རོ་མཱ་པ། 1
1
ལེའུ་དང་པོ།
འཚམས་འདྲི།
1ཡི་གེ་འདི་འབྲི་མཁན་ནི་སྐྱབས་མགོན་ཡེ་ཤུའི་ཞབས་ཕྱི་ཕོལ་ལོལ་ང་རང་ཡིན། དཀོན་མཆོག་གིས་སྐུ་ཚབ་ལེ་བོས་པི་དིང་། དཀོན་མཆོག་གི་གཏམ་བཟང་ཤོད་རྒྱུ་ཆེད་དུ་བསྐོས་པ་ཞིག་ཡིན། 2-3གཏམ་བཟང་འདི་ནི་དཀོན་མཆོག་གིས་སྔོན་མ་ནས་རང་གི་ལུང་སྟོན་པ་ཀྱ་ཀྱི་བརྒྱུད་ནས་དམ་པའི་གསུང་རབ་ནང་ལེ་ཞལ་གྱིས་བཞེས་གནང་འོད་དིག གཏམ་བཟང་འདི་ནི་ཁོང་གི་སྲས་ཀྱི་སྐོར་ལེ་ཡིན་དིག མིའི་རིགས་ཀྱི་ཆ་ནས་བཤད་ནི་སྲས་དེ་ནི། རྒྱལ་པོ་དཱ་བིད་ཀྱི་རྒྱུད་པ་ནས་སྐུ་འཁྲུངས་གནང་པི་དིག 4དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་ཆ་ནས་བཤད་ནི། ཁོང་འཆི་བ་ནས་ཡང་དང་གསོན་པོ་བྱུང་ཕེན། མཐུ་སྟོབས་ཆེན་པོས་ངང་ནས་དཀོན་མཆོག་གི་སྲས་ཡིན་དི་བསྟན་གནང་སྟེ། ཁོང་རང་ནི་འུ་ཀྱ་ཀྱི་སྐྱབས་མགོན་ཇོ་བོ་ཡེ་ཤུ་ཡིན་དིག 5ཁོང་གི་བརྒྱུད་ནས་དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་དིང་སྐུ་ཚབ་ཀྱི་ལས་འགན་དེ་འུ་ཀྱ་ལེ་ཐོབ་འོད་དི་དིང་། ཁོང་གི་མཚན་གྱི་ནང་ལེ་མི་རིགས་ཡེ་རེས་དད་པ་བགྱིད་རྒྱུ་དིང་། ཁོང་གི་བཀའ་ལེ་ཉན་དུ་འཇུག་རྒྱུ་ཆེད་དུ་ཡིན་དི་མ་ཟད། ཁོང་གི་མཚན་ལེ་བརྩི་བཀུར་བགྱིད་རྒྱུ་དོན་ལེ་ཟང་ཡིན་དིག 6ཁྱེད་ཕྱི་མི་ཀྱ་ཟང་སྐྱབས་མགོན་ཡེ་ཤུའི་ཁོངས་ལེ་གཏོགས་ཏེ་བོས་གནང་བའི་མི་ཀྱ་ཡིན་དིག 7རོ་མཱ་རྒྱལ་ས་ལེ་བཞུགས་མཁན་དཀོན་མཆོག་གིས་བྱམས་པ་དིང་། དམ་པར་བཟོས་གནང་སྟེ་བདམས་པ་ཁྱེད་ཀྱ་ལེ་ངས་ཡི་གེ་འདི་ཕུལ་ལོ། འུ་ཀྱ་ཀྱི་ཡབ་དཀོན་མཆོག་དིང་སྐྱབས་མགོན་ཇོ་བོ་ཡེ་ཤུ་ནས་ཁྱེད་ཀྱ་ལེ་ཐུགས་རྗེ་གཟིགས་སྐྱོང་དིང་ཞི་བདེ་འཐོབ་པར་ཤོག
རོ་མཱ་རྒྱལ་ས་ལེ་ཕོལ་ལོལ་འགྲོ་འདོད་བྱུང་བ།
