མཛད་པ། 27
27
ལེའུ་ཉི་ཤུ་རྩ་བདུན།
ཕོལ་ལོལ་རོ་མཱ་རྒྱལ་ས་ལེ་ཁྲིད་འགྲོ་བ།
1དེ་ནས་སྤྱི་དཔོན་ཕོར་ཀེའུ་ཨོ་ཕེ་ཏི་ཁོས་ཟང་། ཉེད་ཀྱ་གྲུ་གཟིངས་ལེ་བཞོན་ཏེ། དབྱི་ཏ་ལི་ལུང་པ་ལེ་རྫོང་རྒྱུ་ཐག་བཅད་ཕེན། ཕོལ་ལོལ་དིང་བཙོན་པ་གཞན་མ་དེ་ཀྱ་ནི། རྒྱལ་པོ་སེ་བཟིར་གྱི་དམག་མི་ཀྱ་ནང་ནས། མིང་ལེ་ཡུ་ལི་ཟེར་མཁན་དམག་མི་བརྒྱ་དཔོན་ཁོའི་ལག་ལེ་གཏད་དི་དིག 2དེ་ནས་ཡང་ཨ་དྲ་མིད་ཟེར་རི་རྒྱལ་ས་ནས་འོངས་པའི་གྲུ་གཟིངས་ཞིག་ཨེ་ཞེ་ཡཱ་ལུང་པའི་ཡུལ་སྡེའི་མཚོ་འགྲམ་བརྒྱུད་ནས་འགྲོ་མཁན་ཡིན་ཕེན། ཉེད་ཀྱ་ཟང་གྲུ་གཟིངས་དེ་ལེ་བཞོན་ཏེ་འགྲོ་རྒྱ། མ་ཀེ་དོན་ཡཱ་ལུང་པ་ཐེ་ས་ལོ་ནི་ཀེ་རྒྱལ་ས་ནས་ཡིན་དི་མིང་ལེ་ཨ་རི་སྟར་ཀུ་ཟེར་མཁན་མི་དེ་ཟང་། ཉེད་ཀྱ་ཀྱི་སྐྱེན་ལེ་འོངས་པི་དིག 3དེའི་སྔ་དྲོ་ཚི་དོན་ཟེར་རི་རྒྱལ་ས་ལེ་སླེབས་ཏེ། དམག་དཔོན་ཡུ་ལི་ཁོས་ཕོལ་ལོལ་གུ་ཡངས་པོ་ལ་སྡོད་བཅུག་པི་མ་ཟད། ཕོལ་ལོལ་གྱི་རོགས་པ་ཀྱ་ཀྱིས་ཁོ་རང་ལེ་སྣེ་ལེན་བགྱིད་རྒྱུ་ལེ་ཆོག་མཆན་གནང་པི་དིག 4དེ་ནས་ཉེད་ཀྱ་གྲུ་གཟིངས་ལེ་བཞོན་ཏེ་འགྲོ་རྒྱུ་བགྱིད་རྒྱ། མཚོ་རླུང་ཤུགས་ཆེན་པོ་ཞིག་བརྒྱབ་ཏེ། ཀིབ་རུ་་གླིང་ཕྲན་གྱི་མཚོ་འགྲམ་བརྒྱུད་ནས་བྱས་ཏེ་འགྲོ་དགོས་བྱུང་པི་དིག 5དེ་ནས་རྒྱ་མཚོ་འགལ་ཏེ་ཀི་ལིག་ཡཱ་ལུང་པ་དིང་། ཕམ་ཕིལ་ཡཱ་ལུང་པ་དེ་གཉིས་ཀྱི་མདུན་ཕྱོགས་ལེ་ཕྱིན་ཏེ། ལིག་ཡཱ་རྒྱལ་ས་མུ་རཱ་ལེ་སླེབས་སོང་། 6དེ་ནས་མུ་རཱ་རྒྱལ་སའི་དམག་མི་བརྒྱ་དཔོན་གྱིས་ཉེད་ཀྱ་ལེ། ཨ་ལིག་ཟན་དྲི་ཡཱ་རྒྱལ་ས་ནས་དབྱི་ཏ་ལི་ལུང་པ་ལེ་འགྲོ་མཁན་གྲུ་གཟིངས་ཞིག་ཐུག་ཕེན། གྲུ་གཟིངས་དེ་ནང་ལེ་བཞོན་དུ་བཅུག་བྱུང་། 