རོ་མཱ་པ། 3
3
ལེའུ་གསུམ་པ།
1འོ་ནེ། ད་ཡ་ཧུ་དཱ་པ་དིང་། ཡང་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་པི་དེས་ཅི་ཕན་ཐོགས་འདུག་གོ། 2ཕན་ཐོགས་ཆེན་པོ་འོད་ཡོད་དེ་ནི། དང་པོ་དཀོན་མཆོག་གི་བཀའ་ཡ་ཧུ་དཱ་པ་ཀྱ་ལེ་བཅོལ་བ་དེ་ཡིན་དིག 3གལ་སྲིད་མི་ཁ་ཤས་ཀྱིས་དཀོན་མཆོག་གི་བཀའ་དེ་ལེ་མ་ཉན་ནི། དེས་དཀོན་མཆོག་གི་ཞལ་བཞེས་པ་དེ་མེད་དི་བཟོ་འོད་དི་གས། 4རྩ་བ་ནས་མི་བཟོ་འོད་དིག མི་ཀུན་གྱིས་རྫུན་བཤད་ནའང་། དཀོན་མཆོག་ནི་བདེན་པ་ངོ་ཐོག་ཡིན་དིག ཡང་གསུང་རབ་ནང་ལེ་ཟང་།
ཁྱེད་ཀྱི་བཀའ་དེས་ཁྱེད་རང་བདེན་པ་ཡིན་དི་ར་སྤྲོད་གསལ་པོ་བསྟན། །
ཁྱེད་ཀྱིས་ཁྲིམས་གཅོད་གནང་རྒྱ་ཁྱེད་རང་རྣམ་པར་རྒྱལ་བར་འགྱུར། །
ཟིན་བྲིས་འོད་དིག#3.4 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 51 ཨང་ 4 ནང་ལེ་གཟིགས་རོགས།
5འོ་ནེ། གལ་སྲིད་འུ་ཀྱ་ཀྱི་གཤིས་ཀ་མི་དྲང་བའི་ལས་དེའི་བརྒྱུད་ནས་དཀོན་མཆོག་གི་དྲང་བདེན་དེ་གསལ་པོར་བསྟན་ནི། ད་འུ་ཀྱ་ཀྱིས་ཅི་ཟེར་རྒྱུ། དཀོན་མཆོག་གིས་འུ་ཀྱ་ལེ་ཁྲིམས་གཅོད་པ་དེ་དྲང་བདེན་མ་དིག་ཟིན་ཟེར་རྒྱུ། (ངས་མིའི་བཤད་སྲོལ་ཅོག་འདྲ་སྨྲས་ཏེ།) 6དེ་གི་རྩ་བ་ནས་མི་ཟེར། འོ་དེ་གི་ཡིན་ནི། དཀོན་མཆོག་གིས་འཇིག་རྟེན་གྱི་མི་ལེ་ཁྲིམས་གཅོད་ཅི་ལེ་གནང་སྲིད། 7ཡིན་ནའང་། གལ་སྲིད་མི་ཁ་ཤས་ཀྱིས་ངའི་རྫུན་གྱིས་དཀོན་མཆོག་གི་བདེན་པ་སྟོན་ཏེ་ཁོང་གི་གཟི་བརྗིད་འཕེལ་ནི། ཅིའི་ཆེད་དུ་ང་ལེ་སྡིག་ཅན་ཅོག་འདྲ། ད་རུང་ཁྲིམས་གཅོད་བགྱིད་དི་ཡིན་གོ། 8ཡང་དོན་བཟང་པོ་འོང་རྒྱུ་ཆེད་དུ། དོན་ངན་པ་བགྱིད་དགོས་ཟིན་ཅིའི་ཆེད་དུ་ཟེར་མི་ཆོག་འོད་དི་གོ། དེ་ནི་ཉེད་ཀྱ་ལེ་སྨད་ར་གཏོང་མཁན་མི་ཁ་ཤས་ཀྱིས་ཉེད་ཀྱ་ཀྱིས་འོ་དེ་གི་སྨྲས་པི་དིག་ཟིན་སྐྱོན་འདོགས་བགྱིད་འོད་དིག མི་དེའི་རིགས་ལེ་ཆད་པ་ཕོག་འོས་པ་ཞིག་ཡིན་དིག
