Logotip YouVersion
Search Icon

གོ༌ཟུག༌ 35

35
ཡ༌ཀོབ༌ དང༌ ཁོའེ༌ ནང༌ཚངས༌ བེ༌ཐེལ༌ལ༌ ལོགས༌ཏེ༌ སོང༌།
35:1-15
1ཏེ༌ནེ༌ དཀོན༌མཆོག༌གི༌ ཡ༌ཀོབ༌བ༌ མོལས༌, “བེ༌ཐེལ༌ལ༌ སོང༌ ཡང༌ ཏེ༌རུ༌ ཚུགས༌ཏེ༌ དུག༌། ཏེ༌རུ༌, ཁྱོ༌རང༌ ཁྱོ༌རང༌ངི༌ ཨ༌ཅོ༌ ཨི༌སུ༌ནེ༌ ཤོར༌ཏེ༌ ཆ༌ ཟ༌ནེ༌ ཁྱོ༌རང༌ངི༌ ཇལ༌ཁན༌ དཀོན༌མཆོག༌གི༌ ཕིའ༌ ཆོད༌ཁྲི༌ཞིག༌ རྩིག༌།”
2ཏེ༌ནེ༌ ཡ༌ཀོབ༌བི༌ ཁོ༌རང༌ངི༌ ནང༌ཚངས༌ དང༌ ཁོ༌རང༌ ཉམ༌པོ༌ ཡོད༌ཁན༌ ཚང༌མ༌ལ༌ ཟེརས༌, “ཁྱོ༌ཞའེ༌ ཕྲོའ༌ ཡོད༌ཁན༌ ཏད༌པ༌ མེད༌ཁན༌ནི༌ སྐུན༌དྲ༌གུན༌ ཕངས༌ཏེ༌ ཁྱོ༌ཞ༌རང༌གུན༌ རྩང༌མ༌ ཅོས༌ ཡང༌ ཀོས༌ལག༌གུན༌ སྤོས༌། 3ཏེ༌ནེ༌ ཡོང༌ ང༌དང༌གུན༌ བེ༌ཐེལ༌ལ༌ ཆེན༌ ཀ༌རུ༌ ངའེ༌ དཀོན༌མཆོག༌གི༌ ཕིའ༌ ཆོད༌ཁྲི༌ཞིག༌ རྩིག༌ཨིན༌། ཁོང༌ངི༌ ང༌ བར༌དོའེ༌ ནང༌ང༌ ཡོད༌ ཟ༌ནེ༌ ང༌ རོགས༌ ཛད༌ཏེ༌ ང༌ ཀ༌རུ༌ ཆ༌ནའང༌ ཉམ༌པོ༌ ཞུགས༌ཏེ༌ ཡོད༌པིན༌།” 4ཏེ༌ནེ༌ ཁོང༌གུན༌ནི༌ ཁོ༌རང༌གུན༌ནི༌ ལག༌ག༌ ཡོད༌ཁན༌ སྐུན༌དྲ༌ ཚང༌མ༌ དང༌ ནམ༌ཅོག༌གི༌ ཨ༌ལོང༌གུན༌ ཡ༌ཀོབ༌བ༌ ཏངས༌། ཁོའེ༌ ཏེ༌གུན༌ ཤེ༌ཀེམ༌མི༌ ཉེ༌མོའ༌ ཡོད༌ཁན༌ནི༌ འོག༌གི༌ ལྕང༌མའེ༌ ཡོག༌ག༌ སུབས༌། 5ཏེ༌ནེ༌ ཁོང༌གུན༌ བེས༌ལ༌ བིང༌ང༌ཅིག༌ དཀོན༌མཆོག༌གི༌ ཉེ༌ཁོར༌རི༌ གྲོང༌ཁྱེར༌རི༌ ནང༌ང༌ དུག༌ཁན༌གུན༌ལ༌ སྲན༌ཏྲེ༌ ཇིགས༌ཤུག༌ག༌ ཛད༌ཅེས༌པོའེ༌ སུ༌ཞིག༌གིའང༌ ཁོང༌གུན༌ལ༌ ཏེད༌ཏེ༌ མ༌ཁྱོངས༌།
