རོ་མཱ་པ། 5

5
ལེའུ་ལྔ་པ།
ཞི་བདེ་དིང་དགའ་སྤྲོའི་སྐོར།
1འོ་དེའི་ཆེད་དུ། དཀོན་མཆོག་གི་དྲུང་དུ་དད་པའི་བརྒྱུད་ནས་མི་ཡང་དག་པ་ཞིག་ཡིན་དི་བརྩིས་གནང་ཕེན། འུ་ཀྱ་ཀྱི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་དཀོན་མཆོག་དིང་སྐྱེན་ལེ་ཞི་བདེ་མཐུན་འཇམ་བྱུང་པི་དིག 2ཡང་འུ་ཀྱ་ཀྱིས་དད་པ་བྱས་པའི་བརྒྱུད་ནས་ཁོང་གིས་འུ་ཀྱ་ལེ། ཁོང་གི་ཐུགས་རྗེ་གཟིགས་སྐྱོང་གི་ནང་ལེ་གནས་སྡོད་བགྱིད་དུ་བཅུག་གནང་པི་དེ་ལེ་བརྟེན་ཏེ། འུ་ཀྱ་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་ནས་དཀོན་མཆོག་གི་གཟི་བརྗིད་ལེ་རེ་སྒུག་བགྱིད་འོད་དིག 3དེ་མ་ཟད། དཀའ་ངལ་མྱོང་རྒྱ་ཟང་། འུ་ཀྱ་ཀྱིས་དགའ་སྤྲོས་ཁེང་གྱི་དིག ཅི་ལེ་ཟེར་ནི། དཀའ་ངལ་དེ་ལེ་བཟོད་སྒོམ་བགྱིད་ཐུབ་པའི་སེམས་པ་དིང་། 4ཡང་བཟོད་སྒོམ་གྱི་སེམས་དེས་གཤིས་ཀ་བཟང་པོ། གཤིས་ཀ་བཟང་པོ་དེས་རེ་བ་སྐྱེ་འོད་དི་འུ་ཀྱ་ཀྱིས་ཧ་གོ་འོད་དིག 5རེ་བ་དེས་བློ་མི་འཕམ་འོད་དིག ཅི་ལེ་ཟེར་ནི། འུ་ཀྱ་ལེ་གནང་བའི་དམ་པའི་ཐུགས་ཉིད་ཀྱི་བརྒྱུད་ནས་དཀོན་མཆོག་གི་བྱམས་པ་འུ་ཀྱ་ཀྱི་སེམས་ནང་ལེ་བླུག་གནང་པི་དིག 6ཅི་ལེ་ཟེར་ནི། འུ་ཀྱ་ལེ་ཐར་ལམ་མེད་དི་དུས་ལེ། སྐྱབས་མགོན་ཡེ་ཤུ་དུས་ཐོག་ཏུ་སྡིག་ཅན་ཀྱ་ཀྱི་ཆེད་དུ་སྐུ་གྲོངས་གནང་པི་དིག 7མི་གཤིས་ཀ་བཟང་པོ་ཞིག་གི་དོན་ལེ་སྲོག་བློས་གཏོང་ཕོད་མཁན་དེ་དཀོན་པོ་ཡིན་ནའང་། མི་བཟང་པོ་ཁྱད་དུ་འཕགས་པ་ཞིག་གི་དོན་ལེ་སྲོག་བློས་གཏོང་ནུས་སྲིད་ཀྱི་དིག 8ཡིན་ནའང་། འུ་ཀྱ་ད་རུང་སྡིག་ཅན་ཡིན་རྒྱ། སྐྱབས་མགོན་ཡེ་ཤུ་འུ་ཀྱ་ཀྱི་དོན་ལེ་སྐུ་སྲོག་བློས་བཏང་གནང་པའི་བརྒྱུད་ནས། དཀོན་མཆོག་གི་བྱམས་པ་དེ་ནི་ཙམ་ཞིག་གཏིང་ཟབ་པོ་ཡིན་དི་འུ་ཀྱ་ལེ་བསྟན་གནང་པི་དིག 9ད་ཁོང་གི་སྐུ་ཁྲག་གི་བརྒྱུད་ནས་འུ་ཀྱ་མི་ཡང་དག་པ་ཞིག་ལེ་བརྩིས་གནང་ཕེན། ཁོང་གི་བརྒྱུད་ནས་འུ་ཀྱ་དེ་ལས་ལྷག་ཚོད། དཀོན་མཆོག་གི་ཐུགས་ཁྲོ་ནས་ཐར་གྱི་དིག#5.9 དཀོན་མཆོག་གི་ཐུགས་ཁྲོ་ཟེར་ནི། ཁོང་རང་ནི་སྡིག་པ་ལེ་མི་དགའ་འོད་ཕེན། སྡིག་ཉེས་ཀྱི་མཐའ་མའི་ཁྲིམས་གཅོད་བགྱིད་ཀྱི་དིག 