8དང་པོ་ནི། ཁྱེད་ཀྱ་ཀྱི་དད་པ་བྱས་པའི་ལོ་རྒྱུས་དེ་ནི་འཇིག་རྟེན་ཀུན་ལེ་ཁྱབ་འོད་ཕེན། ངས་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་ཁྱེད་ཡེ་རེའི་ཆེད་དུ་ངའི་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཟིན་ཞུ་འོད། 9ངས་སེམས་གཏིང་ནས་དཀོན་མཆོག་ལེ་བརྩི་བཀུར་བྱས་ཏེ། ཁོང་གི་སྲས་ཡེ་ཤུའི་གཏམ་བཟང་དེ་བཤད་དི་མ་ཟད། ཡང་ངས་ཁྱེད་ཀྱ་ཀྱི་དོན་ལེ་རྒྱུན་ཆད་མེད་གསོལ་བ་སྨོན་ལམ་འདེབས་གྱོ་འོད་དེ་སྐོར་ལེ་དཀོན་མཆོག་ངའི་དཔང་པོ་ཡིན་དིག 10དཀོན་མཆོག་གི་ཐུགས་དགོངས་བརྒྱུད་ནས་ང་ཁྱེད་ཀྱ་འོད་ས་ལེ་འོང་རྒྱུ་ལེ། ལམ་སྟོན་གནང་བའི་དོན་ལེ་ངས་གསོལ་བ་འདེབས་གྱོ་འོད། 11ང་ཁྱེད་ཀྱ་ལེ་ཐུག་འདོད་འཇུ་གུ་བགྱིད་འོད། ཅི་ལེ་ཟེར་ནི། ཁྱེད་ཀྱ་ཀྱི་དད་པ་དེ་བརྟན་པོ་བཟོ་རྒྱུ་དོན་ལེ། དམ་པའི་ཐུགས་ཉིད་བརྒྱུད་ནས་ང་ལེ་གནང་བའི་ཆོས་ཀྱི་བྱ་དགའ་དེ་ཁྱེད་ཀྱ་ལེ་འབུལ་རྒྱུ་ཆེད་དུ་ཡིན། 12དེ་ནི་ང་དིང་ཁྱེད་ཀྱ་ཀྱི་སྐྱེན་ལེ་འོད་རྒྱ། ཕན་ཚུན་བར་གྱི་དད་སེམས་དེ་འཕེལ་རྒྱུ་ཆེད་དུ་ཡིན། 13ཁྱེད་ཆོས་གྲོགས་སྤུན་ཀྱ། ང་ལེ་ཡ་ཧུ་དཱ་པ་མིན་པའི་ཕྱི་མི་ཀྱ་ནང་ནས་འབྲས་བུ་ཐོབ་པི་ཅོག་འདྲ། ཁྱེད་ཀྱ་ལེ་ཟང་འཐོབ་པའི་ཆེད་དུ། ངས་ལན་མ་མང་པོ་ཁྱེད་ཀྱ་འོད་ས་ལེ་འགྲོ་དགོས་བསམས་ནའང་། ད་ལྟ་བར་དུ་བཀག་འོད་དི་ནི། ཁྱེད་ཀྱ་ཀྱིས་ཡིན་ཅིག་ཧ་གོ་བར་བགྱིད་དགོས་འོད་དིག 14སེམས་བཏུལ་མེད་མེད་གེ་རིག་པ་དིང་། ཕྱིའི་མི་རིགས་སུ་ཞིག་ཡིན་ནའང་། རིག་པ་ཅན་དིང་། རིག་པ་མེད་མེད་སུ་ཞིག་ཡིན་ནའང་། མི་དེ་ཀྱ་ལེ་གཏམ་བཟང་ཤོད་རྒྱུ་ལས་འགན་དེ་ང་ལེ་འོད་ཕེན། 15ངས་རོ་མཱ་རྒྱལ་ས་ལེ་བཞུགས་མཁན་ཁྱེད་ཀྱ་ལེ་ཟང་དཀོན་མཆོག་གི་གཏམ་བཟང་ཤོད་རྒྱུ་ལེ་འདོད་པ་ཆེན་པོ་འོད།