6ཡ༌ཀོབ༌ དང༌ ཁོ༌ ཉམ༌པོ༌ ཡོད༌ཁན༌ནི༌ མི༌གུན༌ ཀེ༌ནན༌ནི༌ ནང༌ང༌ ལུཟ༌ ༼ཡང༌ན༌ བེ༌ཐེལ༌༽ ཟེར༌ཁན༌ནི༌ ནས༌ས༌ ལེབ༌། 7ཁོའེ༌ ཏེ༌རུ༌ ཆོད༌ཁྲི༌ཞིག༌ རྩིགས༌, ཡང༌ ཏེ༌ ནས༌ས༌བོའ༌ ཨེལ༌ བེ༌ཐེལ༌ ༼ཡང༌ན༌ བེ༌ཐེལ༌ལི༌ དཀོན༌མཆོག༌༽ ཟེར༌ཏེ༌ མིང༌ ཏགས༌, ཅིའ༌ཟེར༌ན༌ ཏེན༌ན༌རུ༌ དཀོན༌མཆོག༌གི༌ ཁོང༌རང༌ ཡ༌ཀོབ༌བ༌ སྔོན༌ཅུག༌ག༌ ཛདས༌ ནམ༌ ཁོ༌ ཁོ༌རང༌ངི༌ ཨ༌ཅོ༌ ཨི༌སུ༌ནེ༌ ཤོར༌ཏེ༌ སོང༌།
8ཏ༌ ར༌བེ༌ཀའེ༌ མ༌ རྒད༌མོ༌ ཡ༌ཏོ༌ དྲེབ༌རཧ༌ ཤི༌ ཡང༌ ཁོའེ༌ སྤུར༌ བེ༌ཐེལ༌ནེ༌ ཐུར༌ལ༌ ཡོད༌ཁན༌ནི༌ འོག༌གི༌ ལྕང༌མའེ༌ ཡོག༌ག༌ སུབས༌ ཡང༌ ཏེ༌བོའ༌ འེ༌ལོན༌ བ༌ཁཐ༌ ༼ཡང༌ན༌ ངུ༌སའེ༌ འོག༌༽ མིང༌ང༌ ཏགས༌།
9ཡ༌ཀོབ༌ པ༌དན༌ཨ༌རམ༌ནེ༌ ལོགས༌ཏེ༌ ཡོང༌ཏེ༌ སྟིང༌ནེ༌ ཁོའ༌ དཀོན༌མཆོག༌ ཡང༌སྐྱར༌ ཇལ༌ ཡང༌ ཅིན༌ལབས༌ སལས༌། 10དཀོན༌མཆོག༌གི༌ ཁོའ༌ མོལས༌, “ཁྱོ༌རང༌ངི༌ མིང༌ ཡ༌ཀོབ༌ ཨིན༌ནོག༌ ཨིན༌ནའང༌ ཏ༌ནེ༌ཕར༌ལ༌ ཁྱོ༌རང༌ངི༌ མིང༌ང༌ ཡ༌ཀོབ༌ མན༌པ༌ ཨིས༌ར༌ཨེལ༌ ཟེར༌ཨིན༌།” ཏེ༌བོའེ༌ཕིའ༌ དཀོན༌མཆོག༌གི༌ ཁོའེ༌ མིང༌ང༌ ཨིས༌ར༌ཨེལ༌ ཏག༌ག༌ ཛད༌།
11དཀོན༌མཆོག༌གི༌ ཁོའ༌ མོལས༌, “ངའ༌ ཀུན༌ཝང༌ དཀོན༌མཆོག༌ ཨིན༌, ཕྲུ༌གུ༌ སྐྱེ༌ཅུགས༌ཏེ༌ ཁྱོ༌རང༌ངི༌ པུར༌གྱུད༌ གྱས༌ཅུག༌། ཁྱོ༌རང༌ངི༌ པུར༌གྱུད༌ནེ༌ གྱལ༌ཁམས༌ མང༌པོ༌ དང༌ གྱལ༌པོ༌གུན༌ བིང༌ཨིན༌། 12ཨབ༌ར༌ཧམ༌ དང༌ ཨི༌སཱག༌ག༌ ཏང༌ཁན༌ནི༌ ས༌ཆ༌བོ༌ ངའེ༌ ཁྱོ༌རང༌ དང༌ ཁྱོ༌རང༌ངི༌ པུར༌གྱུད༌གུན༌ལ༌ ཏང༌ཨིན༌།” 13ཏེ༌ནེ༌ དཀོན༌མཆོག༌, ཁོའ༌ ཞལ༌ཏ༌ སལ༌ཁན༌ནི༌ ས༌ཆའེ༌ ཀ༌ནེ༌ ཀེན༌ལ༌ སྐྱོདས༌།