7དེ་ནས་ཉེད་ཀྱ་གྲུ་གཟིངས་ལེ་ཉིན་མ་མང་པོ་འགོར་རི་མ་ཟད། དཀའ་ལས་ཆེན་པོས་ངང་ནས་ཀེ་ནེ་ཏི་ཟེར་རི་རྒྱལ་སའི་ཉ་འགྲམ་ལེ་སླེབས་ཏེ། ཡང་དང་མཚོ་རླུང་ཤུགས་ཆེན་པོ་ཞིག་བརྒྱབ་ཕེན་གྲུ་གཟིངས་མདུན་ལེ་འགྲོ་མ་ནུས་ཏེ། ཀེ་རེ་ཊེ་གླིང་ཕྲན་གྱི་སྣེ་མོ་ནས་མཚོ་རླུང་མེད་མེད་སལ་མོ་ནཱེ་ཟེར་རི་མདུན་ཕྱོགས་ལེ་འོད་ཡོད་རྒྱ་མཚོ་དེ་འགལ་ཏེ། 8དཀའ་ལས་ཆེན་པོས་ངང་ནས་ཉེད་ཀྱ་གླིང་ཕྲན་དེའི་མཚོ་འགྲམ་བརྒྱུད་ནས་བྱས་ཏེ། ལ་སེ་ཡཱ་ཟེར་རི་རྒྱལ་སའི་ཉེ་འགྲམ་གྱི་གྲུ་ཁ་བདེ་ཅན་ཟེར་ས་དེ་རུ་སླེབས་སོང་།
9དེ་ནས་ཡང་དུས་ཡུན་རིང་པོ་འགོར་ཕེན། སྨྱུང་གནས་ཀྱི་དུས་ཆེན་ཟང་རྫོགས་པི་མ་ཟད། དགུན་ཁའི་རླུང་འཚུབ་རྐྱེན་གྱིས་གྲུ་གཟིངས་ལེ་བཞོན་རྒྱུ་ཉེན་ཁ་ཆེན་པོ་འོད་དིག དེ་ནས་ཕོལ་ལོལ་གྱིས་མི་ཀྱ་ལེ། 10ཁྱེད་ཡེ་རེ་ང་ལེ་ཉོན་དང་། འུ་ཀྱ་ད་རུང་མུ་མཐུད་དེ་གྲུ་གཟིངས་འདི་ལེ་བཞོན་ཏེ་ཕྱིན་ནི། གྲུ་གཟིངས་དིང་ཡང་གྲུ་གཟིངས་ནང་གི་ཚོང་ཟོག ཡང་དེ་མ་ཟད། འུ་ཀྱ་ཀྱི་སྲོག་ལེ་ཉེན་ཁ་ཆེན་པོ་འོད་དིག་ཟིན་སྨྲས་པི་དིག 11ཡིན་ནའང་། དམག་མི་བརྒྱ་དཔོན་གྱིས་གྲུ་གཟིངས་དིང་གྲུ་གཏོང་མཁན་ལེ་ཡིད་ཆེས་བྱས་ཏེ། ཕོལ་ལོལ་གྱིས་སྨྲས་པི་ལབ་དེ་ལེ་ཡིད་ཆེས་མ་བྱས་པི་དིག 12གྲུ་ཁ་དེ་རུ་དགུན་རྒྱ་བསྡད་ནི་དགའ་མོ་མེད་ཕེན། གྲུ་ནང་ལེ་འོད་ཡོད་མི་ཡེ་རེས་ཐབས་ཤེས་གང་ཐུབ་བྱས་ཏེ་ས་ཆ་དེ་ནས་ཐོན་ཏེ། ཕེ་ནིག་ཟེར་རི་གྲུ་ཁ་ལེ་འགྲོ་རྒྱུ་ཐག་གཅོད་བྱས་པི་དིག ཕེ་ནིག་གྲུ་ཁ་དེ་ནི། ཀེ་རེ་ཊེ་གླིང་ཕྲན་གྱི་གྲུ་ཁ་ཞིག་ཡིན་དིག ཡང་སྣེ་མོ་ཞིག་ནུབ་བྱང་གི་མཚམས་དིང་། ཡང་སྣེ་མོ་ཞིག་ལྷོའི་ཕྱོགས་ལེ་འོད་དིག
རླུང་འཚུབ་ཆེན་པོ་ལངས་པ།