གཏམ་བཟང་གི་ནུས་མཐུ།
16ང་རང་གཏམ་བཟང་གི་དོན་ལེ་ངོ་ཚ་ཞིག་མི་བརྩི་འོད། ཅི་ལེ་ཟེར་ནི། གཏམ་བཟང་དེ་ནི་དད་པ་བགྱིད་མཁན་ཡེ་རེ་དིང་། དང་པོ་ཡ་ཧུ་དཱ་པ་དིང་། ཡ་ཧུ་དཱ་པ་མིན་པའི་མི་རིགས་ཀུན་ལེ་ཟང་ཐར་བ་ཐོབ་རྒྱུ་དེ་ནི་དཀོན་མཆོག་གི་ནུས་མཐུ་ཡིན་དིག 17གཏམ་བཟང་དེ་ཅོག་འདྲ། དཀོན་མཆོག་གིས་འུ་ཀྱ་ཁོང་དིང་སྐྱེན་ལེ་འབྲེལ་བ་ཡང་དག་པ་འོད་དི་བཟོས་གནང་པི་དིག དེ་ནི་དང་པོ་དད་པའི་བརྒྱུད་ནས་བྱུང་པི་དིང་། ཡང་རྗེས་ལེ་ཟང་དད་པ་ལེ་བརྟེན་རྒྱུ་ཆེད་དུ་ཡིན་དིག ཡང་གསུང་རབ་ནང་ལེ་ཟང་མི་ཡང་དག་པ་དེ་ནི། དད་པའི་བརྒྱུད་ནས་གསོན་པོ་གནས་ཐུབ་ཀྱི་དིག་ཟིན་བྲིས་འོད་དིག#1.17 ཚིགས་བཅད་འདི་ནི་ལུང་སྟོན་པ་ཧ་བ་ཀུག་གི་མདོ་ལེའུ་ 2 ཨང་ 4 ནང་ལེ་གཟིགས་རོགས།
དཀོན་མཆོག་གི་ཐུགས་ཁྲོ་བ།
18འོ་དེའི་ཆེད་དུ། དཀོན་མཆོག་གི་ཐུགས་ཁྲོ་ནི། ངན་པའི་བརྒྱུད་ནས་བདེན་པ་ལེ་གནོན་མཁན་དིང་། སྡིག་པ་དིང་ངན་པ་ཡེ་རེ་ལེ། དཀོན་མཆོག་གི་ཞིང་ཁམས་ནས་མངོན་གྱི་དིག 19དཀོན་མཆོག་གི་སྐོར་ལེ་ཅི་ཤེས་ཐུབ་པའི་ནུས་མཐུ་དེ་ནི་མི་དེ་ཀྱ་ལེ་འོད་དིག ཅི་ལེ་ཟེར་ནི། དཀོན་མཆོག་གིས་མི་དེ་ཀྱ་ལེ་གསལ་པོ་བྱས་ཏེ་བསྟན་གནང་འོད་དིག 20འཇིག་རྟེན་ཁམས་བཀོད་པ་ནས་ཕེན། དཀོན་མཆོག་གི་ཐོག་མཐའ་མེད་པའི་མཐུ་སྟོབས་དིང་། ཁྱད་དུ་འཕགས་པའི་རང་བཞིན་དེ་མིག་གིས་མཐོང་རྒྱུ་མེད་ནའང་། དངོས་པོ་བཀོད་གནང་པི་དེ་ཀྱ་ལེ་བལྟས་ཏེ། ཁོང་རང་ངོ་ཐོག་གསལ་པོ་མཐོང་ཐུབ་གྱོ་འོད་ཕེན། མི་དེ་ཀྱ་ཀྱིས་དཀོན་མཆོག་ངོ་མི་ཤེས་འོད་ཟེར་རི་རྒྱུ་མཚན་མེད་དིག 