དྲང་བདེན་གྱི་མི་གཅིག་ཟང་མེད།
9འོ་ནེ། འུ་ཡ་ཧུ་དཱ་པ་ཀྱ་ནི་མི་གཞན་མ་ཀྱ་ལས་ལྷག་གི་བཟང་པོ་ཞིག་ཡིན་གས། དེ་གི་རྩ་བ་ནས་མ་དིག རྒྱུ་མཚན་ཅི་ལེ་ཟེར་ནི། ཡ་ཧུ་དཱ་པ་དིང་། ཡང་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཡེ་རེ་སྡིག་པའི་དབང་འོག་ལེ་གནོན་འོད་དི་ནི་འུ་ཀྱ་ཀྱིས་དཔང་པོ་བྱས་ཚར་འོད་དིག 10ཡང་གསུང་རབ་ཀྱི་ནང་ལེ།
དྲང་བདེན་གྱི་མི་སུ་ཟང་མེད། །
དྲང་བདེན་མི་གཅིག་ཟང་མེད། །
11ཧ་གོ་མཁན་མི་གཅིག་ཟང་མེད། །
དཀོན་མཆོག་འཚོལ་མཁན་མི་སུ་ཟང་མེད། །
12ཡེ་རེ་ཁོང་དིང་བྲལ་ཏེ་ལམ་ནོར་ལེ་ཞུགས། །
གཅིག་ཟང་མ་ལུས་ཡེ་རེ་སྐྱེན་ལེ་ཕན་མེད་དུ་གྱུར། །
ལས་བཟང་པོ་བགྱིད་མཁན་མི་གཅིག་ཟང་མེད། །
ལས་བཟང་པོ་བགྱིད་མཁན་ནི་རྩ་བ་ནས་མེད་དིག །#3.12 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 14 ཨང་ 1-3 དིང༌། གསུང་མགུར་ལེའུ་ 53 ཨང་ 1-3 ནང་ལེ་གཟིགས་རོགས།
13མིད་པ་ནི་གདངས་པའི་དུར་ཁང་དིང་། །
ལྕེ་ནི་གཡོ་སྒྱུའི་བཤད་པ་སྤེལ་ལི་དིང་། །
ཁའི་ནང་ནས་དུག་སྦྲུལ་གྱི་དུག་འཕྱུར། །#3.13 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 5 ཨང་ 9 དིང་། གསུང་མགུར་ལེའུ་ 140 ཨང་ 3 ནང་ལེ་གཟིགས་རོགས།
14ཁ་ལེ་སྡིག་དམོད་ཚིག་རྩུབ་ཀྱི་གང་། །#3.14 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 10 ཨང་ 7 ནང་ལེ་གཟིགས་རོགས།
15མི་སྲོག་གཅོད་རྒྱུ་ལེ་རྐང་པ་མགྱོགས། །
16འགྲོ་ལམ་ཀུན་ལེ་སྡུག་རྩུབ་ཀྱི་ཁྱབ། །
17ཞི་བདེའི་ལམ་ཟང་དེ་ཀྱ་ཀྱིས་མི་ཤེས། །#3.17 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 59 ཨང་ 7-8 ནང་ལེ་གཟིགས་རོགས།
18དཀོན་མཆོག་ལེ་འཁྱར་སྣང་མེད། །#3.18 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 36 ཨང་ 1 ནང་ལེ་གཟིགས་རོགས།