13དེ་ནས་ལྷོའི་ཕྱོགས་ཀྱི་མཚོ་རླུང་ག་ལས་ཞི་འཇམ་ཕེན། ཁོང་ཀྱ་དོན་སྒྲུབ་སོང་བསམས་ཏེ། གཏིང་རྡོ་ཡར་བླངས་ཏེ་ཀེ་རེ་ཊེ་གླིང་ཕྲན་གྱི་ཉེ་འགྲམ་ནས་བྱས་ཏེ་ཕྱིན་དི་དིག 14དེ་ནས་ཅུང་མ་འགོར་རི་རྗེས་ལེ་གླིང་ཕྲན་གྱི་ཕྱོགས་ནས་བྱང་ཤར་གྱི་རླུང་འཚུབ་ཤུགས་ཆེན་པོ་བརྒྱབ་པི་དིག 15དེ་ནས་གྲུ་གཟིངས་དེ་ལེ་འུར་པོ་ཤུགས་ཆེན་པོ་བརྒྱབ་པའི་རྐྱེན་གྱིས་རང་དབང་མེད་འུར་པོས་འདེད་འགྲོ་འོད་ཕེན། ཁ་ལྐུགས་རྒྱུ་ཐབས་ཤེས་གང་ཐུབས་ཅི་ཐུབས་བྱས་ནའང་མ་ནུས་ཏེ། མཇུག་མཐའ་མ་སྐྱེ་བོར་ཕེན། རླུང་གིས་ག་ས་ག་ལེ་འདེད་འགྲོ་འོད་དིག 16ཡང་ཀོ་ཏཱ་ཟེར་རི་གླིང་ཕྲན་ཆུང་མ་ཞིག་གི་ཕྱོགས་ལེ་ཁུར་ཕེན། གྲུ་གཟིངས་ཀྱི་རྗེས་ལེ་དྲུད་པའི་གྲུ་ཆུང་མ་དེ་ཟང་དཀའ་ལས་ཆེན་པོའི་ངང་ནས་འཛིན་ཐུབ་བྱུང་། 17གྲུང་ཆུང་མ་དེ་བླངས་པའི་རྗེས་ལེ། གྲུ་གཟིངས་དེ་ཆག་འོང་བསམ་སྟེ་འཁྱར་ཕེན་ཐག་པས་བསྡམས་པི་དིག ཡིན་ནའང་། སིར་ཏི་ཟེར་རི་ལུང་པའི་མཚོ་འགྲམ་གྱི་བྱེ་མ་མཐུག་པོའི་ནང་ལེ་འཁར་འོང་བསམ་སྟེ། གཏིང་རྡོ་མར་བརྫངས་ནའང་སྡོད་མ་ཐུབ་ཕེན། གྲུ་གཟིངས་རླུང་གིས་ག་འགྲོ་ས་ལེ་འདེད་དུ་བཅུག་པི་དིག 18དེའི་སྔ་དྲོ་རླུང་འཚུབ་ཆེན་པོ་བརྒྱབ་ཕེན་གྲུ་གཟིངས་ཡམ་ཡོམ་བགྱིད་འོད་དི་དིང་། མི་ཀྱ་ཀྱིས་ཟང་ཚོང་ཟོག་གི་དོ་པོ་ཁ་ཤས་མཚོའི་ནང་ལེ་གཡུགས་པི་དིག 19དེ་ནས་ཉིན་གསུམ་པ་དེ་ལེ་ཁོང་ཀྱ་ཀྱིས་གྲུ་གཟིངས་ཀྱི་ལག་ཅ་ཡེ་རེ་མཚོའི་ནང་ལེ་གཡུགས་པི་དིག 20འོ་དེ་གི་བྱས་ཏེ་ཉིན་མ་མང་པོ་འགོར་ཏེ་ཉི་མ་དིང་སྐར་མ་མིག་གིས་མ་མཐོང་པི་མ་ཟད། རླུང་འཚུབ་ཆེན་པོ་བརྒྱབ་ཕེན། ཉེད་ཀྱ་རང་སྲོག་ཐར་རྒྱུ་རེ་བ་ཟང་བཅད་སོང་།