14དཀོན༌མཆོག༌གི༌ ཞལ༌ཏ༌ སལ༌ཁན༌ནི༌ ས༌ཆའེ༌ཀ༌ ཡ༌ཀོབ༌བི༌ རྡོའ༌ ཆེན༌མོ༌ ཞིག༌ ཀ༌ཝ༌ ཙོགས༌ལ༌ ལངས༌ཏེ༌ ཏེ༌བོའེ༌ཀ༌ ཆང༌ དང༌ ཨོ༌ལིཝ༌ཝི༌ མར༌ནག༌ ལུགས༌། 15དཀོན༌མཆོག༌གི༌ ཁོའ༌ ཞལ༌ཏ༌ སལ༌ཁན༌ནི༌ ས༌ཆ༌བོའ༌ ཁོའེ༌ བེ༌ཐེལ༌ མིང༌ང༌ ཏགས༌།
རེ༌ཅལ༌ ཀྲོངས༌།
35:16-26
16ཡ༌ཀོབ༌ དང༌ ཁོའེ༌ ནང༌ཚངས༌, བེ༌ཐེལ༌ནེ༌ ཡང༌སྐྱར༌ བེས༌ལ༌ བིང༌, ཁོང༌གུན༌ ཏ༌རུང༌ ཨེ༌ཕ༌རེད༌ནེ༌ ཐག༌རིང༌ང༌ ཡོད༌ཏུས༌ རེ༌ཅལ༌ལ༌ ཕྲུ༌གུ༌ ཇོར༌ཅེས༌སི༌ ཏུས༌པོ༌ ལེབས༌ཏེ༌ ཁོའ༌ སྐྱེ༌ཟེར༌ སྲན༌ཏྲེ༌ ཡོངས༌། 17ཁོའ༌ སྐྱེ༌ཟེར༌ སྲན༌ཏྲེ༌ ཡོང༌ ཟ༌ནེ༌, རོགས༌ ཅོ༌ཨིན༌ ཡོད༌ཁན༌ནི༌ བུ༌མོའེ༌ ཁོའ༌ ཟེརས༌, “ཇིགས༌ མ༌ཇིགས༌, ཁྱོ༌རང༌ང༌ ཡང༌ བུ༌ཚ༌ཞིག༌ ཇོར༌དུག༌།” 18རེ༌ཅལ༌ལི༌ སྟིང༌ཇུག༌གི༌ འུགས༌པོ༌ ལེན༌ཨིན༌ ཁོ༌རང༌ངི༌ བུ༌ཚའེ༌ མིང༌ང༌ བིན༌འོ༌ནི༌ ཏགས༌ ༼ཀ༌བོའེ༌ ཏོན༌ རྡུག༌པོའེ༌ བུ༌ཚ༌༽ ཨིན༌ནའང༌ ཁོའེ༌ ཨ༌བའེ༌ བུ༌ཚའེ༌ མིང༌ང༌ བེན༌ཡཱ༌མིན༌ ཏགས༌ ༼ཀ༌བོའེ༌ ཏོན༌ ངའེ༌ ལག༌པ༌ ཡས༌པའེ༌ བུ༌ཚ༌།༽
19ཏེ༌ནེ༌ རེ༌ཅལ༌ ཤི༌ ཡང༌ ཨེ༌ཕ༌རེད༌ལ༌ ཆ༌སའེ༌ ལམ༌མི༌ཀ༌ ཁོའེ༌ སྤུར༌ སུབས༌ ཀ༌བོའ༌ དག༌ས༌ བེད༌ལེ༌ཧེམ༌ ཟེར༌ར༌ནོག༌། 20ཁོའེ༌ སྤུར༌ཁང༌ངི༌ཀ༌ ཡ༌ཀོབ༌བི༌ ཀ༌ཝ༌ ཙོགས༌ལ༌ རྡོའ༌ རྩིགས༌། རེ༌ཅལ༌ལི༌ སྤུར༌ཁང༌ངི༌ཀ༌ རྡོའ༌ རྩིགས༌ཁན༌ནི༌ སྟགས༌ དག༌སའང༌ ཡོད༌ཏེ༌ ཨིན༌ནོག༌།
21ཏ༌ ཨིས༌ར༌ཨེལ༌ ཡང༌ན༌ ཡ༌ཀོབ༌བི༌ ཡང༌སྐྱར༌ བེས༌ གོ༌ཟུགས༌ཏེ༌ ལྷོ༌ ཆོགས༌ལ༌ སོང༌ ཡང༌ ཁོ༌རང༌ངི༌ ཀུར༌བོ༌ མིག༌དལ༌ ཨེ༌དར༌ནེ༌ འ༌ཟམ༌མ༌ སོང༌ཏེ༌ ཙུགས༌། 22ཨིས༌ར༌ཨེལ༌ ཏེ༌ ས༌ཆའེ༌ ནང༌ང༌ དུག༌ ཟ༌ནེ༌ རུ༌བེན༌ནི༌ ཁོ༌རང༌ངི༌ ཨ༌བའེ༌ ཚེ༌ཡོག༌ ན༌མ༌ བིལ༌ལཧ༌ ཉམ༌པོ༌ ལུས༌བྲེལ༌ ཅོས༌ ཡང༌ ཨིས༌ར༌ཨེལ༌ལ༌ གྱུས༌སོང༌།