19ཡང་ཆོས་ཁྲིམས་ནང་ལེ་ཅི་གསུངས་པི་ཡེ་རེ་ནི། ཆོས་ཁྲིམས་ཀྱི་དབང་འོག་ཏུ་གནས་འོད་ཡོད་ཀྱ་ལེ་གསུངས་པི་ཡིན་དི་ནི་འུ་ཀྱ་ཀྱིས་ཧ་གོ་འོད། དེ་ནི་ཁོང་ཀྱ་དིང་། དེ་མིན་འཇིག་རྟེན་གྱི་མི་ཡེ་རེ་ཁ་ཚུམས་ཏེ། དཀོན་མཆོག་གི་མདུན་དུ་མཇུག་རྩི་རྒྱག་རྒྱུ་ཆེད་དུ་ཡིན་དིག 20འོ་དེའི་ཆེད་དུ། ཆོས་ཁྲིམས་ཀྱི་ལས་བཟང་པོ་བྱས་པི་དེ་ལེ་བརྟེན་ཏེ། དཀོན་མཆོག་གི་དྲུང་དུ་མི་སུ་ཟང་ཡང་དག་པ་ཡིན་དི་མི་རྩི། ཅི་ལེ་ཟེར་ནི། ཆོས་ཁྲིམས་ཀྱིས་འུ་ཀྱ་ནི་སྡིག་ཉེས་ཀྱི་དབང་འོག་ལེ་འོད་དི་ཧ་གོ་རྒྱུ་ཆེད་དུ་ཡིན་དིག
དད་པའི་བརྒྱུད་ནས་མི་ཡང་དག་པ་བརྩིས་པ།
21ཡིན་ནའང་། ད་ལྟ་ཆོས་ཁྲིམས་དིང་བྲལ་ཏེ། དཀོན་མཆོག་དིང་འབྲེལ་བ་བཟང་པོ་འཐོབ་རྒྱུ་ལམ་དེ་མངོན་སུམ་དུ་བསྟན་གནང་འོད་དིག ཆོས་ཁྲིམས་དིང་ཡང་ལུང་སྟོན་པ་ཀྱ་ཀྱིས་ཟང་དེ་ལེ་དཔང་པོ་བགྱིད་འོད་དིག 22དཀོན་མཆོག་གི་བརྒྱུད་ནས་བྱུང་བའི་ཡང་དག་པའི་ལམ་དེ་ནི། སྐྱབས་མགོན་ཡེ་ཤུ་ལེ་དད་པ་བྱས་ཏེ་ཐོབ་འོད་ཕེན། དད་པ་བགྱིད་མཁན་མི་སུ་ཞིག་ཡིན་ནའང་ཡེ་རེ་ཁྱད་པར་ཅི་གང་མེད་དིག 23ཅི་ལེ་ཟེར་ནི། མི་ཡེ་རེས་སྡིག་པའི་ལས་བྱས་ཏེ། དཀོན་མཆོག་གི་གཟི་བརྗིད་དིང་ཁ་བྲལ་ལི་དིག 24ཡིན་ནའང་། ད་ལྟ་མི་ཀྱ་ཀྱིས་ཆོས་ཁྲིམས་འགལ་ཏེ་མྱོང་དགོས་པའི་ཆད་པ་དེ་ནི། ཁོང་གི་ཐུགས་རྗེ་གཟིགས་སྐྱོང་དིང་། སྐྱབས་མགོན་ཡེ་ཤུས་བླུས་རིན་གྱིས་བརྒྱུད་ནས་མི་ཀྱ་ཡང་དག་པ་ཞིག་ལེ་བརྩིས་གནང་པི་དིག 25དཀོན་མཆོག་གིས་སྐྱབས་མགོན་ཡེ་ཤུའི་སྐུ་ཁྲག་དེ་བླུ་རིན་གྱི་ཆེད་དུ་གནང་པི་དིང་། བླུ་རིན་དེ་ལེ་དད་པ་བྱས་པའི་བརྒྱུད་ནས་ཁས་ལེན་བྱས་པི་དིག དེ་ནི་དཀོན་མཆོག་གི་དྲུང་དུ་བདེན་པ་གསལ་པོ་མངོན་གནང་རྒྱུ་ཆེད་དུ་ཡིན་དིག ཅི་ལེ་ཟེར་ནི། དཀོན་མཆོག་གི་བཟོད་པའི་ཐུགས་ཀྱིས་མི་ཀྱ་ཀྱིས་སྔོན་མ་བྱས་པའི་སྡིག་པའི་ལས་དེ་ལེ་ཆད་པ་མ་གནང་པི་དིག 