རོ་མཱ་པ། 10
10
ལེའུ་བཅུ་པ།
1ཁྱེད་སྤུན་ཟླ་ཀྱ། ཡི་སི་ར་ཨེལ་པ་ཀྱ་ལེ་ཐར་བ་འཐོབ་རྒྱུ་ཆེད་དུ། ངས་སེམས་གཏིང་ནས་དཀོན་མཆོག་ལེ་གསོལ་བ་འདེབས་གྱོ་འོད། 2མི་དེ་ཀྱ་ནི་དཀོན་མཆོག་གི་དོན་ལེ་བརྩོན་འགྲུས་ཆེན་པོ་བགྱིད་འོད་དི་ངས་དཔང་པོ་བགྱིད་འོད། ཡིན་ནའང་། མི་དེ་ཀྱ་ཀྱིས་བྱས་པའི་བརྩོན་འགྲུས་དེའི་ཤེས་རབ་ནི་ལམ་ནོར་ཞིག་ཡིན་དིག 3ཅི་ལེ་ཟེར་ནི། དཀོན་མཆོག་ནས་འབྱུང་བའི་ཡང་དག་པ་བཟོས་པ་དེ་ཡེ་རེ་ལེ་ཤེས་རྟོགས་མ་བྱུང་ཕེན། ཁོང་ཀྱ་ཀྱིས་རང་གི་ཆོས་ཁྲིམས་སྲུང་བའི་བརྒྱུད་ནས་དྲང་བདེན་འོང་རྒྱུ་ལེ་བརྩོན་འགྲུས་བྱས་ཏེ། དཀོན་མཆོག་གི་དྲང་བདེན་གྱི་ཐབས་ལམ་དེ་ལེ་ཁས་ལེན་མ་བྱས་པི་དིག 4ཆོས་ཁྲིམས་ཀྱི་ཐམས་ལམ་ནི་སྐྱབས་མགོན་ཡེ་ཤུ་ཁོང་རང་ཡིན་ཕེན། ཁོང་ལེ་དད་པ་བགྱིད་མཁན་མི་ཡེ་རེ་ཡང་དག་པ་ཞིག་ལེ་བརྩིས་གནང་པི་དིག
ཐར་པ་ནི་མི་ཡེ་རེའི་ཆེད་དུ་ཡིན།
5ཡིན་ནའང་། ཆོས་ཁྲིམས་ཀྱི་བཀའ་སྒྲུབ་པར་བརྟེན་ཏེ། མི་ཡང་དག་པ་ཞིག་བྱུང་པའི་དེའི་སྐོར་ལེ། ལུང་སྟོན་པ་མོ་ཤེས་ཟང་། ཆོས་ཁྲིམས་ཀྱི་བཀའ་ཡེ་རེ་སྒྲུབ་མཁན་དེ་གསོན་གྱི་དིག་ཟིན་བྲིས་འོད་དིག#10.5 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གསུམ་པ་ལེ་ཝི་ཚུལ་ཁྲིམས་ལེའུ་ 18 ཨང་ 5 ནང་ལེ་གཟིགས་རོགས། 6ཡིན་ནའང་། དད་པའི་བརྒྱུད་ནས་མི་ཡང་དག་པ་བྱུང་བའི་སྐོར་ལེ་གསུང་རབ་ཀྱི་མདོ་ནང་ལེ། ཁྱེད་ཀྱ་ཀྱིས་རང་གི་སེམས་ནང་ལེ། མི་སུ་ནམ་མཁའི་ཞིང་ཁམས་ལེ་འགྲོ་འོད་དི་གོ་མ་ཟེར་ཟིན་བྲིས་འོད་དིག (དེ་ནི་སྐྱབས་མགོན་ཡེ་ཤུ་མར་གདན་འདྲེན་རྒྱུ་ཆེད་དུ་ཡིན་དིག)#10.6 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 30 ཨང་ 12 ནང་ལེ་གཟིགས་རོགས། 7ཡང་ནི། མི་སུ་ཞིག་མར་འཆི་བའི་ཡུལ་ལེ་འགྲོ་འོད་དི་གོ་མ་ཟེར་ཞིག་ཟིན་གསུངས་འོད་དིག (དེ་ནི་སྐྱབས་མགོན་ཡེ་ཤུ་ཡར་འཁྲིད་རྒྱུ་ཆེད་དུ་ཡིན) ཟིན་མ་བསམ་ཞིག་ཟིན་གསུངས་འོད་དིག#10.7 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 30 ཨང་ 13 ནང་ལེ་གཟིགས་རོགས། 8དོན་ངོ་ཐོག་ཅི་གསུང་པི་ཡིན་དིག་ཟེར་ནི། བཀའ་དེ་ནི་ཁྱོད་དིང་ཉེ་མོ་འོད་དི་དིང་། ཁྱོད་ཀྱི་ཁ་དིང་ཁྱོད་ཀྱི་སེམས་ནང་ལེ་བཞུགས་འོད་དིག་ཟིན་གསུངས་པི་དིག