21ཡང་ཁོང་ཀྱ་ལེ་ཉིན་མ་མང་པོ་ཟ་མ་ཟང་མེད་ཕེན། ཕོལ་ལོལ་ཁོང་ཀྱ་ཀྱི་དཀྱིལ་ནས་ཡར་ལངས་ཏེ། ཁྱེད་ཀྱ་ཡེ་རེ་ང་ལེ་ཉོན་ཅིག ཁྱེད་ཀྱ་སྔོན་མ་ནས་ངའི་ཁ་ལེ་ཉན་ཏེ། ཀེ་རེ་ཊེ་གླིང་ཕྲན་ལེ་བསྡད་དི་ཡིན་ནི། ད་ལྟ་འོ་འདི་གི་མྱངས་ཏེ་གཏོར་བཤིག་ཐེབ་ཀྱི་མ་དིག 22ཡིན་ནའང་། ད་ལྟ་གྲུ་མ་གཏོགས་ཁྱེད་ཀྱ་ཀྱིས་ཚེ་སྲོག་ལེ་སྐྱོན་འོང་གྱི་མ་དིག་ཟིན་སེམས་གསོ་བཏང་པི་དིག 23ཅི་ལེ་ཟེར་ནི། ངའི་བདག་པོ་ནི་དཀོན་མཆོག་ཡིན་ཕེན། ངས་ཁོང་པ་རྐྱང་ལེ་བསྙེན་བཀུར་བགྱིད་འོད། མདང་དགོང་མོ་ང་འོད་ས་ལེ་ཁོང་གི་ཕོ་ཉ་ཕེབས་ཏེ། 24ཕོལ་ལོལ། ཁྱོད་རང་འཁྱར་སྣང་མ་བགྱིད། ཁྱེད་རྒྱལ་པོ་སེ་བཟིར་འོད་ས་ལེ་འགྲོ་དགོས་འོད་དིག ལྟོས་དང་། ཁྱོད་དིང་ཁྱོད་ཀྱི་སྐྱེན་ལེ་འོད་ཡོད་གྲུ་གཟིངས་ནང་གི་མི་ཡེ་རེ་ལེ། དཀོན་མཆོག་གིས་སྙིང་རྗེ་ཆེན་པོས་ངང་ནས་སྐྱོབ་གནང་འོད་དིག་ཟིན་ང་ལེ་གསུངས་བྱུང་། 25འོ་དེ་ལེ་བརྟེན་ཏེ། ཁྱེད་ཡེ་རེ་དགའ་སྤྲོ་གྱིས་ཤིག དཀོན་མཆོག་གིས་ང་ལེ་ཅི་གསུངས་པི་དེ་འགྲུབ་པི་གནང་རྒྱུ་ཡིན་དི་ང་ལེ་ཡིད་ཆེས་འོད། 26ཡིན་ནའང་། འུའི་གྲུ་གཟིངས་འདི་གླིང་ཕྲན་ཞིག་ལེ་ཐོགས་ཏེ་ཆག་འགྲོ་གྱི་དིག་ཟིན་སྨྲས་པི་དིག
གྲུ་གཟིངས་ཆག་པ།
27དེ་ནས་ཡང་རླུང་འཚུབ་ཆེན་པོ་བརྒྱབ་ཕེན། ཉིན་མ་བཅུ་བཞིའི་མཚན་མོ་དེ་ལེ། ཉེད་ཀྱ་ཀྱི་གྲུ་གཟིངས་དེ། ཨ་དྲི་ཡཱ་ཟེར་རི་རྒྱ་མཚོའི་ལྟག་ག་ལེ་ཡམ་ཡོམ་འགུལ་ཕེན། མཚན་གུང་ཚོད་ལེ་གྲུ་པ་ཀྱ་ཀྱིས་ཉེ་འགྲམ་གྱི་ས་སྐམ་ས་ཞིག་སླེབས་པི་དིག་བསམས་ཏེ། 28རྒྱ་མཚོའི་གཏིང་ཚད་བརྒྱབ་ཕེན། འདོམ་པ་བརྒྱ་རིང་ཉི་ཤུ་འོད་ཧ་གོ་པི་དིག དེ་ནས་ཅུང་མ་ཞིག་གྲུ་གཟིངས་མདུན་ཕྱོགས་ལེ་བཏང་སྟེ། ཡང་དང་རྒྱ་མཚོའི་གཏིང་ཚད་བརྒྱབ་ཕེན། འདོམ་པ་བཅུ་དགུ་འོད་དི་ཧ་གོ་པི་དིག 