Logotip YouVersion
Search Icon

གོ༌ཟུག༌ 33

33
ཡ༌ཀོབ༌བ༌ ཨི༌སུ༌ ཐུག༌།
33:1-20
1ཏེ༌ནེ༌ ཨི༌སུ༌ ཁོ༌རང༌ངི༌ མི༌ ཞིབ༌གྱ༌ ཉམ༌པོ༌ ཡོང༌ང༌ལ༌ ཡ༌ཀོབ༌བི༌ ཐོང༌། ཁོའེ༌ ཕྲུ༌གུ༌གུན༌ ལི༌ཡ༌ དང༌ རེ༌ཅལ༌ གུན༌ནི༌ པར༌ལ༌ གོས༌ ཡང༌ ཚེ༌ཡོག༌ ན༌མ༌ ཉིས༌ཀོའང༌། 2ཁོའེ༌ ཚེ༌ཡོག༌ ན༌མ༌ ཉིས༌ཀོ༌ དང༌ ཁོང༌གུན༌ནི༌ ཕྲུ༌གུ༌གུན༌ ཚང༌མའེ༌སང༌ དུན༌ལ༌, ཏེ༌ནེ༌ ལི༌ཡ༌ དང༌ ཁོའེ༌ ཕྲུ༌གུ༌གུན༌ ཡང༌ རེ༌ཅལ༌ དང༌ ཡོ༌སེབ༌ སྟིང༌ཇུག༌པོའེ༌ཀ༌ བོརས༌། 3ཡ༌ཀོབ༌ ཁོང༌གུན༌ནི༌ སྔུན༌ལ༌ སོང༌ ཡང༌ ཨ༌ཅོའེ༌ ཉེ༌མོའ༌ ལེབ༌བ༌ཅིག༌ རྩི༌ཝ༌ ཅོས༌ཏེ༌ ཁོའེ༌ དུན༌ལ༌ ལེབ༌ལེབ༌ ཚག༌པ༌ ཡ༌ཀོབ༌བི༌ ལན༌ རྡུན༌ གོ༌ ས༌ ཐུག༌ ཅུགས༌ཏེ༌ སྒུས༌།
4ཨིན༌ནའང༌ ཨི༌སུ༌ བང༌ཏངས༌ཏེ༌ ཁོའ༌ ཐུག༌ག༌ལ༌ ཡོངས༌ ཡང༌ ཁོའ༌ ཁྲིལ༌ཏེ༌ པུག༌ ཏངས༌། ཁོང༌ ཉིས༌ཀོ༌ ངུས༌། 5ཨི༌སུའི༌ གོ༌ སྟགས༌ཏེ༌ ལྟའ༌ཅིག༌ ཁོའ༌ བུ༌མོ༌ དང༌ ཕྲུ༌གུ༌གུན༌ ཐོང༌ ཡང༌ ཁོའེ༌ ཏྲིས༌, “ཁྱོ༌རང༌ ཉམ༌པོ༌ ཡོད༌ཁན༌གུན༌ སུ༌ ཨིན༌?”
ཡ༌ཀོབ༌བི༌ ཟེརས༌, “དཀོན༌མཆོག༌གི༌ ཉེ༌རང༌ངི༌ ཡོག༌པོའ༌ ཐུག༌རྗེའེ༌ ཛད༌ཏེ༌ སལ༌ཁན༌ནི༌ ངའེ༌ ཕྲུ༌གུ༌གུན༌ ཨིན༌།” 6ཏེ༌ནེ༌ ཚེ༌ཡོག༌ ན༌མ༌གུན༌ དང༌ ཁོང༌གུན༌ནི༌ ཕྲུ༌གུ༌གུན༌ ཡོངས༌ ཡང༌ གོ༌ ས༌ ཐུག༌ ཅུགས༌ཏེ༌ སྒུས༌། 7ཏེ༌ སྟིང༌ནེ༌ ལི༌ཡ༌ དང༌ ཁོའེ༌ ཕྲུ༌གུ༌གུན༌ ཡང༌ སྟིང༌ཇུག༌ག༌ ཡོ༌སེབ༌ དང༌ རེ༌ཅལ༌ ཡོངས༌ཏེ༌ གོ༌ ས༌ ཐུག༌ ཅུགས༌ཏེ༌ སྒུས༌།
8ཨི༌སུའི༌ ཏྲིས༌, “ངའ༌ ཐུག༌ག༌ལ༌ ཀལ༌ཁན༌ནི༌ མི༌ དང༌ སེམས༌ཅན༌ གུན༌ནི༌ ཏོན༌ ཅི༌ ཨིན༌?”
ཡ༌ཀོབ༌བི༌ ལན༌ཏངས༌, “སྤོན༌བོ༌, ཉེ༌རང༌ངི༌ ཆོགས༌སྐྱོར༌ ཐོབ༌ཅེས༌ལ༌ ཨིན༌ལེ༌།”
9ཨིན༌ནའང༌ ཨི༌སུའི༌ ཟེརས༌, “ངའ༌ ང༌རང༌ང༌ མ༌མང༌པོ༌ ཡོད༌། ནོ༌, ཁྱོ༌རང༌ངི༌ ཨིན༌ཁན༌གུན༌ རང༌ངི༌ ཕིའ༌ བོར༌།”
10ཡ༌ཀོབ༌བི༌ ཟེརས༌, “མན༌, ཇུ༌ཇུ༌ ཀལ༌ཏེས༌ ཉེ༌རང༌ངི༌ ངའ༌ ཆོགས༌སྐྱོར༌ ཛད༌ཏེ༌ ཨིན༌ན༌ འི༌ སྟགས༌གུན༌ ལེན༌ན༌ ཛད༌། ཉེ༌རང༌ངི༌ ཞལ༌དོང༌ ཐོང༌ཅེས༌པོ༌ ནི༌ དཀོན༌མཆོག༌གི༌ ཞལ༌དོང༌ ཇལ༌ཁན༌ ཙོགས༌ ཨིན༌ནོག༌ ཅིའ༌ཞུ༌ན༌ ཉེ༌རང༌ངི༌ ངའེ༌ཀ༌ ཐུག༌རྗེ༌ ཛད༌ཏེ༌ ཨིན༌ནོག༌། 11ཇུ༌ཇུ༌ ངའེ༌ ཉེ༌རང༌ང༌ ཁྱོང༌ཁན༌ནི༌ སྟགས༌གུན༌ ནམས༌ས༌ ཛད༌ ཅིའ༌ཞུ༌ན༌ དཀོན༌མཆོག༌གི༌ ངའེ༌ཀ༌ ཐུག༌རྗེ༌ ཛད༌ཏེ༌ ངའ༌ སྒོས༌དོམ༌ ཚང༌མ༌ སལས༌།” ཡ༌ཀོབ༌བི༌ འུ༌ཙུག༌ ཏངས༌པ༌ ཨི༌སུའི༌ ཏེ༌གུན༌ ལེནས༌།
12ཨི༌སུའ༌ ཟེརས༌, “ང༌དང༌ངི༌ བེས༌པོ༌ ཡང༌སྐྱར༌ གོ༌ཟུག༌ ཨིན༌ ཡང༌ ང༌ ཁྱོ༌རང༌ ཉམ༌པོ༌ ཆེན༌།”
13ཡ༌ཀོབ༌བི༌ ཟེརས༌, “ངའེ༌ སྤོན༌བོ༌, ཕྲུ༌གུ༌གུན༌ འུ༌ཐུགས༌ ཡང༌ ཕྲུ༌གུ༌གུན༌ལ༌ འོ༌མ༌ སྟེར༌ཁན༌ནི༌ ལུག༌ དང༌ བ༌ལང༌ གུན༌ནི༌ ཕིའ༌ ང༌ སམ༌བ༌ ཏང༌ གོ༌ཤེས༌པོ༌ ཉེ༌རང༌ངི༌ ཧ༌གོའ༌ནོག༌། ཀལ༌ཏེས༌ ཏེ༌གུན༌ ཞག༌ཅིག༌གའང༌ གྱོགས༌པ༌ སྲུལ༌ན༌ ཏེ༌གུན༌ ཤི༌ཨིན༌། 14ཇུ༌ཇུ༌ ཉེ༌རང༌ ངའེ༌ སང༌ སྔུན༌ལ༌ སྐྱོད༌། ང༌ ཕྲུ༌གུ༌གུན༌ དང༌ ཀྲུད༌ཏྲོའེ༌ ཁྱུ༌ ཉམ༌པོ༌ ཀུ༌ལེ༌ ཀུ༌ལེའ༌ སེ༌འིར༌ལ༌ ལེབ༌ལེབ༌ ཚག༌པ༌ ཉེ༌རང༌ངི༌ སྟིང༌རང༌ནེ༌ ཡོང༌ཨིན༌།”
15ཨི༌སུའི༌ ཟེརས༌, “ང༌ ངའེ༌ མི༌ ཁ༌ཅིག༌ ཁྱོ༌རང༌ ཉམ༌པོ༌ བོར༌ཅུག༌།”
ཡ༌ཀོབ༌བི༌ ལན༌ཏངས༌, “ཏེ༌ཟུག༌ མ༌ཛད༌། ངའེ༌ ཕིའ༌ ཉེ༌རང༌ངི༌ ཐུག༌རྗེ༌བོ༌ ཙམ༌ ཐད༌ཐད༌ ཨིན༌།”
16ཏེ༌ནེ༌ ཨི༌སུ༌ ཏེན༌ན༌ ཞག༌ག༌ ལོགས༌ཏེ༌ ཁོ༌རང༌ངི༌ ལམ༌མི༌ཀ༌ སེ༌འིར༌ ཆོགས༌ལ༌ སོང༌། 17ཨིན༌ནའང༌ ཡ༌ཀོབ༌ སུ༌ཀོད༌ལ༌ སོང༌ ཀ༌རུ༌ ཁོའེ༌ ཁོང༌རང༌ངི༌ ཕིའ༌ ཁང༌པ༌ རྩིགས༌ ཡང༌ སེམས༌ཅན༌ ཚང༌མ༌ ཕིའ༌ དུགས༌ས༌ ཅོས༌། ཏེན༌ན༌བོའེ༌ཕིའ༌ ཏེ༌ ས༌ཀྱད༌པོའེ༌ མིང༌ང༌ སུ༌ཀོད༌#33:17 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ སུ༌ཀོད༌དི༌ ཏོན༌ “དུག༌སའེ༌ ནས༌ས༌” ཨིན༌ནོག༌། ཟེར༌ར༌ནོག༌། 18པ༌དན༌ཨ༌རམ༌ནེ༌ བིང༌ཏེ༌ ཡ༌ཀོབ༌ ཀེ༌ནན༌ ཡུལ༌ཇོངས༌སི༌ ཤེ༌ཀེམ༌ གྱལ༌སའ༌ ཁམ༌ཟང༌ ལེབ༌ ཡང༌ གྱལ༌ས༌ དང༌ ཉེ༌མོའ༌ ཀུར༌གུན༌ ཙུགས༌ཏེ༌ དུགས༌། 19ཡ༌ཀོབ༌བི༌ ཁོང༌ དུག༌སའེ༌ ས༌ཀྱད༌པོ༌ ཤེ༌ཀེམ༌མི༌ ཨ༌བ༌ ཧ༌མོར༌རི༌ པུར༌གྱུད༌གུན༌ནི༌ ཀ༌ནེ༌ མུལ༌ལི༌ པེ༌ནེ༌ 100 ཉོས༌། 20ཁོའེ༌ ཏེ༌ཀ༌ ཆོད༌ཁྲི༌ཞིག༌ རྩིགས༌ཏེ༌ ཏེ༌བོའ༌ ཨེལ༌ ཨེ༌ལོ༌ཧི༌ ཨིས༌ར༌ཨེལ༌ ༼ཡང༌ན༌ དཀོན༌མཆོག༌, ཨིས༌ར༌ཨེལ༌པའེ༌ དཀོན༌མཆོག༌༽ ཟེར༌ཏེ༌ མིང༌ ཏགས༌།

Označeno

Share

Copy

None

Want to have your highlights saved across all your devices? Sign up or sign in

YouVersion za prilagajanje tvoje izkušnje uporablja piškotke. Z uporabo našega spletnega mesta se strinjaš z našo uporabo piškotkov, kot je opisano v naši Politiki zasebnosti