21ཅི་ལེ་ཟེར་ནི། མི་དེ་ཀྱ་ཀྱིས་དཀོན་མཆོག་ངོ་ཤེས་ནའང་། ཁོང་ནི་དཀོན་མཆོག་ཏུ་མ་བརྩིས་པི་དིང་། ཡང་ཁོང་ལེ་འབུལ་འོས་པའི་བསྟོད་པ་དེ་ཟང་མ་ཕུལ་ལི་མ་ཟད། བཀའ་དྲིན་ཟང་མ་ཞུས་པི་དིག མི་དེ་ཀྱ་ཀྱི་བསམ་བློ་དེ་ནི་དོན་མེད་མེད་དིང་། བླུན་པོའི་སེམས་དེ་ཟང་མུན་ནག་གིས་ཁེངས་འོད་དིག 22མི་དེ་ཀྱ་ཀྱིས་རང་གིས་རང་ལེ་ཤེས་པ་ཅན་ཞིག་ཡིན་སྨྲས་ནའང་། དོན་ངོ་ཐོག་བྱས་ནི་མི་དེ་ཀྱ་གླེན་པ་བྱུང་པི་དིག 23ཡང་ཤི་རྒྱུ་མེད་པའི་གཟི་བརྗིད་ཅན་གྱི་དཀོན་མཆོག་ལེ་བསྙེན་བཀུར་བགྱིད་རྒྱུ་དེ་སྤངས་ཏེ། དེའི་ཚབ་ལེ་མི་རྟག་པའི་མི་དིང་། བྱ་བྱིའུ། སུག་ལག་བཞི་འོད་ཡོད་སྲོག་ཆགས། སྟོ་དྲུད་ཀྱ་ཀྱི་གཟུགས་བརྙན་གྱི་སྐུ་འདྲའི་རིགས་ལེ་བསྙེན་བཀུར་བྱས་པི་དིག
24འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གིས་མི་དེ་ཀྱ་ཀྱི་སེམས་ཀྱི་འདོད་ཆགས་ཅི་འོད་དི་ཅོག་འདྲ་བགྱིད་དུ་བཅུག་གནང་པི་དིག མི་དེ་ཀྱ་ཀྱིས་རང་གི་ལུས་ཀྱིས་ཕན་ཚུན་བར་ལེ། མི་གཙང་བའི་སྤྱོད་པ་བྱས་པི་མ་ཟད། 25དཀོན་མཆོག་གི་བདེན་པ་དེ་སྤངས་ཏེ། མི་དེ་ཀྱ་ཀྱིས་རྫུན་མ་ཞིག་ལེ་ཁས་ལེན་བྱས་ཏེ། ཅི་བཀོད་གནང་པི་དངོས་པོ་དེ་ཀྱ་ལེ་བསྙེན་བཀུར་དིང་ཕྱག་མཆོད་པ་བགྱིད་འོད་དིག ཡིན་ནའང་། དངོས་པོ་དེ་ཡེ་རེ་བཀོད་གནང་མཁན་དཀོན་མཆོག་ཁོང་ལེ། བསྙེན་བཀུར་དིང་ཕྱག་མཆོད་པ་མ་བྱས་ཏེ་སྤངས་པི་དིག དཀོན་མཆོག་ལེ་དུས་རྟག་ཏུ་བསྟོད་པ་ཐོབ་འོས་པ་ཡིན་དིག ཨ་མེན།
26འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གིས་མི་དེ་ཀྱ་ལེ་ངོ་ཚ་བའི་འདོད་ཆགས་ཅོག་འདྲ་བགྱིད་དུ་བཅུག་ཕེན། མི་དེ་ཀྱ་ཀྱི་བུད་མེད་ཀྱ་ཀྱིས་ཟང་རང་བཞིན་གྱི་བགྱིད་ཆོག་པ་དེ་སྤངས་ཏེ། དེའི་ཚབ་ལེ་བུད་མེད་གཅིག་གིས་གཅིག་ལེ་ལུས་འབྲེལ་བྱས་པི་དིག 