Logotip YouVersion
Search Icon

གོ༌ཟུག༌ 32

32
ཡ༌ཀོབ༌བི༌ ཨི༌སུའ༌ ཐུག༌ཅེས༌ལ༌ གྲལ༌གྲིག༌ ཅོས༌།
32:1-21
1ཡ༌ཀོབ༌བའང༌ ཏེ༌ཀ༌ནེ༌ ཁོ༌རང༌ངི༌ བེས༌ལ༌ བིང༌ ཡང༌ ཁོའ༌ ཐུག༌ག༌ལ༌ དཀོན༌མཆོག༌གི༌ ཕོ༌ཉ༌གུན༌ སྐྱོདས༌། 2ཁོང༌གུན༌ ཐོང༌ང༌ཅིག༌ ཁོའེ༌ ཟེརས༌, “འི༌བོ༌ དཀོན༌མཆོག༌གི༌ མག༌མི༌ ཛོམ༌སའེ༌ ནས༌ས༌ ཨིན༌ནོག༌།” ཏེ༌བོའེ༌ཕིའ༌ ཁོའེ༌ ཏེ༌ ས༌ཆ༌བོའེ༌ མིང༌ང༌ མ༌ཧ༌ནཱའིམ༌#32:2 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ མ༌ཧ༌ནཱའིམ༌མི༌ ཏོན༌ “སྡེ༌ ཉིས༌ ཚོགས༌ས༌” ཨིན༌ནོག༌། ཏགས༌། 3ཏེ༌ནེ༌ ཡ༌ཀོབ༌བི༌ ཨི༌དོམ༌ ཡུལ༌ལི༌ སེ༌འིར༌རི༌ ས༌ཆའེ༌ ནང༌ང༌ དུག༌ཁན༌ ཁོ༌རང༌ངི༌ ཨ༌ཅོ༌ ཨི༌སུའ༌ ལོན༌ ཁྱེར༌ཁན༌གུན༌ སྔུན༌ལ༌ ལམ༌ཅུགས༌། 4ཁོའེ༌ ཁོང༌གུན༌ལ༌ ལབ༌ཞ༌ ཏངས༌ཏེ༌ ཟེརས༌, “ཁྱོ༌ཞའེ༌ འི༌ཟུག༌ ཟེར༌གོས༌, ‘སྤོན༌བོ༌ ཨི༌སུ༌ ཉེ༌རང༌ངི༌ ཡོག༌པོ༌ ཡ༌ཀོབ༌བི༌ མོལ༌ལ༌རག༌, དི༌རིང༌ ཚག༌པ༌ ང༌ ལ༌བན༌ ཉམ༌པོ༌ དུགས༌པིན༌། 5ཡང༌ ངའ༌ བ༌ལང༌, བུང༌བུ༌, ལུག༌ དང༌ ར༌མ༌, ཡོག༌པོ༌ དང༌ ཡོག༌མོ༌ མང༌པོ༌ ཡོད༌། ང༌ ང༌རང༌ངི༌ སྤོན༌བོའེ༌ ཆོགས༌སྐྱོར༌ ཐོབ༌ཅེས༌ལ༌ ངའེ༌ ཁོང༌གུན༌ ཉམ༌པོ༌ ལོན༌ ཀལ༌ལད༌།’” 6ལོན༌ ཁྱེར༌ཁན༌གུན༌ ཡ༌ཀོབ༌ ཡོད༌ས༌ ལོགས༌ཏེ༌ ལེབས༌ཏེ༌ ཟེརས༌, “ང༌ཞའ༌ ཉེ༌རང༌ངི༌ ཨ༌ཅོ༌ ཨི༌སུ༌ ཡོད༌ས༌ སོང༌པིན༌, ཁོང༌ ཉེ༌རང༌ང༌ ཐུག༌ག༌ལ༌ ཡོང༌ངད༌ ཡང༌ ཁོང༌ ཉམ༌པོ༌ མི༌ ཞིབ༌གྱ༌ དུག༌།”
7ཡ༌ཀོབ༌ ཇིགས༌ ཡང༌ ཚབས༌, ཁོའེ༌ ཁོ༌ ཉམ༌པོ༌ ཡོད༌ཁན༌ནི༌ མི༌གུན༌ ཡང༌ ལུག༌, ར༌མ༌ དང༌ བ༌ལང༌ གུན༌ནི༌ ཁྱུ༌, ཡང༌ རྔ༌བོང༌གུན༌ སྡེ༌ ཉིས༌སི༌ ནང༌ང༌ བགོས༌། 8ཁོའེ༌ སམ༌, “ཀལ༌ཏེས༌ ཨི༌སུ༌ ཡོངས༌ཏེ༌ སྡེ༌ ཅིག༌ག༌ སྤུང༌གོལ༌ ཅོ༌ན༌ ཞན༌ སྡེ༌བོ༌ ཤོར༌ཉན༌ཅེས༌ ཨིན༌ནོག༌།”
9ཏེ༌ནེ༌ ཡ༌ཀོབ༌བི༌ མོས༌ལམ༌ ཞུས༌, “ངའེ༌ མེ༌མེ༌ ཨབ༌ར༌ཧམ༌མི༌ དཀོན༌མཆོག༌ དང༌ ངའེ༌ ཨ༌བ༌ ཨི༌སཱག༌གི༌ དཀོན༌མཆོག༌, ཡ༌ཝ༌ ཉེ༌རང༌ངི༌ ངའ༌ མོལ༌ལ༌ ཛདས༌, ‘རང༌ ཡུལ༌ དང༌ རང༌ངི༌ ཉེན༌གྲུང༌གུན༌ ཡོད༌སའེ༌ ས༌ཆའ༌ ལོགས༌ཏེ༌ སོང༌ ཡང༌ ངའེ༌ ཁྱོ༌རང༌ ཅི༌ཚང༌མའེ༌ ནང༌ང༌ ཐར༌ཁྱེལ༌ ཆ༌ཅུག༌ཨིན༌།’ 10ཉེ༌རང༌ངི༌ ཡོག༌པོའ༌ སྟན༌ན༌ ཛད༌ཁན༌ ཨིད༌ཤེས༌ དང༌ ཐུག༌རྗེ༌ ཚང༌མ༌ ཐོབ༌ཅེས༌སི༌ འོས༌པ༌ ངའ༌ མན༌། ཡོར༌དཱན༌ ལྩངས༌པོ༌ རྒལ༌ཏེ༌ ཆ༌ ཟ༌ནེ༌ ངའེ༌ ལག༌ག༌ རྟེན༌ཅེས༌སི༌ བེར༌ཀ༌བོ༌ མ༌ནེ༌ ཅའང༌ མེད༌པིན༌ ཨིན༌ནའང༌ ཏ༌ ངའེ༌ ལག༌ག༌ སྡེ༌ ཉིས༌ དུག༌། 11ང༌ ངའེ༌ ཨ༌ཅོ༌ ཨི༌སུའི༌ ཀ༌ནེ༌ སྐྱོབ༌བ༌ ཛད༌ཅེས༌ལ༌ ངའེ༌ མོས༌ལམ༌ ཞུའད༌། ང༌ ཇིགས༌ས༌རག༌ ཅིའ༌ཟེར༌ན༌ ཁོ༌ ཡོངས༌ཏེ༌ སྤུང༌གོལ༌ ཅོས༌ཏེ༌ ང༌ མ༌ཚད༌ ངའེ༌ ན༌མ༌གུན༌ དང༌ ཕྲུ༌གུ༌གུན༌ སད༌སྲིད༌ཅེས༌ ཨིན༌ནོག༌། 12ཨིན༌ནའང༌ ཉེ༌རང༌ངི༌ མོལ༌ལ༌ ཛདས༌, ‘ངའེ༌ ཁྱོ༌རང༌ ཅི༌ཚང༌མའེ༌ ནང༌ང༌ ཐར༌ཁྱེལ༌ ཅུགས༌ཏེ༌ ཁྱོ༌རང༌ངི༌ པུར༌གྱུད༌ ཚོའེ༌ ཐའ༌མའེ༌ པེ༌མ༌ རྩི༌ མི༌ཉན༌ཅེས༌ ཙོགས༌ གྱུར༌ཅུག༌ཨིན༌།’”
13ཏེ༌ ཚན༌ལ༌ ཡ༌ཀོབ༌ ཏེན༌ན༌རུ༌ དུགས༌ ཡང༌ ཁོ༌རང༌ང༌ ཡོད༌ཁན༌གུན༌ནི༌ ནང༌ནེ༌ ཁོའེ༌ ཁོ༌རང༌ངི༌ ཨ༌ཅོ༌ ཨི༌སུའི༌ ཕིའ༌ སྐྱེས༌ ལྡམས༌། 14ཏེ༌གུན༌ ར༌མ༌ 200, ར༌ཕོ༌ 20, ལུག༌ 200, ལུག༌ཕོ༌ 20, 15རྔ༌བོང༌མོ༌ 30 དང༌ ཏེ༌གུན༌ནི༌ ཕྲུ༌གུ༌གུན༌, བ༌ལང༌ 40 དང༌ ལང༌ཏོ༌ 10, བུང༌མོ༌ 20 དང༌ བུང༌ཕོ༌ 10 ཨིན༌པིན༌། 16ཁོའེ༌ ཏེ༌གུན༌ནི༌ ཁྱུ༌ སོ༌སོ༌ ཅོས༌ཏེ༌ ཁོ༌རང༌ངི༌ ཡོག༌པོ༌གུན༌ལ༌ སྟ༌སྟོག༌ ཅོ༌ཅུགས༌། ཁོའེ༌ ཁོང༌གུན༌ལ༌ ཟེརས༌, “ངའེ༌ སང༌ སྔུན༌ལ༌ སོང༌ ཨིན༌ནའང༌ ཁྱུ༌གུན༌ནི༌ པར༌ལ༌ པར༌ བོར༌།”
17ཁོའེ༌ གོ༌མ༌ ཆའ༌ཁན༌ནི༌ ཡོག༌པོའ༌ ལབ༌ཞ༌ ཏངས༌, “ངའེ༌ ཨ༌ཅོ༌ ཨི༌སུ༌ ཐུག༌ཏེ༌ ‘ཁྱོ༌རང༌ངི༌ སྤོན༌བོ༌ སུ༌ ཨིན༌ ཡང༌ ཁྱོ༌རང༌ ཀ༌རུ༌ ཆའད༌། འི༌ སེམས༌ཅན༌ ཚང༌མའ༌ སུའི༌ ཨིན༌ ཟེར༌ཏེ༌ ཏྲི༌ན༌?’ 18ཁྱོ༌རང༌ངི༌ ལན༌ འི༌ཟུག༌ ཏང༌གོས༌, ‘འི༌ ཚང༌མ༌ ཉེ༌རང༌ངི༌ ཡོག༌པོ༌ ཡ༌ཀོབ༌བི༌ ཨིན༌ལེ༌། འི༌ ཚང༌མ༌ ཁོང༌ངི༌ སྤོན༌བོ༌ ཨི༌སུའི༌ ཕིའ༌ སྟགས༌ ཀལ༌ཁན༌གུན༌ ཨིན༌ ཡང༌ ཡ༌ཀོབ༌ ཁོང༌རང༌ ང༌ཞའེ༌ སྟིང༌ནེ༌ ཡོང༌ངད༌ལེ༌།’”
19ཁོའེ༌ ཉིས༌པ༌ དང༌ སུམ༌པ༌ ཁྱུ༌གུན༌ ཉམ༌པོ༌ ཡོད༌ཁན༌ནི༌ ཡོག༌པོ༌གུན༌ལའང༌ ལབ༌ཞའ༌ ཏངས༌, “ཨི༌སུ༌ ཐུག༌ག༌ཅིག༌ ཁྱོ༌ཞ༌གུན༌ནི༌ ཏེན༌ན༌ ཙོགས༌ ཟེར༌, 20‘ཉེ༌རང༌ངི༌ ཡོག༌པོ༌ ཡ༌ཀོབ༌ ང༌ཞའེ༌ སྟིང༌ནེ༌ ཡོང༌ངད༌’ ཟེར༌ཅེས༌པོ༌ རྗེད༌ མ༌གོས༌།” ཡ༌ཀོབ༌བི༌ སམ༌, “ཅི༌གྱུས༌, ངའེ༌ སྟགས༌ ཀལ༌ཁན༌བོའེ༌ ཁོ༌ ཐད༌ཅུགས༌ཏེ༌, སྟིང༌ནེ༌ ང༌ ཐུག༌ག༌ཅིག༌ ཁོའེ༌ ཤགས༌པ༌ ཏངས༌ཏེ༌ ངའ༌ སྙིང༌རྗེ༌ སྟན༌ སྲིད༌ཅེས༌ ཨིན༌ནོག༌།” 21ཏེ༌བོའེ༌ཕིའ༌ ཁོའེ༌ སྟགས༌ ཚང༌མ༌ ཁོ༌རང༌ངི༌ སང༌ སྔུན༌ལ༌ ཀལས༌, ཨིན༌ནའང༌ ཁོ༌རང༌ ཏེ༌ ཚན༌བོ༌ ཏེན༌ན༌རུ༌ དུགས༌།
ཡ༌ཀོབ༌བི༌ དཀོན༌མཆོག༌ ཉམ༌པོ༌ ནོལས༌།
32:22-32
22ཏེན༌ན༌ ཚན༌ལ༌ ཡ༌ཀོབ༌ ལངས༌ཏེ༌ ཁོ༌རང༌ངི༌ ན༌མ༌ ཉིས༌ཀོ༌, ཁོའེ༌ ཚེ༌ཡོག༌ ན༌མ༌ ཉིས༌ཀོ༌, ཁོ༌རང༌ངི༌ ཕྲུ༌གུ༌ ཅུག༌ཤིག༌པོ༌ ཁྲིད༌ཏེ༌ ཡབ༌བོག༌ ལྩངས༌པོ༌ རྒལ༌ཏེ༌ ཆ༌ཅེས༌ལ༌ སོང༌། 23ཁོའེ༌ ཁོང༌ དང༌ ཁོའེ༌ གྱུ༌ནོར༌ ཚང༌མ༌ ལྩངས༌པོའེ༌ ཕར༌ཀ༌ ཀལ༌ ཚར༌ཏེ༌ 24ཁོ༌རང༌ ཅིག༌པོ༌ ལུས༌ཏེ༌ ཡོད༌ ཟ༌ནེ༌ མི༌ཞིག༌གི༌ ཁོ༌ ཉམ༌པོ༌ ནམ༌ ལང༌ལངས༌ ཚོག༌པ༌ ནོལས༌། 25མི༌བོའ༌ ནོལ༌ཅེས༌སི༌ ནང༌ང༌ ཁོང༌ མི༌གྱལ༌ཅེས༌པོ༌ ཧ༌གོའ༌ཅིག༌ ཁོང༌ངི༌ ཡ༌ཀོབ༌བི༌ སྤི༌རུས༌པོའ༌ ཆག༌ རྩེས༌ཏེ༌ ཏེ༌བོ༌ ཚིགས༌སི༌ ནང༌ནེ༌ ཕིངས༌ཏངས༌། 26ཏེ༌ནེ༌ མི༌བོའེ༌ མོལས༌, “ང༌ ཆ༌ཅུག༌, ཉི༌མ༌ ཤར༌དུག༌།”
ཡ༌ཀོབ༌བི༌ ལན༌ཏངས༌, “ཉེ༌རང༌ངི༌ ངའ༌ ཅིན༌ལབས༌ སལ༌ཏེ༌ མ༌ནེ༌ ངའེ༌ ཉེ༌རང༌ ཆ༌ མི༌ཅུག༌།”
27མི༌བོའེ༌ ཏྲིའ༌ ཛདས༌, “ཁྱོ༌རང༌ངི༌ མིང༌ང༌ ཅི༌ ཨིན༌།”
ཁོའེ༌ ཟེརས༌, “ཡ༌ཀོབ༌།”
28ཁོང༌ངི༌ མོལས༌, “ཏ༌ནེ༌ཕར༌ལ༌ ཁྱོ༌རང༌ང༌ ཡ༌ཀོབ༌ མན༌པ༌ ཨིས༌ར༌ཨེལ༌#32:28 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ཨིས༌ར༌ཨེལ༌ལི༌ ཏོན༌ “ཁོའེ༌ དཀོན༌མཆོག༌ ཉམ༌པོ༌ རདས༌” ཨིན༌ནོག༌། ཟེར༌ཨིན༌, ཅིའ༌ཟེར༌ན༌ ཁྱོ༌རང༌ངི༌ དཀོན༌མཆོག༌ དང༌ མི༌གུན༌ ཉམ༌པོ༌ རད༌ཏེ༌ ཁྱོ༌རང༌ང༌ གྱལ༌ཁའ༌ ཐོབ༌།”
29ཡ༌ཀོབ༌བི༌ ཟེརས༌, “ཇུ༌ཇུ༌ ཉེ༌རང༌ངི༌ མིང༌ ཤད༌ད༌ ཛད༌།”
ཨིན༌ནའང༌ ཁོང༌ངི༌ ལན༌སལས༌, “ཅི༌ཕིའ༌ ཁྱོ༌རང༌ངི༌ ངའེ༌ མིང༌ ཏྲིའད༌?” ཡང༌ ཁོང༌ངི༌ ཡ༌ཀོབ༌བ༌ ཅིན༌ལབས༌ སལས༌།
30ཡ༌ཀོབ༌བི༌ ཟེརས༌, “ངའེ༌ ང༌རང༌ངི༌ མིག༌ནེ༌ དཀོན༌མཆོག༌ ཇལ༌ཏེའང༌ ང༌ སོན༌ཏེའ༌ ལུས༌།” ཏེ༌བོའེ༌ཕིའ༌ ཁོའེ༌ ཏེ༌ ས༌ཆ༌བོའེ༌ མིང༌ང༌ པེ༌ནིལ༌#32:30 ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ པེ༌ནིལ༌ལི༌ ཏོན༌ “དཀོན༌མཆོག༌གི༌ ཞལ༌དོང༌” ཨིན༌ནོག༌། ཏགས༌།
31ཡ༌ཀོབ༌ པེ༌ནིལ༌ནེ༌ ཆའ༌ ཟ༌ནེ༌ ཉི༌མ༌ ཤར༌, ཡང༌ ཁོའེ༌ སྤི༌རུས༌པོའེ༌ ཞས༌ཏེ༌ ཁོ༌ ཞ༌འོ༌ རྩེའད༌པིན༌། 32ཏེན༌ན༌བོའེ༌ཕིའ༌ དག༌སའང༌ ཨིས༌ར༌ཨེལ༌པ༌གུན༌ནི༌ སྤི༌ཤ༌ ཟའ༌ མ༌ནོག༌, ཅིའ༌ཟེར༌ན༌ ཡ༌ཀོབ༌བི༌ སྤི༌ཤའེ༌ གྱུས༌པ༌ མ༌སྐྱོན༌ སོང༌ཏེ༌ ཨིན༌པིན༌།

Označeno

Share

Copy

None

Want to have your highlights saved across all your devices? Sign up or sign in

YouVersion za prilagajanje tvoje izkušnje uporablja piškotke. Z uporabo našega spletnega mesta se strinjaš z našo uporabo piškotkov, kot je opisano v naši Politiki zasebnosti