29དེ་ནས་གྲུ་གཟིངས་མཚོ་འགྲམ་གྱི་བྲག་ལེ་ཐུག་འོང་བསམ་སྟེ་འཁྱར་ཕེན། གྲུ་གཟིངས་ཀྱི་མཇུག་ནས་གཏིང་རྡོ་མཚོའི་ནང་ལེ་གཡུགས་ཏེ། ནམ་མགྱོགས་པོ་ལངས་རྒྱུ་རེ་སྒུག་བྱས་ཏེ་བསྡད་དི་དིག 30དེ་ནས་གྲུ་པ་ཀྱ་ཀྱིས་གྲུ་གཟིངས་ནས་གྲུ་ཆུང་མ་ཞིག་མཚོའི་ནང་ལེ་ཕྲུལ་ལེ་བརྐྱངས་ཏེ། གྲུའི་མགོ་ནས་གཏིང་རྡོ་འབེབས་མདོག་མདོག་བྱས་ཏེ། གྲུ་ནས་འབྲོ་འགྲོ་རྒྱུ་ཐབས་ཤེས་བགྱིད་འོད་ཕེན། 31ཕོལ་ལོལ་གྱིས་བརྒྱ་དཔོན་དིང་དམག་མི་ཀྱ་ལེ། གལ་སྲིད་གྲུ་པ་འདི་ཀྱ་གྲུ་གཟིངས་ཀྱི་ནང་ལེ་མ་བསྡད་དི་ཡིན་ནི། ཁྱེད་ཀྱ་ཀྱི་སྲོག་ཐར་ཐུབ་ཀྱི་མ་དིག་ཟིན་སྨྲས་པི་དིག 32དེ་ནས་དམག་མི་ཀྱ་ཀྱིས་གྲུ་ཆུང་མའི་ཐག་པ་དེ་བཅད་དེ་རྒྱ་མཚོའི་ནང་ལེ་གཡུགས་ཕེན། གྲུ་ཆུང་མ་དེ་ཀྱ་ཆུས་འདེད་དི་དིག
33ཡང་ནམ་མ་ལངས་ཚོད་ལེ། ཕོལ་ལོལ་གྱིས་ཁྱེད་ཀྱ་ལེ་ཟ་མ་འཇུ་གུ་མེད་དི་མ་ཟད། ཉིན་མ་བཅུ་བཞི་ཚོད་སེམས་ཤུགས་ཆེན་པོ་བྱས་པི་དིག 34ད་ཁྱེད་ཀྱ་ཀྱིས་སྲོག་སྐྱོབ་རྒྱུ་ཆེད་དུ། སྒོར་ཕྱེ་འདི་ཟོ་ཟིན་བསྐུལ་མ་གཏོང་གྱོ་འོད་དི་མ་ཟད། ཁྱེད་ཀྱ་ཀྱིས་མགོ་བོའི་སྐྲ་རྐང་གཅིག་ལེ་ཟང་སྐྱོན་འོང་གྱི་མ་དིག་ཟིན་སྨྲས་པི་དིག 35འོ་འདི་གི་སྨྲས་པའི་རྗེས་ལེ། ཕོལ་ལོལ་གྱིས་སྒོར་ཕྱེ་ཞིག་ལག་ག་ལེ་བླངས་ཏེ། མི་ཀྱ་ཀྱི་མདུན་དུ་དཀོན་མཆོག་ལེ་བཀའ་དྲིན་ཆེ་ཞུས་པི་རྗེས་ལེ་དུམ་བུ་བཏང་སྟེ་ཟོ་ཟིན་གཏད་ཕེན། 36ཁོང་ཡེ་རེ་ལེ་སེམས་གསོ་ཐོབ་སྟེ་སྒོར་ཕྱེ་དེ་བཟས་པི་དིག 37དེ་རྒྱ་གྲུ་གཟིངས་ནང་ལེ། ཉེད་ཁྱོན་བསྡོམས་མི་གཉིས་བརྒྱ་བདུན་བཅུ་དོན་དྲུག་འོད་དི་མ་ཟད། 38ཁོང་ཀྱ་ཀྱིས་གྲོད་པ་འགྲངས་འགྲངས་བཟས་པི་རྗེས་ལེ་གྲུ་གཟིངས་དེ་ཟང་ཅུང་མ་ཡང་དུ་འགྲོ་རྒྱུ་ཆེད་དུ། གྲུའི་ནང་ལེ་འོད་ཡོད་ཚོང་ཟོག་གི་གྲོའི་དོ་པོ་ཡེ་རེ་རྒྱ་མཚོའི་ནང་ལེ་གཡུགས་པི་དིག