བཀའ་དེ་ཅི་ཡིན་དིག་ཟེར་ནི། འུ་ཀྱ་ཀྱིས་བཤད་དི་དད་པའི་བཀའ་ཡིན་དིག#10.8 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 30 ཨང་ 14 ནང་ལེ་གཟིགས་རོགས། 9གལ་སྲིད་ཁྱོད་ཀྱིས་རང་གི་ཁ་ནས་ཡེ་ཤུ་ནི་རང་གི་ཇོ་བོ་ཡིན་དི་ཁས་ལེན་བྱས་པི་མ་ཟད། ཡང་དཀོན་མཆོག་གིས་ཟང་ཁོང་འཆི་བ་ནས་ཡང་དང་གསོན་པོ་བསླངས་པི་དེ་ལེ་སེམས་གཏིང་ནས་དད་པ་བྱས་ནི། ཁྱོད་རང་ལེ་ཐར་བ་ཐོབ་ཀྱི་དིག 10ཅི་ལེ་ཟེར་ནི། སེམས་གཏིང་ནས་དད་པ་བྱས་ནི། མི་ཡང་དག་པ་ཞིག་ལེ་བརྩི་གནང་གྱོ་འོད་དི་མ་ཟད། ཁ་ནས་ཁས་ལེན་བྱས་ནི་ཐར་པ་འཐོབ་གྱོ་འོད་དིག 11གསུང་རབ་ཀྱི་མདོ་ནང་ལེ་ཟང་། ཁོང་ལེ་དད་པ་བགྱིད་མཁན་ཡེ་རེ་ལེ། དུས་ནམ་ཡིན་ནའང་ངོ་ཚ་དགོས་འོང་གྱི་མ་དིག#10.11 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 28 ཨང་ 16 ནང་ལེ་གཟིགས་རོགས། 12ཅི་ལེ་ཟེར་ནི། ཡ་ཧུ་དཱ་པའི་མི་རིགས་དིང་། ཡང་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་རིགས་དེ་གཉིས་ཀྱི་བར་ལེ་ཁྱད་པར་མེད་དིག ཁོང་ནི་མི་དེ་ཀྱ་ཀྱི་སྐྱབས་མགོན་གཅིག་རང་དེ་ཡིན་དི་དིང་། ཁོང་ནི་མི་ཡེ་རེའི་ཇོ་བོ་གཅིག་རང་དེ་ཡིན་དིག ཁོང་གིས་རང་ལེ་ཞུ་བ་འབུལ་མཁན་མི་ཀུན་ལེ་བསམ་གྱིས་མི་ཁྱབ་པར་བྱིན་རླབས་གནང་གྱོ་འོད་དིག 13ཅི་ལེ་ཟེར་ནི། ཇོ་བོའི་མཚན་འབོད་མཁན་ཡེ་རེ་ལེ་ཐར་བར་འགྱུར་ཟིན་བྲིས་འོད་དིག#10.13 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡོ་ཨེལ་གྱིས་བྲིས་པའི་མདོ་ལེའུ་ 2 ཨང་ 32 ནང་ལེ་གཟིགས་རོགས། 14འོ་ནེ། ད་ཁོང་ལེ་དད་པ་མི་བགྱིད་མཁན་མི་ཀྱ་ཀྱིས་ཁོང་ལེ་ཞུ་བ་ཅི་གི་བྱས་ཏེ་འབུལ་རྒྱུ། ཡང་ཐོས་མྱོང་ཅི་གང་མེད་ནི་དད་པ་ཅི་གི་བྱས་ཏེ་བགྱིད་རྒྱུ། བཀའ་ཤོད་མཁན་མེད་ནི་ཅི་གི་བྱས་ཏེ་ཐོས་རྒྱུ། 15མ་བརྫངས་ནི་ཅི་གི་བྱས་ཏེ་གཏམ་བཟང་ཤོད་རྒྱུ། གསུང་རབ་ཀྱི་མདོ་ནང་ལེ། གཏམ་བཟང་ཤོད་མཁན་གྱི་ཞབས་དེ་ནི། དེ་གི་མཛེས་པི་ཟིན་བྲིས་འོད་དིག#10.15 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 52 ཨང་ 7 ནང་ལེ་གཟིགས་རོགས། 