10ཅི་ལེ་ཟེར་ནི། འུ་ཀྱ་དཀོན་མཆོག་གི་དགྲ་བོ་ཡིན་རྒྱ། ཁོང་གིས་རང་གི་སྲས་སྐུ་སྲོག་བློ་བཏང་གནང་བའི་བརྒྱུད་ནས། འུ་ཀྱ་ཁོང་དིང་སྐྱེན་ལེ་མཐུན་འཇམ་བཟོས་གནང་པི་དིག ད་མཐུན་འཇམ་བཟོས་ཚར་འོད་ཕེན། དེ་ལས་ལྷག་ཚོད་ཁོང་གི་སྐུ་ཚེ་དེས་འུ་ཀྱ་ལེ་ཐར་བ་གནང་པི་དིག 11དེ་མ་ཟད། འུ་ཀྱ་ཀྱི་སྐྱབས་མགོན་ཇོ་བོ་ཡེ་ཤུའི་བརྒྱུད་ནས་འུ་ཀྱ། དཀོན་མཆོག་དིང་སྐྱེན་ལེ་མཐུན་འཇམ་བཟོས་གནང་ཕེན། ད་འུ་ཀྱ་ཀྱིས་སེམས་དགའ་མགུ་ཆེན་པོས་ངང་ནས་དཀོན་མཆོག་ལེ་བསྟོད་པ་འབུལ་གྱོ་འོད་དིག
ཨ་དམ་ནས་འཆི་པ་དིང་། ཡེ་ཤུ་ནས་ཚེ་སྲོག་བྱུང་བ།
12ཡང་མི་གཅིག་གི་རྐྱེན་གྱིས་སྡིག་པ་འཛམ་བུ་གླིང་ལེ་ཁྱབ་པི་དིང་། ཡང་སྡིག་པ་དེའི་བརྒྱུད་ནས་འཆི་བ་བྱུང་ཕེན། མི་ཡེ་རེས་སྡིག་པའི་ལས་བྱས་པའི་རྐྱེན་གྱིས་འཆི་བ་དེ་ནི་མི་རིགས་ཀུན་ལེ་བྱུང་པི་དིག#5.12 མི་གཅིག་ཟེར་རི་དེ་ནི། ཨ་དམ་ཟེར་མཁན་དེ་ལེ་ཟེར་རི་དིག ཁོང་རང་ནི་དཀོན་མཆོག་གིས་བཟོས་གནང་བའི་མི་དང་པོ་དེ་ཡིན་དིག ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 3 ནང་ལེ་གཟིགས་རོགས། 13ཆོས་ཁྲིམས་མ་གནང་བའི་སྔོན་ལེ་སྡིག་པ་དེ་འཛམ་བུ་གླིང་ལེ་འོད་ནའང་། ཁྲིམས་མེད་རྒྱ་སྡིག་པ་དེ་སྡིག་པ་ཞིག་ལེ་མ་བརྩིས་པི་དིག 14ཡིན་ནའང་། ཨ་དམ་ནས་བྱས་ཏེ་ལུང་སྟོན་པ་མོ་ཤེའི་བར་དུ། མི་ཡེ་རེ་འཆི་བའི་དབང་འོག་ལེ་འོད་དིག ཐ་ན་སྡིག་པའི་ལས་བགྱིད་མཁན་ཀྱ་ཟང་། ཨ་དམ་གྱི་དཀོན་མཆོག་གི་བཀའ་དིང་འགལ་ལི་དིང་ཅོག་འདྲ་མ་བྱས་ནའང་། ཁོང་ཀྱ་འཆི་བའི་དབང་འོག་ཏུ་འོད་དིག ཨ་དམ་ནི། ཕེབས་འོང་མཁན་སྐྱབས་མགོན་ཁོང་གི་དཔེ་ཞིག་ཡིན་དིག 15ཡིན་ནའང་། ཚད་མེད་མེད་དཀོན་མཆོག་གི་རིན་ཐང་ཆེ་བའི་ཐུགས་རྗེ་གཟིགས་སྐྱོང་གི་བྱ་དགའ་དེ་ནི། བཀའ་ཁྲིམས་འགལ་ལི་དིང་ཅོག་འདྲ་མ་དིག ཅི་ལེ་ཟེར་ནི། མི་གཅིག་གིས་བཀའ་ཁྲིམས་དིང་འགལ་ཏེ། སྡིག་ཉེས་བྱས་པི་རྐྱེན་གྱིས་མི་མང་པོ་ཤི་ནའང་། སྐྱབས་མགོན་ཡེ་ཤུ་མི་གཅིག་གི་ཐུགས་རྗེ་གཟིགས་སྐྱོང་གི་བརྒྱུད་ནས་བྱུང་བའི་དཀོན་མཆོག་གི་སྡིག་པའི་དགོངས་ཡངས་ཀྱི་བྱ་དགའ་དེ་ནི། དེ་ལས་ལྷག་ཚོད་མི་ཀྱ་ལེ་ཐོབ་འོད་དི་མ་གས། 