39དེ་ནས་ནམ་ལངས་ཕེན་ཁོང་ཀྱ་ཀྱིས་ས་ཆ་དེ་ག་ན་ཡིན་མིན་ཧ་མ་གོ་ནའང་། བྱེ་མ་འོད་ཡོད་མཚོ་ཁུག་ཞིག་མཐོང་སྟེ། གྲུ་གཟིངས་དེ་རུ་གཏོང་ཐུབ་མི་ཐུབ་ཀྱི་གྲོས་བྱས་ཏེ། 40ཁོང་ཀྱ་ཀྱིས་གཏིང་རྡོའི་ཐག་པ་བཅད་དེ་རྒྱ་མཚོའི་ནང་ལེ་གཡུགས་བོར་ཏེ། སྐྱེན་ལེ་གྲུ་སྐྱའི་ཐག་པ་བཀྲོལ་ཏེ། རླུང་གཡོབ་ཀྱིས་རས་ལེབ་ཆེན་པོ་དེ་ཡར་བཀྱགས་ཏེ། རླུང་གི་ཕྱོགས་དིང་མཐུན་ཕེན། མཚོ་འགྲམ་གྱི་ཕྱོགས་ལེ་གྲུ་གཟིངས་བཏང་པི་དིག 41ཡིན་ནའང་། དེ་ལོང་མེད་གྲུ་གཟིངས་ཀྱི་རྣ་དེ་བྱེ་ནང་ལེ་ཟུག་སྟེ་འཁར་ཏེ། གྲུ་གཟིངས་འགུལ་རྒྱུ་མེད་མེད་བྱུང་ཕེན། གྲུ་གཟིངས་ཀྱི་མཇུག་ལེ་རྦ་རླབས་ཤུགས་ཆེན་པོ་ཕོག་པི་རྐྱེན་གྱིས་གྲུ་གཟིངས་དེ་ཆག་འགྲོ་འོད་དིག 42ཡང་གྲུ་གཟིངས་ཀྱི་ནང་ལེ་འོད་ཡོད་བཙོན་པ་ཀྱ་ཆུ་ལེ་རྐྱལ་བརྒྱབ་ཏེ་འབྲོས་འགྲོ་གྱི་དིག་བསམ་སྟེ། དམག་མི་ཀྱ་ཀྱིས་བཙོན་པ་ཀྱ་གསོད་དགོས་བསམས་པི་དིག 43ཡིན་ནའང་། དམག་མི་བརྒྱ་དཔོན་གྱིས་ཕོལ་ལོལ་སྐྱོབ་དགོས་བསམས་ཏེ། དམག་མི་ཀྱ་ལེ་བཙོན་པ་དེ་ཀྱ་མ་གསོད་ཟིན་བཀག་པི་དིག དེ་ནས་རྐྱལ་ཤེས་མཁན་ཀྱ་སྔོན་ལེ་ཆུའི་ནང་ལེ་མཆོངས་ཏེ་རྒྱུགས་ཟིན་བཀའ་གནང་པི་དིག 44ཡང་མི་གཞན་མ་ཀྱ་ཀྱིས་ཤིང་ལེབ་དིང་། གྲུ་གཟིངས་ཆག་པོ་དུམ་བུ་དེ་ཀྱ་ལེ་འཇུས་ཏེ། ཉེད་ཀྱ་ཡེ་རེ་ཉེན་ཁ་དེ་ནས་ཐར་ཏེ་མཚོའི་འགྲམ་གྱི་ས་སྐམ་པོ་ཞིག་ལེ་ཐེབས་ཅག་སླེབས་ཐུབ་སོང་།
נבחרו כעת:
མཛད་པ། 27: DLPO
הדגשה
העתק
השווה
שתפו
רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו
© 2023 Wycliffe Bible Translators, Inc. All rights reserved.