16ཡིན་ནའང་། མི་མང་ཆེ་བས་གཏམ་བཟང་ལེ་མ་ཉན་ཕེན། ལུང་སྟོན་པ་ཡེ་ཤ་ཡཱས། ཇོ་བོ་དཀོན་མཆོག འུ་ཀྱ་ཀྱི་གཏམ་བཟང་ལེ། མི་སུས་དད་པ་བགྱིད་རྒྱུ་ཟིན་བྲིས་འོད་དིག#10.16 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 53 ཨང་ 1 ནང་ལེ་གཟིགས་རོགས། 17འོ་དེའི་ཆེད་དུ། དད་པ་ནི་ཅི་ཐོས་པ་ནས་འབྱུང་ཕེན། ཅི་ཐོས་པ་དེ་སྐྱབས་མགོན་ཡེ་ཤུའི་བཀའ་ནས་འབྱུང་པི་དིག 18འོ་དེ་གི་ཡིན་ནི། འོ་ནེ། ཡ་ཧུ་དཱ་པའི་མི་ཀྱ་ཀྱིས་གཏམ་བཟང་ཐོས་མྱོང་མེད་དིག་ཟེར་ནི། ཐོས་མྱོང་འོད་དིག ཅི་ལེ་ཟེར་ནི།
ཁོང་ཀྱ་ཀྱི་གསུང་སྐད་ནི་ས་གཞི་ཀུན་ལེ་ཁྱབ་འོད་དིག །
ཁོང་ཀྱ་ཀྱི་བཀའ་ཚིག་འཛམ་བུ་གླིང་གི་མཐའ་ལེ་ཁྱབ། །
ཟིན་བྲིས་འོད་དིག#10.18 ཚིགས་བཅད་འདི་ནི་གསུང་མགུར་མདོ་ལེའུ་ 19 ཨང་ 4 ནང་ལེ་གཟིགས་རོགས། 19འོ་ནེ། ཡང་ཡི་སི་ར་ཨེལ་པ་ཀྱ་ཀྱིས་ཧ་མི་གོ་འོད་དི་གས་ཟིན་དྲིས་ནི། དང་པོ་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ནང་ལེ།
ངས་རང་གི་མི་རིགས་མིན་པའི་བརྒྱུད་ནས། །
ངས་ཁྱེད་ཀྱ་ལེ་ཕྲག་དོག་སློང་གྱི་ཡིན། །
ངས་མི་རིགས་གླེན་པ་ཀྱ་བརྒྱུད་ནས། །
ངས་ཁྱེད་ཀྱ་ལེ་ཞེ་སྡང་སློང་གྱི་ཡིན། །
ཟིན་གསུངས་འོད་དིག#10.19 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་བཀའ་ལུང་ལེའུ་ 32 ཨང་ 21 ནང་ལེ་གཟིགས་རོགས། 20ཡང་ལུང་སྟོན་པ་ཡེ་ཤ་ཡཱས་བློ་ཁོག་ཆེན་པོས་ངང་ནས།
ང་ལེ་མི་འཚོལ་མཁན་གྱིས་ང་རྙེད་དི་དིག །
ང་ལེ་མི་ཞུ་མཁན་ཀྱ་ལེ་ངས་མངོན་སུམ་སྟོན། །
ཟིན་གསུངས་པི་དིག#10.20 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 65 ཨང་ 1 ནང་ལེ་གཟིགས་རོགས། 21ཡིན་ནའང་། ཡི་སི་ར་ཨེལ་པའི་སྐོར་ལེ་ཁོང་གིས། །
བཀའ་ལེ་མི་ཉན་མཁན་སེམས་གྱོང་པོའི་མི་དེ་ཀྱ་ལེ། །
བསུ་རྒྱུ་ཆེད་དུ་ངས་ཉིན་གང་ལག་གཡུག་བྱས་པི་ཡིན། །
ཟིན་གསུངས་པི་དིག །#10.21 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 65 ཨང་ 2 ནང་ལེ་གཟིགས་རོགས།
נבחרו כעת:
རོ་མཱ་པ། 10: DLPO
הדגשה
העתק
השווה
שתפו
רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו
© 2023 Wycliffe Bible Translators, Inc. All rights reserved.