མཛད་པ། 22

22
ལེའུ་ཉི་ཤུ་རྩ་གཉིས།
ཕོལ་ལོལ་​གྱིས་​རང་སྐྱོབ་ཀྱི་གཏམ་བཤད་པ།
1དེ་ནས་ཕོལ་ལོལ་གྱིས་མི་ཚོགས་དེ་ཀྱ་ལེ། ཁྱེད་རྒན་མི་དིང་སྤུན་ཟླ་ཀྱ། ད་ལྟ་ངས་​ཁྱེད་ཀྱ་ལེ་འདི་རུ་གནས་ཚུལ་ཅི་​བྱུང་བའི་སྐོར་ལེ། གསལ་བཤད་བགྱིད་ཀྱི་ཡིན་གསན་རོགས་དང་ཟིན་ཞུས་​ཕེན། 2མི་ཚོགས་དེ་ཀྱ་​ཀྱིས་​ཕོལ་ལོལ་​གྱིས་​ཡ་ཧུ་དཱ་པའི་​སྐད་ནང་ལེ་​ལབ་​ཟེར་​རི་​ཐོས་​ཏེ་​ཁུ་སིམ་མེས་བསྡད་དི་དིག དེ་ནས་ཕོལ་ལོལ་​གྱིས་མི་ཚོགས་དེ་ཀྱ་ལེ། 3ང་ནི་​ཡ་ཧུ་དཱ་པ་ཞིག་​ཡིན་​དི་​མ་ཟད​། ང་སྐྱེས་ས་​དེ་ནི་​ཀི་ལིག་ཡཱ་​ཟེར་​རི་​ལུང་པའི་​ཊར་སཱུ་​རྒྱལ་ས་​དེ་​ཡིན། ཡིན་ནའང་​། ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ཚར་ལོང་​བྱུང་​སྟེ​། ང་རང་​སློབ་དཔོན་​གཱ་མཱ་ལི་ཨེལ་​གྱི་དྲུང་དུ། འུའི་མེས་མེས་​ཀྱ་ཀྱི་ཆོས་ཁྲིམས་དེའི་སྐོར་ལེ་ངས་ཧུར་བརྩོན་བྱས་ཏེ་སྦྱངས་པི་དེ་ནི། ཁྱེད་​ཀྱ་​ཀྱིས་ཟང་ཧུར་བརྩོན་​ཆེན་པོས་ངང་ནས་སྦྱངས་ཏེ། དཀོན་མཆོག་​ལེ་​དད་གུས་བྱས་པི་​ཅོག་འདྲ། ངས་​ཟང་​དཀོན་མཆོག་ལེ་དད་གུས་​བྱས་པི་ཡིན། 4ཡང་ངས་​ཡེ་ཤུའི་​ཐར་ལམ་​འདི་ལེ་​ཞུགས་​མཁན་​མི་​ཀྱ་​ཀྱི་སྲོག་གཅོད་རྒྱུ་ཆེད་དུ་གནོད་འཚེ་​བསྐྱལ་​ལི་མ་ཟད། སྐྱེས་​ཕོ་མོ་སུ་ཞིག་ལེ་ཡིན་ནའང་། དེ་ཀྱ་ལེ་བཙན་དབང་བཏང་སྟེ་འཛིན་​བཟུང་བྱས་ཏེ་​བཙོན་ཁང་ལེ་​ཟང་བཅུག་མྱོང་འོད། 5གནས་ཚུལ་​འདི་​ལེ་མཆོད་པ་འབུལ་མཁན་​གཙོ་བོ་དིང་། ཆོས་ཀྱི་གྲོས་ཚོགས་རྒན་མི་​ཡེ་རེས་​ངའི་​དཔང་པོ་བགྱིད་ཐུབ་འོད་དིག