27ཡང་དེ་ཅོག་འདྲ་སྐྱེས་པ་ཀྱ་ཀྱིས་ཟང་རང་གི་བུད་མེད་བོར་ཏེ། འདོད་ཆགས་ཀྱིས་མེ་འབར་ཕེན། སྐྱེས་པ་གཅིག་གིས་གཅིག་ལེ་ལུས་འབྲེལ་བྱས་པི་མ་ཟད། སྐྱེས་པ་ཕན་ཚུན་བར་ལེ་ངོ་ཚ་བའི་སྤྱོད་པ་བྱས་པའི་རྐྱེན་གྱིས་རང་གི་ལུས་ལེ་བྱི་བོའི་སྤྱོད་པ་དིང་མཐུན་པའི་ཉེས་ཆད་མྱངས་པི་དིག 28མི་དེ་ཀྱ་ཀྱིས་དཀོན་མཆོག་རྩིས་མེད་དུ་བཏང་ཕེན། དཀོན་མཆོག་གིས་མི་དེ་ཀྱ་ལེ་ལྟ་བ་ལོག་ལྟ་འཛིན་རྒྱུ་སེམས་དིང་། བགྱིད་མི་ཆོག་པའི་སྤྱོད་པ་བགྱིད་དུ་བཅུག་གནང་པི་དིག 29མི་དེ་ཀྱ་ནི་ངན་པ་ཡེ་རེ་དིང་། ངན་སེམས། སེར་སྣ། སྤྱོད་ངན། ཕྲག་དོག མིའི་སྲོག་གཅོད་པ། འཁྲུག་རྩོད། མགོ་སྐོར། གནོད་སེམས་ཀྱིས་གང་འོད་དི་མ་ཟད། མི་དེ་ཀྱ་ནི་རྒྱབ་བཤད་རྒྱག་མཁན་ཡིན་དི་དིང་། 30སྨད་ར་གཏོང་མཁན། དཀོན་མཆོག་ལེ་དགྲ་སྡང་པོ་བགྱིད་མཁན། རང་མཐོང་ཆེན་པོ་བགྱིད་མཁན། ང་རྒྱལ་ཅན། རང་བསྟོད་བགྱིད་མཁན། ངན་པ་ཡེ་རེ་འཚོལ་མཁན། ཕ་མའི་ཁ་ལེ་མི་ཉན་མཁན། 31གླེན་པ། ཁ་དན་ཚིག་ལེ་མི་གནས་མཁན། བྱམས་སེམས་མེད་མེད། སྙིང་རྗེ་མེད་མཁན་ཅན་དེ་ཀྱ་ཡིན་དིག 32འོ་དེ་གི་ཅོག་འདྲ་བགྱིད་མཁན་ལེ་སྲོག་ཁྲིམས་ཀྱི་ཉེས་ཆད་ཕོག་འོས་པ་ཞིག་ཡིན་དི་ནི། དཀོན་མཆོག་གི་བཀའ་ནང་ལེ་འོད་དི་ཧ་གོ་ནའང་། མི་དེ་ཀྱ་ཀྱིས་འོ་དེ་གི་ཅོག་འདྲ་བགྱིད་འོད་དི་མ་ཟད། འོ་དེ་གི་ཅོག་འདྲ་བགྱིད་མཁན་གཞན་མ་ཀྱ་ལེ་ཟང་མོས་མཐུན་བགྱིད་འོད་དིག །
נבחרו כעת:
རོ་མཱ་པ། 1: DLPO
הדגשה
העתק
השווה
שתפו
רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו
© 2023 Wycliffe Bible Translators, Inc. All rights reserved.