16ཡང་དཀོན་མཆོག་གི་ཚད་མེད་མེད་རིན་ཐང་ཆེ་བའི་ཐུགས་རྗེ་གཟིགས་སྐྱོང་གི་བྱ་དགའ་དེ་ནི། མི་གཅིག་གིས་བྱས་པའི་སྡིག་པའི་འབྲས་བུ་དིང་ཅོག་འདྲ་མ་དིག ཅི་ལེ་ཟེར་ནི། ཨ་དམ་གྱིས་བཀའ་ཁྲིམས་དིང་འགལ་ཕེན། ཁྲིམས་གཅོད་ཕོག་པི་དིག ཡིན་ནའང་། དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་གི་རིན་མེད་བྱ་དགའ་དེ་ནི། བཀའ་ཁྲིམས་མང་པོ་འགལ་བའི་རྗེས་ལེ་བྱུང་པི་དིང་། དེའི་འབྲས་བུ་ནི་མི་མང་པོ་ཡང་དག་པ་ཞིག་བཟོས་གནང་པི་དིག 17ཡང་གལ་སྲིད་མི་གཅིག་གིས་བཀའ་ཁྲིམས་འགལ་བའི་རྐྱེན་གྱིས་མི་མང་པོ་འཆི་བའི་དབང་འོག་ཏུ་ཤོར་རི་ཡིན་ནི། དེ་ལས་ལྷག་ཚོད་དཀོན་མཆོག་གི་ཡ་མཚན་ཐུགས་རྗེ་གཟིགས་སྐྱོང་དིང་ཡང་དག་པའི་བྱ་དགའ་དེ་ནི། སྐྱབས་མགོན་ཡེ་ཤུ་མི་གཅིག་གི་བརྒྱུད་ནས་ཚེ་སྲོག་འོད་ཡོད་བྱུང་སྟེ་དབང་བསྒྱུར་གནང་གྱོ་འོད་དིག
18འོ་དེའི་ཆེད་དུ། མི་གཅིག་གིས་བཀའ་ཁྲིམས་འགལ་བའི་རྐྱེན་གྱིས་མི་ཡེ་རེ་ལེ། ཁྲིམས་གཅོད་མྱོང་དགོས་འོད་དི་ཅོག་འདྲ། མི་གཅིག་གིས་དྲང་བདེན་གྱི་ལས་མཛད་པའི་རྐྱེན་གྱིས་མི་ཡེ་རེ་ནི། ཡང་དག་པ་ཞིག་ལེ་བརྩིས་ཏེ་མཐའ་མེད་པའི་ཚེ་སྲོག་ཐོབ་འོད་དིག 19ཅི་ལེ་ཟེར་ནི། མི་གཅིག་གིས་བཀའ་ལེ་མ་ཉན་པའི་རྐྱེན་གྱིས་མི་མང་པོ་སྡིག་ཅན་དུ་བྱུང་པི་ཅོག་འདྲ། མི་གཅིག་གིས་བཀའ་ལེ་ཉན་པའི་རྐྱེན་གྱིས་མི་མང་པོ་ཡང་དག་པ་ཞིག་བྱུང་པི་དིག 20སྡིག་ཉེས་དེ་ཅི་ཡིན་མིན་ཧ་གོ་རྒྱུ་ཆེད་དུ། ཆོས་ཁྲིམས་བྱུང་པི་དིག ཡིན་ནའང་། སྡིག་ཉེས་མང་པོ་འཕེལ་ཕེན། ཐུགས་རྗེ་གཟིགས་སྐྱོང་ཟང་དེ་ལས་ལྷག་ཚོད་མང་དུ་འཕེལ་གྱོ་འོད་དིག 21འོ་དེ་ལེ་བརྟེན་ཏེ། སྔོན་མ་སྡིག་ཉེས་ཀྱིས་འཆི་བའི་བརྒྱུད་ནས་དབང་བསྒྱུར་བྱས་འོད་དིག ཡིན་ནའང་། ད་ལྟ་དཀོན་མཆོག་གི་ཐུགས་རྗེ་གཟིགས་སྐྱོང་གིས་དབང་བསྒྱུར་བྱས་འོད་དིག འོ་དེའི་འབྲས་བུ་དེ་ནི། འུ་ཀྱ་ཀྱི་ཇོ་བོ་སྐྱབས་མགོན་ཡེ་ཤུའི་བརྒྱུད་ནས་འུ་ཀྱ་ལེ་དཀོན་མཆོག་དིང་སྐྱེན་ལེ་མཐུན་འཇམ་གྱི་འབྲེལ་བ་བཟང་པོ་འོད་དི་མ་ཟད། མཐའ་མེད་པའི་ཚེ་སྲོག་ཟང་ཐོབ་འོད་དིག །

הדגשה

העתק

השווה

שתפו

None

רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו