མཛད་པ། 17
17
ལེའུ་བཅུ་བདུན།
ཐེ་ས་ལོ་ནི་ཀེ་རྒྱལ་ས་ལེ་གཏམ་བཟང་བཤད་པ།
1ཡང་ཕོལ་ལོལ་དིང་སི་ལཱ་ཁོ་གཉིས་ཨམ་ཕི་པོ་ལཱི་དིང་ཨ་པོ་ལོན་ཡཱ་ཟེར་རི་རྒྱལ་ས་དེ་གཉིས་ཀྱི་བརྒྱུད་ནས་ཐེ་ས་ལོ་ནི་ཀེ་རྒྱལ་ས་ལེ་བུད་དི་དིག རྒྱལ་ས་དེ་རུ་ཡ་ཧུ་དཱ་པའི་ཚོགས་ཁང་ཞིག་འོད་དིག 2ཕོལ་ལོལ་ཁོ་རང་ནམ་རྒྱུན་ཅོག་འདྲ་ཚོགས་ཁང་དེ་ལེ་ཕྱིན་ཏེ། ངལ་གསོ་བའི་ཉིན་མ་གསུམ་གྱི་བར་དུ་མུ་མཐུད་དེ། དཀོན་མཆོག་གི་གསུང་རབ་ལེ་བརྟེན་ནས་མི་དེ་ཀྱ་ལེ་གསལ་བཤད་བྱས་པི་དིག#17.2 བདུན་ཕྲག་རེ་རེའི་ནང་ལེ་ངལ་གསོ་བའི་ཉིན་མ་རེ་རེ་འོད་དིག ཕོལ་ལོལ་གྱིས་ངལ་གསོ་པའི་ཉིན་མ་གསུམ་ཀ་གསུང་རབ་ལེ་བརྟེན་ཏེ་གཏམ་གླེང་བྱས་པི་དིག 3གསུང་རབ་ནང་གི་ལུང་བསྟན་པི་ཅོག་འདྲ་འགྲུབ་རྒྱུ་ཆེད་དུ། སྐྱབས་མགོན་གྱིས་དཀའ་ངལ་ཆེན་པོ་མྱངས་ཏེ་སྐུ་གྲོངས་དགོས་རྒྱུ་དིང་། ཡང་དང་འཆི་བ་ནས་ཁོང་རང་སྐུ་གསོན་པོ་བྱུང་རྒྱུ་ཡིན་དི་སྐོར་དེ་ནི། ངས་ཁྱེད་ཀྱ་ལེ་འགྲེལ་བཤད་དིང་རྒྱུ་མཚན་ངང་ནས་ར་སྤྲོད་བྱས་པི་ཡིན། ཕོལ་ལོལ་ངས་ཁྱེད་ཀྱ་ལེ་བཤད་དི་ཡེ་ཤུ་ཁོང་ནི། སྐྱབས་མགོན་དེ་ཡིན་དིག་ཟིན་སྨྲས་པི་དིག 4ཡང་མི་དེ་ཀྱ་ནང་ནས་མི་ཁ་ཤས་ཀྱིས་ཕོལ་ལོལ་གྱིས་བཤད་དི་ལབ་དེ་ལེ་ཡིད་ཆེས་བྱས་པི་མ་ཟད། ཆོས་སེམས་ཆེན་པོ་འོད་ཡོད་གེ་རིག་གི་མི་མང་པོ་དིང་། ཡང་བུ་མའ་མཐོང་ཆེ་བ་ཁ་ཤས་ཀྱིས་ཟང་ལབ་དེ་ལེ་ཡིད་ཆེས་བྱས་ཏེ། ཕོལ་ལོལ་དིང་སི་ལཱ་ཁོ་གཉིས་ཀྱི་རྗེས་ལེ་འབྲངས་ཏེ་སྐྱེན་རོགས་བྱས་པི་དིག 