ཨིས༌ར༌ཨེལ༌ ཡང༌ན༌ ཡ༌ཀོབ༌བ༌ ཕྲུ༌གུ༌ རྕུག༌ཉིས༌ ཡོད༌པིན༌།
23ལི༌ཡའེ༌ བུ༌ཚ༌གུན༌: རུ༌བེན༌ ཡ༌ཀོབ༌བི༌ གོ༌སྐྱེས༌, སི༌མེ༌འོན༌, ལི༌ཝི༌, ཡ༌ཧུ༌དཱ༌, ཨིས༌ས༌ཁར༌ དང༌ ཟེ༌བུ༌ལོན༌།
24རེ༌ཅལ༌ལི༌ བུ༌ཚ༌གུན༌: ཡོ༌སེབ༌ དང༌ བེན༌ཡཱ༌མིན༌།
25རེ༌ཅལ༌ལི༌ ཡ༌ཏོ༌ བུ༌མོ༌ བིལ༌ལཧའེ༌ བུ༌ཚ༌གུན༌: དཱན༌ དང༌ ནཕ༌ཐལ༌ལི༌།
26ལི༌ཡའེ༌ ཡ༌ཏོ༌ བུ༌མོ༌ ཟིལ༌པཧའེ༌ བུ༌ཚ༌གུན༌: གཱད༌ དང༌ ཨ༌ཤེར༌།
ཁོང༌གུན༌ པ༌དན༌ཨ༌རམ༌མི༌ ནང༌ང༌ སྐྱེས༌ཁན༌ ཡ༌ཀོབ༌བི༌ བུ༌ཚ༌གུན༌ ཨིན༌པིན༌།
ཨི༌སཱག༌ ཀྲོངས༌།
35:27-29
27ཡ༌ཀོབ༌ ཁོང༌རང༌ངི༌ ཨ༌བ༌ ཨི༌སཱག༌ ཡོད༌ས༌ མམ༌རེའ༌ ལོགས༌ཏེ༌ ཡོངས༌ ཀ༌བོ༌ ཀི༌རི༌འཐ༌ ཨར༌བ༌ ༼ཡང༌ན༌ ཧེབ༌རོན༌ནི༌༽ ཉེ༌མོའ༌ ཡོད༌པིན༌ ཀ༌རུ༌ ཨབ༌ར༌ཧམ༌ དང༌ ཨི༌སཱག༌ གུན༌ དུག༌གད༌པིན༌། 28ཨི༌སཱག༌ ལོ༌ 180 སོན༌ཏེའ༌ ལུས༌། 29ཏེ༌ནེ༌ མི༌ཚེ༌ རིང༌མོ༌ཞིག༌གི༌ སྟིང༌ནེ༌ ཁོའེ༌ སྟིང༌ཇུག༌གི༌ འུགས༌པོ༌ ལེན༌ཏེ༌ བྲོངས༌ ཡང༌ ཁོ༌རང༌ངི༌ ཕ༌མེས༌པོ༌གུན༌ ཉམ༌པོ༌ ཛོམས༌། ཁོའེ༌ བུ༌ཚ༌ ཨི༌སུ༌ དང༌ ཡ༌ཀོབ༌བི༌ ཁོའེ༌ སྤུར༌ སུབས༌།

Označeno

Share

Copy

None

Want to have your highlights saved across all your devices? Sign up or sign in

YouVersion za prilagajanje tvoje izkušnje uporablja piškotke. Z uporabo našega spletnega mesta se strinjaš z našo uporabo piškotkov, kot je opisano v naši Politiki zasebnosti