ཁོང་ཀྱ་​ཀྱིས་དཱ་མེ་སེག་རྒྱལ་སའི་ནང་ལེ་འོད་ཡོད་དད་པ་བགྱིད་མཁན་སྤུན་ཟླ་ཀྱ་ལེ་གནོད་འཚེ་གཏོང་ཆོག་གི་ཆོག་མཆན་གྱི་ཡི་གེ་དེ་ང་ལེ་གཏད་འོད་ཕེན། ངས་​ཟང་ཡེ་ཤུའི་​རྗེས་འབྲང་​པ་ཀྱ་​ལེ་​ལྕགས་ཐག་གིས་​བསྡམས་ཏེ་​ཡེ་རུ་ས་གླིང་​རྒྱལ་ས་ལེ་​ཁྲིད་​འོངས་ཏེ་ཉེས་ཆད་གཏོང་རྒྱུ་ཆེད་དུ། ངས་དཱ་མེ་སེག་གྱི་རྒྱལ་ས་ལེ་ཕྱིན་དི་ཡིན། 6ཡང་ང་​དཱ་མེ་སེག་​གི་​ཉེ་​འགྲམ་​ལེ་སླེབས་རྒྱ། དེ་​ལོང་མེད་​ཉིན་གུང་​ཚོད་​ལེ་དཀོན་མཆོག་གི་ཞིང་ཁམས་​ནས་​འོད་ཟེར་​ཆེན་པོ་​ཞིག་​ངའི་​ཕྱོགས་བཞི་​ལེ་​ཤར་​ཕེན། 7ང་ས་​ལེ་​འགྱེལ་བྱུང་། དེ་ནས་གསུང་སྐད་​ཞིག་​གིས། སོ་ལོ། སོ་ལོ། ཁྱོད་​ཀྱིས་ཅི་ལེ་ང་​ལེ་​གནོད་འཚེ་སྐྱེལ་​ལི་​ཡིན་དོ་ཟེར་རི་ཐོས་​བྱུང་​། 8ངས། ཇོ་བོ། ཁྱེད་​རང་​སུ་​ཡིན་​དོ་​ཟིན་དྲིས་ཏེ། ཁོང་​གིས་​ང་​ནི། ད་ལྟ་ཁྱོད་ཀྱིས་གནོད་​འཚེ་སྐྱེལ་ས་​ནཱ་ཙ་རེལ་​ཡུལ་​གྱི་​ཡེ་ཤུ་​ཟེར་མཁན་​དེ་​ཡིན་ཟིན་​གསུངས་​བྱུང་​། 9ངའི་​ལམ་རོགས་​ཀྱ་​ཀྱིས་​ཟང་འོད་ཟེར་དེ་མཐོང་ནའང་། ང་​ལེ་གསུངས་པའི་སྒྲ་​དེའི་དོན་དག་དེ་​ཁོང་ཀྱ་ཀྱིས་ཧ་​མ་​གོ་​པི་​དིག 10ཡང་​ངས། ཇོ་བོ། ངས་​ཅི་​བགྱིད་​དགོས་​འོད་​དི་​གོ་​ཟིན་​ཞུས་​ཏེ། ཁོང་​གིས་ཁྱོད་རང་​ཡར་​ལངས་​ཏེ་​དཱ་མེ་སེག་རྒྱལ་ས་ལེ་​རྒྱུགས་​དང་​། དེ་རུ་​ངས་ཁྱོད་ལེ་​ཅི་བགྱིད་​དགོས་​འོད་​མེད་​དེ་སྟོན་​གྱི་​དིག་ཟིན་གསུངས་བྱུང་། 11ཡིན་ནའང་། འོད་​ཟེར་ཆེན་པོ་དེའི་རྐྱེན་​གྱིས་​ངའི་​མིག་​མཐོང་​རྒྱུ་​མེད་​མེད་​བྱུང་​ཕེན། ལམ་​རོགས་​ཀྱ་​ཀྱིས་​ངའི་​ལག་ག་​ནས་​འཇུས་​ཏེ་དཱ་མེ་སེག་​ལེ་​འཁྲིད་​རོགས་​བྱས་​བྱུང་​།
12རྒྱལ་ས་དེ་རུ་​མིང་​ལེ་​ཨ་ནན་ཡཱ་​ཟེར་མཁན་མི་ཞིག་འོད་དིག ཁོ་རང་ཆོས་ཁྲིམས་​ཅོག་འདྲ་ཆོས་སེམས་ཆེན་པོ་འོད་དི་མ་ཟད། རྒྱལ་ས་དེ་རུ་སྡོད་མཁན་ཡ་ཧུ་དཱ་པ་ཀྱ་ཀྱིས་ཟང་། ཁོང་ལེ་བརྩི་བཀུར་བགྱིད་འོད་དིག 13དེ་ནས་​ཁོང་རང་ངའི་རྩ་ལེ་འོངས་ཏེ། ཨ་ཇོ་སོ་ལོ། ཁྱོད་​ཀྱི་​མིག་​མཐོང་​ནུས་པར་​ཤོག་ཟིན་​སྨྲས་​ལོང་མེད། ངའི་མིག་མཐོང་རྒྱུ་འོད་ཡོད་བྱུང་སྟེ། ངས་​ཁོང་མཐོང་​བྱུང་​། 14དེ་ནས་ཁོང་གིས་​ང་​ལེ། འུའི་མེས་མེས་ཀྱ་ཀྱི་​དཀོན་མཆོག་​གི་ཐུགས་​དགོངས་​དེ་ཧ་གོ་རྒྱུ་དིང་། སྐྱེས་​བུ་​རྣམ་དག་པ་​ཁོང་མཇལ་རྒྱུ་ཡིན་དི་མ་ཟད​། ཁོང་​གི་གསུང་སྐད་​དེ་ཐོས་རྒྱུ་​ཆེད་དུ་​ཁྱོད་རང་​བདམས་​གནང་​པི་དིག 15ཅི་ལེ་ཟེར་ནི། ཁྱོད་​ཀྱིས་​ཅི་​མཐོང་པི་​དིང་​ཅི་​ཐོས་​པི་དེ་ཀྱ་མི་​ཡེ་རེ་​ལེ་བཤད་དེ། ཁོང་ལེ་​བདེན་དཔང་བགྱིད་​རྒྱུ་​ཆེད་དུ་ཡིན་དིག 16ད་ལྟ་​ཁྱོད་རང་​མགྱོགས་པོ་​ཡར་ལོངས་​དང་​། ཁྱོད་ཀྱི་སྡིག་ཉེས་དེ་གསལ་རྒྱུ་ཆེད་དུ་ཡེ་ཤུའི་​མཚན་ནང་ལེ་ཁྲུས་གསོལ་གྱིས་ཤིག་​ཟིན་སྨྲས་བྱུང་།
17དེའི་རྗེས་ལེ་ང་ཡང་དང་ཕར་​རང་འཇགས་ཡེ་རུ་ས་གླིང་​རྒྱལ་ས་​ལེ་​ལོག་​ཕྱིན་ཏེ། མཆོད་ཁང་​ཆེན་མོ་ལེ་གསོལ་བ་སྨོན་ལམ་འདེབས་རྒྱ་ང་ལེ་ཞལ་གཟིགས་གནང་སྟེ། 18ཁྱོད་​ཀྱིས་​ང་​ལེ་​བདེན་དཔང་​བྱས་པི་དེ་​ལེ། མི་​ཀྱ་​ཀྱིས་​ཁས་ལེན་​མི་​བགྱིད་​འོད་ཕེན། ད་ཁྱོད་རང་མ​གྱོགས་པོ་​ཡེ་རུ་ས་གླིང་​རྒྱལ་ས་​ནས་​ཐོན་​ཏེ་​རྒྱུགས་​ཤིག་ཟིན་གསུངས་བྱུང་། 19དེ་ནས་ངས་​ཇོ་བོ་ལེ། དེ་​སྔོན་​ངས་ཁྱེད་​ལེ་​དད་པ་​བགྱིད་​མཁན་​མི་​ཀྱ་​ཚོགས་​ཁང་​རེ་རེ་ནང་ལེ་​ཉེས་རྡུང་​བཏང་སྟེ་བཙོན་ཁང་ལེ་བཅུག་​པི་ཡིན​། དོན་དེའི་སྐོར་ལེ་ཡ་ཧུ་དཱ་པ་​ཀྱ་​ཀྱིས་​དགའ་མོ་​ཧ་​གོ་​འོད་དི་མ་ཟད། 20མི་ཀྱ་ཀྱིས་ཁྱེད་​ལེ་​དཔང་པོ་​བགྱིད་​མཁན་​སེ་ཏེ་ཕཱན་​ལེ་​རྡོ་​རུབ་བཏང་སྟེ་ག​སོད་​རྒྱ། ངས་ཟང་མོས་མཐུན་བྱས་ཏེ་དེ་རུ་བསྡད་དེ། ཁོང་ཀྱ་ཀྱི་ཁ་གྱོན་དེ་ཟང་ངས་བསྲུངས་པི་ཡིན་ཟིན་ཞུས་པི་ཡིན།#22.20 