26ད་ལྟ་ཁོང་གི་བཟོད་པའི་བརྒྱུད་ནས། ཁོང་གིས་མ་འོངས་ཀྱི་དུས་ལེ། ཁོང་རང་ནི་ཁྲིམས་དཔོན་དྲང་པོ་དིང་། ཡང་དག་པ་ཞིག་ཡིན་དི་སྐོར་ལེ་མངོན་གསལ་བསྟན་པི་མ་ཟད། ཡང་སྐྱབས་མགོན་ཡེ་ཤུ་ལེ་དད་པ་བགྱིད་མཁན་མི་ཀྱ་ཡང་དག་པ་ཡིན་དི་བརྩི་མཁན་ཟང་ཡིན་དི་ཧ་གོ་རུ་འཇུག་རྒྱུ་ཆེད་དུ་ཡིན་དིག
27འོ་ནེ། ད་རང་གིས་རང་ལེ་བསྟོད་ར་བགྱིད་རྒྱུ་ཅི་འོད་དོ། ཅི་གང་མེད་དིག འོ་ནེ། ད་ཅི་ལེ་བརྟེན་ཏེ། བསྟོད་ར་བགྱིད་རྒྱུ། རང་གིས་དགེ་བའི་ལས་བྱས་ཏེ་བསྟོད་ར་གཏོང་རྒྱུ། དེ་ཟང་མ་དིག དེ་ནི་དད་པ་ལེ་བརྟེན་ཏེ་པ་རྐྱང་བརྟེན་འོད་དིག 28ཅི་ལེ་ཟེར་ནི། འུ་ཀྱ་ཀྱིས་སྐྱབས་མགོན་ཡེ་ཤུ་ལེ། དད་པ་བྱས་པའི་བརྒྱུད་ནས་མི་ཡང་དག་པ་ཞིག་ལེ་བརྩིས་གནང་པི་དིག ཆོས་ཁྲིམས་ཀྱི་དགེ་བའི་ལས་བྱས་པའི་བརྒྱུད་ནས་མ་དིག 29དཀོན་མཆོག་ནི་ཡ་ཧུ་དཱ་པ་གཅིག་པོའི་དཀོན་མཆོག་ཡིན་གས། ཁོང་ནི་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ཀྱི་དཀོན་མཆོག་ཟང་མ་གས། ཡིན་དིག ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ཀྱི་དཀོན་མཆོག་ཟང་ཡིན་དིག 30ཅི་ལེ་ཟེར་ནི། དཀོན་མཆོག་ནི་གཅིག་མ་གཏོགས་མེད་དིག ཁོང་གིས་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་འོད་ཡོད་དིང་། ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་བརྒྱབ་མེད་མེད་དེ་གཉིས་ཀ་དད་པའི་བརྒྱུད་ནས་མི་ཡང་དག་པ་ཞིག་ལེ་བརྩིས་གནང་པི་དིག 31འོ་ནེ། འུ་ཀྱ་ཀྱིས་དད་པ་དེའི་བརྒྱུད་ནས་ཆོས་ཁྲིམས་མེད་དི་བཟོ་གྱི་ཡིན་དས། དེ་རྩ་བ་ནས་མི་བཟོ། དེ་ལས། དད་པའི་བརྒྱུད་ནས་འུ་ཀྱ་ཀྱིས་ཆོས་ཁྲིམས་དེ་སྒྲུབ་པར་བགྱིད་འོད་དིག །
נבחרו כעת:
རོ་མཱ་པ། 3: DLPO
הדגשה
העתק
השווה
שתפו
רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו
© 2023 Wycliffe Bible Translators, Inc. All rights reserved.