5ཡིན་ནའང་། ཡ་ཧུ་དཱ་པ་ཀྱ་ཀྱིས་དོན་དེ་ལེ་ཕྲག་དོག་བྱས་ཕེན། ཁྲོམ་སྲང་ལེ་འོད་ཡོད་མི་གདུག་ཅག་ཁ་ཤས་ཞིག་རང་གི་ཕྱོགས་ཁག་བཟོས་ཏེ། རྒྱལ་ས་དེའི་ནང་ལེ་ཟིང་ཆ་བསླངས་པི་མ་ཟད། ཡཱ་སོན་ཟེར་རི་ཁྱིམ་ནང་ལེ་བཙན་དབང་ངང་ནས་འཛུལ་འོང་སྟེ། ཕོལ་ལོལ་དིང་སི་ལཱ་གཉིས་འཛིན་བཟུང་བྱས་ཏེ། ཚོགས་མིའི་མདུན་ལེ་འཁྲིད་འགྲོ་འདོད་བྱུང་པི་དིག 6ཡིན་ནའང་། ཁོ་གཉིས་བཙལ་ཏེ་མ་རྙིད་ཕེན། ཡཱ་སོན་དིང་ཡང་དེ་མིན་དད་པ་བགྱིད་མཁན་སྤུན་ཟླ་ཁ་ཤས་ཤིག་ལེ་འཛིན་བཟུན་བྱས་ཏེ། རྒྱལ་ས་དེའི་དཔོན་པོའི་མདུན་ལེ་བཙན་དབང་བཏང་སྟེ་ཁྲིད་དི་མ་ཟད། སྐད་ཆེན་པོས་ངང་ནས་ས་གཞི་ཡེ་རེ་ལེ་དཀྲུག་ཤིང་སློང་མཁན་མི་འདི་ཀྱ་ནི། ད་ལྟ་འུ་ཀྱ་ཀྱི་རྒྱལ་སའི་ནང་ལེ་ཟང་བསླེབས་འོད་དི་མ་ཟད། 7ཡཱ་སོན་གྱིས་མི་འདི་གཉིས་ལེ་སྣེ་ལེན་བྱས་ཏེ་སྡོད་དུ་བཅུག་འདུག མི་འདི་གཉིས་ཀྱིས་སེ་བཟིར་རྒྱལ་པོའི་བཀའ་དིང་འགལ་ཏེ། ཡེ་ཤུ་ཟེར་མཁན་རྒྱལ་པོ་གཞན་མ་ཞིག་འོད་དིག་ཟིན་འདུག་ཟིན་སྨྲས་ཕེན། 8མི་ཚོགས་དིང་རྒྱལ་ས་དེའི་དཔོན་པོ་ཀྱ་ཀྱིས་ལབ་དེ་ཐོས་ཏེ། ཁོང་ཀྱ་ཀྱི་སེམས་འཚབས་འཚུབས་བྱུང་པི་དིག 9དེ་ནས་དཔོན་པོ་དེ་ཀྱ་ཀྱིས་ཡཱ་སོན་དིང་མི་གཞན་གྱི་ལག་ནས་གཏའ་མ་བླངས་ཏེ་ཁོ་གཉིས་གློད་གྲོལ་བཏང་པི་དིག
པེ་རེ་ཡཱ་རྒྱལ་ས་ལེ་གཏམ་བཟང་བཤད་པ།
10དེ་ནས་དད་པ་བགྱིད་མཁན་སྤུན་ཟླ་ཀྱ་ཀྱིས་མཚན་མོ་འདི་རང་ལེ། ཕོལ་ལོལ་དིང་སི་ལཱ་ཁོ་གཉིས་པེ་རེ་ཡཱ་རྒྱལ་ས་ལེ་འགྲོ་རུ་བཅུག་པི་དིག ཁོ་གཉིས་རྒྱལ་ས་དེ་རུ་བསླེབས་ཕེན། ཡ་ཧུ་དཱ་པའི་ཚོགས་ཁང་ལེ་བུད་དི་དིག 11ས་ཆ་འདིའི་མི་ཀྱ་ནི། ཐེ་ས་ལོ་ནི་ཀེའི་རྒྱལ་སའི་མི་ཀྱ་ལས་ཟང་ལྷག་ཚོད་སྤྱོད་ལམ་བཟང་པོ་འོད་དི་མ་ཟད། སྐྱབས་མགོན་ཡེ་ཤུའི་སྐོར་ལེ་ཉན་འདོད་འཇུ་གུ་བགྱིད་འོད་དིག མི་དེ་ཀྱ་ཀྱིས་ཉིན་རེ་བཞིན་དུ་ཕོལ་ལོལ་གྱིས་སྨྲས་པི་དེ་ཀྱ། དཀོན་མཆོག་གི་གསུང་རབ་དིང་མཐུན་མི་མཐུན་གྱི་སྐོར་ལེ་འཚོལ་ཞིབ་བགྱིད་འོད་དིག 12འོ་དེ་ལེ་བརྟེན་ཏེ། ཁོང་ཀྱ་ཀྱི་ནང་ནས་མི་མང་པོ་ཞིག་ཡེ་ཤུ་ལེ་དད་པ་བྱས་པི་མ་ཟད། གེ་རིག་གི་སྐྱེས་ཕོ་མོ་མཐོང་ཆེ་བ་མང་པོ་ཞིག་གིས་ཟང་ཡེ་ཤུ་ལེ་དད་པ་བྱས་པི་དིག 13ཡིན་ནའང་། ཐེ་ས་ལོ་ནི་ཀེ་རྒྱལ་སའི་ནང་ལེ་སྡོད་མཁན་ཡ་ཧུ་དཱ་པ་ཀྱ་ཀྱིས་པེ་རེ་ཡཱ་རྒྱལ་ས་ལེ་ཟང་། ཕོལ་ལོལ་གྱིས་དཀོན་མཆོག་གི་བཀའ་ཤོད་གྱོ་འོད་དི་ཧ་གོ་ཕེན། ཡང་དང་རྒྱལ་ས་དེ་རུ་ཕྱིན་ཏེ། མི་ཚོགས་ཀྱ་ལེ་ངན་བསྐུལ་བྱས་ཏེ་ཟིང་ཆ་བསླངས་པི་དིག 14ཡང་དེ་ལོང་མེད་དད་པ་བགྱིད་མཁན་སྤུན་ཟླ་ཀྱ་ཀྱིས་ཕོལ་ལོལ་རྒྱ་མཚོའི་འགྲམ་ལེ་བསྐྱལ་ལི་དིག ཡིན་ནའང་། སི་ལཱ་དིང་ཐི་མོ་ཐེ་ཁོ་གཉིས་ནི་པེ་རེ་ཡཱ་རྒྱལ་ས་ལེ་བསྡད་དི་དིག 15ཡང་ཕོལ་ལོལ་བསྐྱལ་དུ་འགྲོ་མཁན་ཀྱ་ཀྱིས་ཨ་ཐེ་ནེ་ཟེར་རི་རྒྱལ་ས་ལེ་ཕོལ་ལོལ་བློ་བདེ་མོ་བྱས་ཏེ་བསྐྱལ་ལི་དིག དེ་ནས་ཕོལ་ལོལ་གྱིས་སྐྱེལ་དུ་འོང་མཁན་སྤུན་ཟླ་དེ་ཀྱ་ལེ། སི་ལཱ་དིང་ཐི་མོ་ཐེ་ཁོ་གཉིས་ཟང་གང་མགྱོགས་ཅི་མགྱོགས་ང་འོད་ས་ལེ་ཤོག་སྨྲོས་ཤིག་ཟིན་སྨྲས་པི་རྗེས་ལེ། སྐྱེལ་དུ་འོང་མཁན་སྤུན་ཟླ་ཀྱ་ཕར་རང་འཇགས་ལོག་པི་དིག
ཕོལ་ལོལ་ཨ་ཐེ་ནེ་རྒྱལ་ས་ལེ་བསྡད་པ།
16ཡང་ཕོལ་ལོལ་གྱིས་ཨ་ཐེ་ནེ་རྒྱལ་ས་ལེ་སི་ལཱ་དིང་ཐི་མོ་ཐེ་ཁོ་གཉིས་ལེ་སྒུག་སྡོད་རྒྱ། ཨ་ཐེ་ནེ་རྒྱལ་ས་ཡེ་རེ་ལེ་ལྷ་སྐུ་སྣ་ཚོགས་ཀྱི་གང་འོད་དི་མཐོང་སྟེ། ཕོལ་ལོལ་བློ་ཕམ་ཆེན་པོ་བྱུང་པི་དིག 17འོ་དེ་ལེ་བརྟེན་ཏེ། ཡ་ཧུ་དཱ་པའི་ཚོགས་ཁང་ནང་ལེ་ཕྱིན་ཏེ། ཡ་ཧུ་དཱ་པ་དིང་། དཀོན་མཆོག་ལེ་དད་གུས་ཆེན་པོ་བགྱིད་མཁན་ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་དིང་། ཡང་ཉིན་གྲངས་ཁྲོམ་སྲང་ལེ་ཐུགས་པའི་མི་ཀྱ་ལེ་ཡེ་ཤུའི་སྐོར་ལེ་གཏམ་གླེང་བྱས་པི་དིག 18ཡང་རྒྱལ་ས་འདི་རུ་ཨེ་པི་ཀུར་ཟེར་རི་ཚོགས་ཁག་དིང་། ཡང་སི་ཏོ་ཀེ་ཟེར་མཁན་མཚན་ཉིད་རིག་པའི་ལྟ་བ་འཛིན་མཁན་ཁ་ཤས་ཀྱིས་ཕོལ་ལོལ་དིང་སྐྱེན་ལེ་རྩོད་གླེང་བྱས་པི་མ་ཟད། ཡང་མི་ལ་ལས་ཕོལ་ལོལ་ལེ་ཅི་བྱུང་གང་བྱུང་ཤོད་མཁན་མི་འདིས་ཅི་ཟེར་འདོད་བགྱིད་དི་ཡིན་ནེ་ཟེར་རི་དིང་། ཡང་མི་ལ་ལས་ཕོལ་ལོལ་ལེ་མི་འདིས་ཕྱི་མིའི་ལྷའི་སྐོར་ལེ་ཟེར་རི་ཡིན་གྱི་དིག་ཟིན་འོད་དིག ཅི་ལེ་ཟེར་ནི། ཕོལ་ལོལ་གྱིས་སྐྱབས་མགོན་ཡེ་ཤུའི་གཏམ་བཟང་དིང་། ཡེ་ཤུ་སྐུ་གྲོངས་ཏེ་ཡང་དང་གསོན་པོ་བྱུང་པའི་སྐོར་ལེ་གཏམ་གླེང་བྱས་པི་དིག 19དེ་ནས་མི་དེ་ཀྱ་ཀྱིས་ཕོལ་ལོལ་ཨེ་རུ་ཕ་ཀའི་ཟེར་རི་ཚོགས་པ་འོད་ས་ལེ་འཁྲིད་ཏེ། ཕོལ་ལོལ་ལེ་ཁྱོད་ཀྱིས་བཤད་དི་ལྟ་བ་གསར་པ་དེ། ཉེད་ཀྱ་ལེ་འགྲེལ་བཤད་གསལ་པོ་རྒྱག་རོགས་གྱིས་དང་། 20ཅི་ལེ་ཟེར་ནི། ཁྱོད་ཀྱིས་ངོ་མཚར་ཆེ་བའི་དོན་ཁ་ཤས་ཉེད་ཀྱ་ཀྱིས་ཟང་ཐོས་བྱུང་། ད་ལྟ་དོན་དེ་ཅི་ཡིན་མིན་ཧ་གོ་འདོད་འདུག 21(ཨ་ཐེ་ནེ་རྒྱལ་སའི་མི་དིང་། ཡང་ས་ཆ་དེ་རུ་ཡུལ་གཞན་ནས་འོངས་པའི་མི་ཡེ་རེས་དོན་གསར་པ་ཞིག་གི་སྐོར་ལེ་ལབ་གླེང་བགྱིད་དི་མ་གཏོགས་ཞིག་ལེ་གཞན་ཅི་གང་མ་བྱས་པི་དིག)
22དེ་ནས་ཕོལ་ལོལ་ཁོ་རང་ཨེ་རུ་ཕ་ཀའོ་ཟེར་རི་ཚོགས་པའི་དཀྱིལ་ནས་ཡར་ལངས་ཏེ། ཁྱེད་ཨ་ཐེ་ནེ་པ་ཀྱ། ངས་ཁྱེད་ཡེ་རེ་ནི་ཆོས་སེམས་ཆེན་པོ་འཇུ་གུ་འོད་དི་མཐོང་བྱུང་། 23ཅི་ལེ་ཟེར་ནི། ང་རང་ཕར་འགྲོ་ཚུར་འགྲོ་བགྱིད་རྒྱ། ཁྱེད་ཀྱ་ཀྱིས་དད་གུས་བགྱིད་ས་དེ་ཀྱ་ལེ་ངས་བལྟས་པི་ཡིན། ཡིན་ནའང་། མཆོད་ཁྲི་ཞིག་གི་ལྟག་ག་ལེ་ཆ་རྒྱུས་མེད་མེད་ལྷ་ཟིན་ཡི་གེ་བྲིས་འོད་དི་ངས་མཐོང་བྱུང་། ཁྱེད་ཀྱ་ཀྱིས་ཟང་དེའི་སྐོར་ལེ་ཅི་གང་མ་ཤེས་ནའང་ཕྱག་མཆོད་པ་ཕུལ་ལི་དིག ཁྱེད་ཀྱ་ཀྱིས་མ་ཤེས་ཏེ་དད་གུས་བགྱིད་ས་དེའི་སྐོར་ལེ་ངས་ཟེར་རོ། 24འཇིག་རྟེན་དིང་ས་ཆ་འདི་རུ་འོད་ཡོད་དངོས་པོ་ཡེ་རེ་བཀོད་གནང་མཁན་དེ་ནི། དཀོན་མཆོག་ཁོང་རང་ཡིན་དི་མ་ཟད། གནམ་ས་གཉིས་ཀྱི་བདག་པོ་དེ་ཟང་ཁོང་རང་ཡིན་དིག ཁོང་ནི་མི་ཀྱ་ཀྱིས་བཟོས་པའི་མཆོད་ཁང་ལེ་མི་བཞུགས་འོད་དིག 25ཡང་ཁོང་གིས་སེམས་ཅན་ཡེ་རེ་ལེ་དབུགས་དིང་སྲོག ཡང་ཅི་དགོས་པ་འོད་ཡོད་ཡེ་རེ་གནང་པི་དིག ཁོང་ལེ་དགོས་པ་ཅི་གང་མེད་ཕེན། མིའི་ལག་ནས་ཁོང་ལེ་ཅི་གང་འབུལ་དགོས་མེད་དིག 26ཁོང་གིས་མི་གཅིག་ནས་མིའི་རིགས་ཡེ་རེ་བཀོད་གནང་སྟེ། ས་གཞི་ཡེ་རེ་ལེ་སྡོད་དུ་བཅུག་གནང་པི་མ་ཟད། མི་དེ་ཀྱ་ཀྱི་ལོ་ཚད་དིང་། སྡོད་སའི་མཚམས་དེ་ཟང་སྔོན་མ་ནས་ཐག་བཅད་ཚར་རི་དིག 27དཀོན་མཆོག་གིས་འོ་དེ་གནང་དགོས་དོན་དེ་ནི། མི་རིགས་ཀུན་གྱིས་དཀོན་མཆོག་སུ་ཡིན་མིན་དེ་བརྟག་ཞིབ་བྱས་ཏེ་ངོ་ཤེས་ཐུབ་རྒྱུ་ཆེད་དུ་ཡིན་དིག དོན་ངོ་ཐོག་བྱས་ནི། ཁོང་ནི་འུ་མི་རེ་རེ་ནང་ལེ་བཞུགས་འོད་དི་མ་ཟད། ཁོང་ནི་འུ་ཀྱ་དིང་རྒྱང་རིང་པོ་མེད་དིག 28ཡང་འུ་ཀྱ་འཚོ་བ་བསྐྱལ་ཏེ་བློ་བདེ་མོའི་ངང་ནས་འགྲོ་བ་དིང་། སྐྱིད་པོ་བྱུང་པི་དེ་ནི། ཁོང་ལེ་བརྟེན་ཏེ་བྱུང་པི་ཡིན་དིག་ཟིན་གསུངས་འོད་དི་མ་ཟད། ཡང་ཁྱེད་ཀྱ་ཀྱི་ནང་ནས་སྙན་རྩོམ་འབྲི་མཁན་མཁས་པ་ཁ་ཤས་ཀྱིས་འུ་ཀྱ་ཟང་ཁོང་གི་བུ་རྒྱུད་ཡིན་དིག་ཟིན་གསུངས་འོད་དིག 29འུ་ཀྱ་ནི་དཀོན་མཆོག་གིས་བཀོད་གནང་པི་ཡིན་ཕེན། དཀོན་མཆོག་ནི། མིའི་བློ་རིག་པ་དིང་ལག་རྩལ་ཆེན་གྱིས་བཟོས་པའི་གསེར་དིང་། དངུལ། རྡོ་ལེ་བརྐོས་པའི་སྐུ་ཅོག་འདྲ་ཡིན་དིག་ཟིན་དུས་ནམ་ཟང་མ་བསོམ་ཤིག 30ཡང་འཇིག་རྟེན་པ་ཀྱ་མུན་ནག་ཡིན་དི་དུས་ལེ་ཅི་གང་ཧ་མ་གོ་ཕེན། དཀོན་མཆོག་གིས་དེ་ལེ་དགོངས་ཡངས་གནང་སྟེ། ད་ལྟ་ས་གནས་ཀུན་ལེ་བསྡད་འོད་ཡོད་མི་རིགས་ཀྱ་ཀྱིས་སེམས་པ་དེ། ཁོང་གི་ཕྱོགས་ལེ་བསྒྱུར་དགོས་པའི་བཀའ་གནང་འོད་དིག 31ཅི་ལེ་ཟེར་ནི། ཁོང་གིས་ཁྲིམས་བཅོད་གནང་རྒྱུ་ཡིན་ཉིན་མ་དེ་ལེ། ཁོང་གིས་བསྐོས་པའི་སྲས་དམ་པ་ཁོང་གི་བརྒྱུད་ནས། འཇིག་རྟེན་གྱི་མི་ཀུན་ལེ་དྲང་བདེན་གྱིས་ཁྲིམས་གཅོད་རྒྱུ་ཡིན་དི་མ་ཟད། སྲས་དམ་པ་དེ་ནི། ཁོང་གིས་འཆི་བ་ནས་ཡང་དང་གསོན་པོ་བསླངས་པའི་བརྒྱུད་ནས་མི་ཡེ་རེ་ལེ་བདེན་པའི་ར་སྤྲོད་བསྟན་གནང་པི་དིག་ཟིན་སྨྲས་པི་དིག
32དེ་ནས་མི་དེ་ཀྱ་ཀྱིས་འཆི་བ་ནས་ཡང་དང་གསོན་པོ་ལངས་པི་དིག་ཟེར་རི་ལབ་དེ་ཐོས་ཕེན། མི་ལ་ལས་ཕོལ་ལོལ་ལེ་འཕྱམ་ཆ་གཏོང་གྱོ་འོད་དི་མ་ཟད། ཡང་མི་ལ་ལས་ཕོལ་ལོལ་ལེ་དོན་དེའི་སྐོར་ཉེད་ཀྱ་རྗེས་ལེ་ཡང་དང་ཉན་འདོད་འོད་ཟིན་འོད་དིག 33དེ་ནས་ཕོལ་ལོལ་ཁོ་རང་མི་ཚོགས་དེ་ཀྱ་ཀྱི་དཀྱིལ་ནས་ཕ་ལེ་བུད་དི་དིག 34ཡིན་ནའང་། མི་ཁ་ཤས་ཞིག་ཕོལ་ལོལ་གྱི་སྐྱེན་ལེ་འོངས་ཏེ། ཇོ་བོ་ཡེ་ཤུ་ལེ་དད་པ་བྱས་པི་དིག དད་པ་བགྱིད་མཁན་དེ་ཀྱ་ནི། ཨེ་རུ་ཕ་ཀའོ་ཚོགས་པའི་ཁོངས་གཏོགས་ནས་ཡིན་དི་མིང་ལེ་དཱ་ཨོ་ནེ་སི་ཟེར་མཁན་ཁོ་རིང་། ཡང་དཱ་མ་རཱི་ཟེར་མཁན་བུ་མའ་ཞིག་དིང་། ཡང་མི་ཁ་ཤས་ཟང་འོད་དིག །
נבחרו כעת:
མཛད་པ། 17: DLPO
הדגשה
העתק
השווה
שתפו
רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו
© 2023 Wycliffe Bible Translators, Inc. All rights reserved.