སྐུ་ཚབ་ཀྱ་ཀྱིས་མཛད་པ་ལེའུ་ 7 ཨང་ 58 ནང་ལེ་གཟིགས་རོགས། 21ཡིན་ནའང་། ཇོ་བོ་དཀོན་མཆོག་གིས་​ང་​ལེ། ད་ཁྱོད་རང་​རྒྱུགས་​དང་​། ངས་​ཁྱོད་​རང་ཡ་ཧུ་དཱ་པ་མིན་པའི་ཐག་རིང་གི་​ཕྱིའི་​མི་​ཀྱ་​འོད་​ས་​ལེ་​རྫོངས་​ཀྱི་​ཡིན་​ཟིན་གསུངས་​བྱུང་ཟིན་སྨྲས་པི་དིག
ཕོལ་ལོལ་​རོ་མཱའི་མི་སེར་ཡིན་དི་སྐོར།
22དེ་ནས་​ཕོལ་ལོལ་​གྱིས་སྨྲས་པའི་ལབ་​དེ་​མི་ཚོགས་​དེ་ཀྱ་ཀྱིས་​ཐོས་ལོང་མེད་​སྐད་​ཆེན་པོ་བརྒྱབ་ཏེ། མི་འདི་སོད་ཅིག མི་​འདི་ཅོག་འདྲ་ཞིག་འཇིག་རྟེན་​འདི་རུ་​གསོན་པོ་​སྡོད་མི་འོས་པ་ཞིག་ཡིན་དིག་ཟིན། 23ངར་​སྐད་​རྒྱག་​གི་​མ་ཟད། ཁ་གྱོན་བུད་དེ་​གནམ་ལེ་ཐལ་བ་གཏོར་​གྱོ་འོད་​དིག 24དེ་ནས་​དམག་མི་​སྟོང་​དཔོན་​གྱིས་ཕོལ་ལོལ་​དམག་ཁང་​ནང་​ལེ་​འཁྲིད་​དུ་​བཅུག་​པི་​མ་ཟད​། མི་ཚོགས་​ཀྱིས་​ཕོལ་ལོལ་ལེ་​ངར་སྐད་​རྒྱག་​དགོས་​དོན་​ཅི་​ཡིན་​མིན་​དེ་ཧ་​མ་​གོ་​ཕེན། ཁོ་ལེ་ལྕག་​ཚན་གཞུས་ཏེ། མི་ཚོགས་ཀྱ་ཀྱིས་ཁོ་ལེ་འདི་གི་འུར་སྒྲ་རྒྱག་དགོས་དོན་ཅི་ཡིན་མིན་གྱི་སྐོར་ལེ་འདྲི་གཅོད་བགྱིད་དགོས་པའི་​བཀའ་​གནང་​པི་​དིག 25དེ་ནས་​ཕོལ་ལོལ་བསྡམས་ཏེ་ལྕག་ཚན་​གཞུ་རྒྱ། ཕོལ་ལོལ་​གྱིས་​རང་གི་མདུན་​ལེ་ལངས་​འོད་ཡོད་​དམག་མི་​བརྒྱ་དཔོན་​ཁོང་ལེ། ཁྱེད་​ཀྱ་​ཀྱིས་​ཁྲིམས་​ཅོག་འདྲ། རོ་མཱའི་མི་སེར་ཞིག་​ལེ་​ཉེས་པ་​འོད་​མེད་​ཅི་​གང་ཧ་​མ་​གོ་སྟེ་ལྕག་ཚན་གཞུ་​ཆོག་​གྱོ་​འོད་​དི་​གས་​ཟིན་​ཞུས་​པི་དིག 26དེ་ནས་དམག་མི་​བརྒྱ་དཔོན་ཁོས་​ལབ་​དེ་ཐོས་ཕེན། དམག་མི་​སྟོང་དཔོན་​གྱི་​དྲུང་​དུ་​འོངས་ཏེ། མི་འདི་​ནི་​རོ་མཱའི་མི་སེར་​ཞིག་ཡིན་​དིག ད་ཁྱེད་​ཀྱིས་​ཅི་གི་​བགྱིད་ཀྱི་​དོ་​ཟིན་​ཞུས་​པི་​དིག 27དེ་ནས་​དམག་མི་​སྟོང་​དཔོན་ཁོ་རང་​ཕོལ་ལོལ་​འོད་​ས་​ལེ་​འོངས་ཏེ། ཁྱོད་རོ་མཱའི་མི་སེར་​ཞིག་ཡིན་​དས། ང་​ལེ་​ཤོད་​ཅིག་​སྨྲས་​ཕེན། ཕོལ་ལོལ་གྱིས་ང་ནི་ངོ་ཐོག་རོ་མཱའི་མི་​སེར་​ཞིག་ཡིན་​ཟིན་སྨྲས་​པི་​དིག 28ཡང་​དམག་མི་​སྟོང་དཔོན་ཁོས་ང་​རང་ཟང་​དངུལ་མང་པོ་​གཏད་​དེ་རོ་མཱའི་མི་སེར་གྱི་​ཁོངས་​གཏོགས་ལེ་འོད་ཡོད་​མི་​ཞིག་​ཡིན་ཟིན་​སྨྲས་​པི་​དིག དེ་ནས་ཕོལ་ལོལ་​གྱིས་​ང་རང་​ནི་​སྐྱེས་​དུས་​ནས་​ཕེན་རོ་མཱའི་མི་སེར་​ཞིག་​ཡིན་​ཟིན་སྨྲས་​པི་​དིག 29དེ་​ལོང་མེད་​ཕོལ་ལོལ་​ལེ་​འདྲི་གཅོད་བགྱིད་མཁན་​དམག་མི་​ཀྱ་​ཟང་། ཕོལ་ལོལ་མདུན་ནས་ཕར་ཚོད་ཕྱི་ནུས་བརྒྱབ་པི་དིག དེ་ནས་དམག་མི་​བརྒྱ་དཔོན་​ཁོས་​ཟང་​། ཕོལ་ལོལ་​ནི་རོ་མཱའི་མི་སེར་ཞིག་​ཡིན་དི་​ཧ་གོ་​པི་​མ་ཟད། ཐག་པས་​བསྡམས་​འོད་​ཕེན་འཁྱར་སྣང་ཆེན་པོ་བྱུང་​པི་​དིག#22.29 ཁྲིམས་ར་ལེ་འདྲི་གཅོད་མ་བྱས་ཏེ་བཙོན་ལེ་འཇུག་རྒྱུ་དེ་ནི། རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་ཁྲིམས་ནང་ལེ། ཁྲིམས་འགལ་ཡིན་དིག 30དེའི་​སྔ་དྲོ་​ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ཕོལ་ལོལ་​ལེ་​ནག་ཉེས་བཙུགས་པའི་རྒྱུ་མཚན་​དེ་ཅི་​ཡིན་​དི་དམག་མི་​སྟོང་དཔོན་གྱིས་ཧ་གོ་ཕེན། ཕོལ་ལོལ་བཙོན་​ཁང་ནས་གློད་བཀྲོལ་བཏང་པི་མ་ཟད། ཡ་ཧུ་དཱ་པའི་​མཆོད་པ་འབུལ་མཁན་ཀྱ་དིང་། ཡང་ཆོས་ཀྱི་གྲོས་ཚོགས་ཀྱི་མི་ཡེ་རེ་འཛོམས་​དགོས་པའི་​བཀའ་​གནང་​སྟེ​། ཕོལ་ལོལ་​མི་​ཚོགས་དེ་​ཀྱ་ཀྱི་​མདུན་​ལེ་འཁྲིད་​དུ་​བཅུག་པི་​དིག །

נבחרו כעת:

མཛད་པ། 22: DLPO

הדגשה

העתק

השווה

שתפו

None

רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו