས་ཟེར་མཁན་ཁྱོད། ཁྱོད་ཀྱིས་ཅི་ལེ་བྱི་བོ་རྒྱུག་གི་ཡིན་དོ། སྐུ་འདྲ་ལེ་དགྲ་སྡང་པོ་བགྱིད་མཁན་ཁྱོད། ལྷ་ཁང་གི་རྒྱུ་ནོར་ལེ་ཁྱོད་ཀྱིས་ཧམ་འཕྲོག་ཅི་ལེ་བགྱིད་དི་ཡིན་དོ། 23ཁྱོད་ཀྱིས་ཆོས་ཁྲིམས་ཀྱི་སྐོར་ལེ་འབོར་ཤོབ་བྱས་ཏེ། ཆོས་ཁྲིམས་དིང་འགལ་ལི་ལས་བརྒྱུད་ནས་དཀོན་མཆོག་ལེ་དམའ་འབེབས་བགྱིད་དི་ཡིན་དས། 24གསུང་རབ་ནང་ལེ་བྲིས་འོད་དི་ཅོག་འདྲ། ཁྱོད་ཀྱི་རྐྱེན་གྱིས་ཡ་ཧུ་དཱ་པ་མིན་པའི་མི་ཀྱ་ཀྱིས་དཀོན་མཆོག་གི་མཚན་ལེ་སྐུར་བ་འདེབས་ཀྱི་དིག་ཟིན་བྲིས་འོད་དིག#2.24 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 52 ཨང་ 5 དིང་། ལུང་སྟོན་པ་ཨེ་ཟི་ཀི་ཨེལ་གྱིས་བྲིས་པའི་མདོ་ལེའུ་ 36 ཨང་ 22 ནང་ལེ་གཟིགས་རོགས། 25གལ་སྲིད་ཁྱོད་ཀྱིས་ཆོས་ཁྲིམས་ཀྱི་བཀའ་ལེ་ཉན་ནི། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་དེ་ལེ་ཕན་ཐོགས་འོད་དིག ཡིན་ནའང་། ཆོས་ཁྲིམས་དིང་འགལ་ནི། ཆོས་ཀྱི་རྟགས་མེད་མེད་མི་ཀྱ་དིང་ཅོག་འདྲ་མཚུངས་གྱོ་འོད་དིག#2.25 ཆོས་ཀྱི་རྟགས་ཟེར་རི་དོན་དེ་ནི། ཕོ་མཚན་གྱི་རྩེ་ལྤགས་གཅོད་རྒྱུ་དེ་ཡིན། 26འོ་དེའི་ཆེད་དུ། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་མེད་མེད་མི་ཞིག་གིས་ཆོས་ཁྲིམས་ཀྱི་བཀའ་ཡེ་རེ་བསྲུངས་པི་ཡིན་ནི། ཁོ་ལེ་རྟགས་དེ་མེད་ནའང་རྟགས་འོད་ཡོད་དིང་ཅོག་འདྲ་མི་བརྩི་འོད་དི་གས། 27ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་མེད་མེད་མི་ཞིག་གིས་ཆོས་ཁྲིམས་དེ་བསྲུངས་ནི། ཁྱེད་ཀྱ་ཀྱིས་རང་ལེ་ཆོས་ཁྲིམས་ཀྱི་རྟགས་བརྒྱབ་འོད་ནའང་། ཆོས་ཁྲིམས་འགལ་མཁན་ཀྱ་ལེ་ཁྲིམས་གཅོད་མི་གཏོང་འོད་དི་གས། 28ཅི་ལེ་ཟེར་ནི། ཕྱིའི་རྣམ་པའི་རྟགས་འོད་ཡོད་ཡ་ཧུ་དཱ་པ་ཞིག་ཡིན་ནའང་། དོན་ངོ་ཐོག་བྱས་ནི་ཡ་ཧུ་དཱ་པ་ཞིག་མ་དིག ཡང་ཕྱིའི་ལུས་པོ་ལེ་རྟགས་བརྒྱབ་འོད་དི་ཙམ་གྱིས་ཡ་ཧུ་དཱ་པ་ངོ་ཐོག་ཡིན་དི་མི་མཚུངས་འོད་དིག 29ཡ་ཧུ་དཱ་པ་ངོ་ཐོག་ཡིན་མཁན་ཀྱ་ནི། ཕྱིའི་རྣམ་པའི་དོན་ལེ་མ་དིག ནང་སེམས་ཀྱི་དོན་ལེ་ཡིན་དི་མ་ཟད། ཆོས་ཀྱི་རྟགས་ངོ་ཐོག་དེ་ནི། ཆོས་ཁྲིམས་ཀྱི་ལས་སྒྲུབ་པའི་དོན་ལེ་མ་དིག ཡིན་ནའང་། དཀོན་མཆོག་གི་ཐུགས་ཉིད་ཀྱིས་མི་ཀྱ་ཀྱི་སེམས་ནང་ལེ་ཅི་མཛད་པའི་དོན་དེ་ཡིན་དིག མི་དེའི་བསྟོད་པ་ནི་མིའི་བརྒྱུད་ནས་བྱུང་པི་མ་དིག དེ་ནི་དཀོན་མཆོག་གི་བརྒྱུད་ནས་བྱུང་པི་ཡིན་དིག །

הדגשה

העתק

השווה

שתפו

None

רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו