Logo YouVersion
Ikona vyhledávání

རོ་མཱ་པ། 12

12
མཆོད་པ་གསོན་པོ།
1འོ་བྱས་རེ་སྤུན་ཀྱ་བོ། དཀོན་མཆོག་གིས་ཁྱེད་ཀྱ་ལ་སྙིང་རྗེ་གཟིགས་བ་མཛད་དེ། ཁོང་གི་དྲུང་དུ་དམ་པ་དང་ཐུགས་མཉེས་བོ་འབྱུང་ཡས་ལ། རང་གི་ལུས་གོ་མཆོད་པ་གསོན་པོ་ཅོག་རེ་ཕུལ་སྨྲས་རེ་ང་ཁྱེད་ཀྱ་ལ་ཞུ་བ་འབུལ་ལ་ཡིན། དེ་རང་ཁྱེད་ཀྱ་ཡིས་ཁོང་པ་ལ་འབུལ་དགོས་ཀྱིན་ཕྱག་མཆོད་པ་བདེན་པ་གོ་ལགས། 2དེ་ནས་འདི་འཇིག་རྟེན་གྱི་ལུགས་སྲོལ་ལ་མ་འདྲེ། ཡིན་ནའང་དཀོན་མཆོག་ལ་ཁྱོད་རི་སེམས་པ་བསྒྱུར་ར་མཛད་དེ། ཁྱོད་ལ་མི་གསར་པ་གཅིག་མཛད་དུ་ཆུག། དེ་ནས་དཀོན་མཆོག་གི་ཐུགས་དགོངས་ནི་བཟང་པོ་དང་། ཐུགས་མཉེས་བོ་དང་། ཕུན་སུམ་ཚོགས་པ་ཡིན་གྱིན་གོ་ཁྱེད་ཀྱ་ཡིས་ཤེས་ཀྱི་ལགས།
3ང་ལ་གནང་ན་ཐུགས་རྗེའི་ལས་འགན་གྱི་སྒོ་ནས་ང་ཁྱེད་ཀྱ་རེ་རེ་ལ་སྨྲ་ཡིན། རང་ག་རེ་འོད་ཀྱིན་ནས་འང་ལྷག་མཐོ་བ་རང་ལ་མ་བསམ། ཡིན་ནའང་དཀོན་མཆོག་གིས་ཁྱེད་ཀྱ་ལ་གནང་ན་དད་པའི་ཚད་ལ་བརྟེན་དེ་བསམ་བློ་དྲང་པོ་གཏོང་། 4གི་བྱས་རེ་སྨྲ་ན་འོ་རི་ལུས་གཅིག་ལ་ཡན་ལག་མང་ང་འོང་ང་ལགས། ཡིན་ནའང་ཡན་ལག་གི་རི་ཡིས་ལས་ཀ་གཅིག་རང་མེད་ཀྱིན་ཅོག་རེ། 5འོ་རང་མང་ང་འོད་ཀྱིན་ཀྱའང་མཱ་ཤི་ཀ་ནང་འོ་རང་ལུས་གཅིག་ལགས། དེ་ནས་འོ་རང་གི་རི་འོ་དེའི་ཡན་ལག་ཀྱ་ལགས། 6འོ་རང་རེ་རེ་ལ་གནང་ན་ཐུགས་རྗེའི་ལས་འགན་ལ་བརྟེན་ཏེ་འོ་རང་ཀྱ་ལ་གནང་སྦྱིན་འདྲ་མི་འདྲ་ཀྱ་འོད་ད་ལགས། ད་ཁྱོའི་གནང་སྦྱིན་གོ་མངོན་བའི་ཤེས་ཡས་ཡིན་ན། ཁྱོད་རི་དད་པ་ལ་བརྟེན་ཏེ་མངོན་བའི་ཤོད། 7དེ་ནས་ཞབས་ཕྱི་ཞུ་ཡས་ཡིན་ན། ཞབས་ཕྱི་ཞུས། དེ་ནས་སློབ་སྦྱོང་སྟེར་ཡས་ཡིན་ན་སློབ། 8དེ་ནས་སེམས་ཤུགས་སྟེར་ཡས་ཡིན་ན། སེམས་ཤུགས་སྟེར། དེ་ནས་སྦྱིན་པ་བཏང་ཡས་ཡིན་ན། མེད་ཕངས་ང་སྦྱིན་པ་གཏོང་། དེ་ནས་འགོ་སྟོན་བྱེད་ཡས་ཡིན་ན། སྙིང་ཐག་པ་ནས་འགོ་སྟོན་བྱེད། དེ་ནས་སྙིང་རྗེ་སྟོན་ཡས་ཡིན་ན། ཉམ་མོ་དགྱེས་རེ་སྟོན།
བྱམས་པའི་སྐོར་ལ།
9བྱམས་པ་གོ་དྲང་པོ་འོང་དགོས། ངན་པ་གོ་ལ་སྡང་ང་བྱེད། དེ་ནས་བཟང་ང་གོ་ལ་གནས་ཏེ་སྡོད། 10སྤུན་གྱི་བརྩེ་གདུང་ཅོག་རེ་གཅིག་གིས་གཅིག་ལ་བྱམས་པ་བྱེད། རང་ནས་ལྷག་གཞན་མ་ལ་གུས་ཞབས་བྱེད། 11ལས་མེད་ལམ་གྱིན་བྱུང་རེ་མ་བསྡད། ཡིན་ནའང་ཁྱོད་རི་སེམས་གཏིང་ནས་གཙོ་བོ་ལ་ཞབས་ཕྱི་ཞུས། 12དེ་ནས་རེ་བ་ལ་བརྟེན་ཏེ་དགའ་སྤྲོ་བྱེད། དེ་ནས་སྡུག་པོ་མྱངས་བའི་གང་ལ་བཟོད་པ་བྱེད། དེ་ནས་ཙོག་བའི་སྨོན་ལམ་ཞུས། 13མཱ་ཤི་ཀ་བ་སྤུན་ཀྱ་ནང་མེད་མཁན་གོ་ལ་རོགས་རམ་བྱེད། དེ་ནས་མགྲོན་པོ་ཀྱ་ལ་ཕེབས་བསུ་ཞུས།
14ཁྱེད་ཀྱ་ལ་སྡུག་པོ་བཏང་མཁན་ཀྱ་ལ་བྱིན་རླབས་སྟེར། བྱིན་རླབས་སྟེར། ཡིན་ནའང་དམོད་མོ་མ་བརྒྱབ། 15དགའ་སྤྲོ་བྱེད་མཁན་ཀྱ་མུ་ལ་དགའ་སྤྲོ་བྱེད། དེ་ནས་ངུ་བརྡ་བརྒྱབ་མཁན་ཀྱ་མུ་ལ་ངུ་བརྡ་རྒྱོབ། 16གཅིག་གིས་གཅིག་མུ་ལ་མཐུན་ཏེ་སྡོད། རང་བསྟོད་མ་བྱེད། ཡིན་ནའང་ཉམ་ཆུང་ཀྱ་མུ་ལ་འབྲེལ་བ་བྱེད། དེ་ནས་འོད་ལེ་གོ་ཁྱོད་ལ་ཤེས་ཡས་འོད་ཀྱིན་ཅོག་རེ་མ་བྱེད།
17མི་སུ་ལའང་ངན་པའི་ཚབ་ལ་ངན་པ་མ་བྱེད། མི་གི་རིའི་དམིགས་བ་དུ་ཡ་རབས་རྩི་གིན་གོ་ལ་དོ་སྣང་བྱེད། 18འབྱུང་ཐུབ་ཡས་འོད་ན་གི་ཐུབ་ཐུབ་རང་ལ་ར་ལུས་གིན་ཐུག་པའི་གི་རི་མུ་ལ་ཞི་བདེ་ལ་སྡོད། 19དེ་ནས་གཅེས་བའི་ཀྱ་བོ། ནམ་མའང་དགྲ་ཤ་མ་ལེན། ཡིན་ནའང་དཀོན་མཆོག་གིས་ཐུགས་ཁྲོ་ལ་བོར་ཤོག། གི་བྱས་རེ་སྨྲ་ན་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས། དགྲ་ཤ་ལེན་ཡས་ལས་འགན་ངའི་ལགས། ངས་རང་ལེན་དོ་གསུངས་རེ་གཙོ་བོས་གསུངས་ང་ལགས།#བཀའ་ཁྲིམས། ༣༢:༣༥ 20ཡོལ་ལེ་གསུང་རབ་ལ་དེ་རེ་བྲིས་འོད་ད་ལགས།
ཁྱོའི་དགྲ་གོ་ལྟོགས་རི་ལ་འོད་ན། ཁོ་ལ་ཟ་མ་སྟེར།
ཁོ་སྐོམ་ཏེ་བསྡད་འོད་ན། ཁོ་ལ་ཆུ་སྟེར།
དེ་རེ་བྱེད་ན་ཁྱོས་ཁོའི་མགོ་བ་ཁར་ལ་སོལ་ལ་དམར་བོ་བླུག་བ་ལགས#༡༢:༢༠ ཁོའི་མགོ་བ་ཁར་ལ་སོལ་ལ་དམར་བོ་བླུག་བ་ལགས དེ་སྨྲ་ན་ཁྱོས་ཁོ་ལ་ངོ་ཚ་རུ་བཅུག་སྟེ་མེ་འབར་དུ་བཅུག་གི་ལགས།#ལེགས་བཤད། ༢༥:༢༡,༢༢
21ངན་པ་ཡིས་འཕམ་དུ་མ་བཅུག།ཡིན་ནའང་ངན་པ་ལ་བཟང་པོ་ཡིས་འཐོབ་པ་བྱེད།།

Zvýraznění

Kopírovat

Porovnat

Sdílet

None

Chceš mít své zvýrazněné verše uložené na všech zařízeních? Zaregistruj se nebo se přihlas