མཛད་པ། 16

16
ལེའུ་བཅུ་དྲུག
ཕོལ་ལོལ་​དིང་​སི་ལཱ་​ཁོ་གཉིས་ཀྱི་​སྐྱེན་​ལེ་​ཐི་མོ་ཐེ་འགྲོ་བ།
1དེ་ནས་​ཡང་ཕོལ་ལོལ་​དིང་​སི་ལཱ་​ཁོ་གཉིས་​ཌེར་སྦེ་​ཟེར་​རི་​རྒྱལ་ས་​ནས་​ལིས་ཏྲཱ་​རྒྱལ་ས་​ལེ་​འགྲོ་རྒྱ། དེ་རུ་​སྐྱབས་མགོན་​ཡེ་ཤུ་​ལེ་​དད་པ་​བགྱིད་​མཁན་ཐི་མོ་ཐེ་ཟེར་མཁན་མི་​ཞིག་​འོད་དིག ཁོའི་ཨ་མ་ནི་སྐྱབས་མགོན་​ཡེ་ཤུ་​ལེ་​དད་པ་​བགྱིད་​མཁན་​ཡ་ཧུ་དཱ་པ་ཞིག་ཡིན་དིག ཁོའི་​ཨ་ཀྱི་ནི་​གེ་རིག་​པ་ཞིག་ཡིན་དིག 2ལིས་ཏྲཱ་​དིང་​ཨི་ཀོན་ཡཱ་​རྒྱལ་ས་​ལེ་​འོད་​ཡོད་དད་པ་​བགྱིད་​མཁན་​སྤུན་ཟླ་ཀྱ་ཀྱིས་​ཁོ་​ལེ་​བསྟོད་ར་བཏང་པི་དིག 3ཡང་ཕོལ་ལོལ་གྱིས་ཐི་མོ་ཐེ་ཁོ་རང་གི་སྐྱེན་ལེ་ཆོས་​སྤེལ་​དུ་འ​ཁྲིད་​འདོད་​འོད་​ཕེན། ཕོལ་ལོལ་གྱིས་ཁོ་ལེ་ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས་རྒྱག་ཏུ་བཅུག་པི་དིག ཅི་ལེ་ཟེར་ནི། ཡུལ་དེ་ལེ་ཡ་ཧུ་དཱ་པ་མང་པོ་འོད་དི་མ་ཟད། མི་དེ་ཀྱ་ཀྱིས་ཟང་ཐི་མོ་ཐེའི་ཨ་ཀྱི་ནི་གེ་རིག་པ་​ཞིག་ཡིན་དི་ཧ་གོ་འོད་དིག 4དེ་ནས་​ཁོང་​གསུམ་པོ་​རྒྱལ་ས་ཀྱ་བརྒྱུད་​ནས་​འགྲོ་རྒྱ། ཡེ་རུ་ས་གླིང་​རྒྱལ་སའི་སྐུ་ཚབ་​དིང་​འགན་འཁུར་པ་ཀྱ་​ཀྱིས་ཐག་གཅོད་བྱས་པའི་བཀའ་དེ་དད་པ་བགྱིད་མཁན་ཀྱ་ལེ་བཏད་དེ་བསྲུང་དུ་བཅུག་པི་དིག 5འོ་དེ་ལེ་བརྟེན་ཏེ། ཆོས་ཚོགས་ཀྱ་​ཀྱིས་ཟང་དད་པ་​བརྟན་པོ་བགྱིད་དི་མ་ཟད། མི་​གྲངས་​ཟང་ཉིན་རེ་བཞིན་​དུ་མང་​པོ་འཕེལ་ལི་དིག
ཕོལ་ལོལ་​གྱིས་མཱ་ཀེ་​དོན་​ཡཱ་​ལུང་པ་ལེ་ཞལ་གཟིགས་མཐོང་བ།
6དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁོང་​ཀྱ་​ལེ་ཨེ་ཞེ་ཡཱ་​ལུང་པ་​ལེ་​དཀོན་མཆོག་​གི་​བཀའ་​ཤོད་དུ་མ་བཅུག་ཕེན། ཁོང་​ཀྱ་​ཕ་རུག་ཡཱ་​དིང་​ག་ལད་ཡཱའི་​ས་ཆ་​དེ་​གཉིས་​ཀྱི་​ས་མཚམས་ལེ་བུད་དིག 7ཡང་ཁོང་ཀྱ་མོ་སི་ཡཱ་​ས་མཚམས་​ནས་བྱས་​ཏེ་​པི་ཐིན་ཡཱ་​ལུང་པ་​ལེ་​འགྲོ་​འདོད་​བྱུང་​ནའང་། ཇོ་བོ་​ཡེ་ཤུའི་​ཐུགས་ཉིད་​ཀྱིས་​འགྲོ་​རུ་མ་​བཅུག་​ཕེན། 8ཁོང་​ཀྱ་​མོ་སི་ཡཱ་​ས་ཆ་​བརྒྱུད་​ནས་​ཏྲོ་ཡཱ་​རྒྱལ་ས་​ལེ་བསླེབས་པི་​དིག 9ས་ཆ་​དེ་རུ་​ཉིན་​མ་གཅིག་​སྡོད་​རྒྱ། མ་ཀེ་དོན་ཡཱ་ལུང་པའི་​མི་​ཞིག་​ཕོལ་ལོལ་གྱི་​མདུན་​དུ་​ལངས་​ཏེ། ཁྱོད་རང་​མ་ཀེ་དོན་ཡཱ་ལུང་པ་​ལེ་འོངས་ཏེ། ཉེད་​ཀྱ་​ལེ་​རོགས་རམ་​བགྱིད་​རོགས་​ཟིན་​ཞུ་​བ་ཕུལ་​ལི་​ཞལ་གཟིགས་ཞིག་མཐོང་པི་དིག 10ཞལ་གཟིགས་དེ་​མཐོང་པི་རྗེས་ལེ​། ད་འོ་རང་​ཀྱ་​མགྱོགས་པོ་​མཱ་ཀེ་དོན་ཡཱ་​ལུང་པ་ལེ་​འགྲོ། ཅི་ལེ་​ཟེར་​ནི། དཀོན་མཆོག་​གིས་​འུ་ཀྱ་​ནི་མ་ཀེ་དོན་ཡཱ་ལུང་པའི་མི་​ཀྱ་​ལེ་​སྐྱབས་མགོན་​ཡེ་ཤུའི་​གཏམ་བཟང་​ཤོད་རྒྱུ་ཆེད་དུ་སྐད་བཏང་གནང་པི་​ངས་ཧ་གོ་​བྱུང་ཟིན་སྨྲས་པི་དིག
ལི་དི་ཡཱ་​ཟེར་​མཁན་བུ་མའ་​ཞིག་​དད་པ་​བྱས་པ།
11དེ་ནས་​ཉེད་​ཀྱ་​ཏྲོ་ཡཱ་​རྒྱལ་ས་​ནས་​གྲུ་གཟིངས་​ལེ་​བཞོན་​ཏེ། ཤར་​རེ་​སཱ་མོ་ཏྲེ་ཀེ་​གླིང་ཕྲན་ལེ་​སླེབས་པི་དིག དེ་ནས་དེའི་​སྔ་དྲོ། ནེ་ཨ་པོ་ལི་ཟེར་རི་རྒྱལ་ས་​ལེ་​སླེབས་པི་དིག 12དེ་ནས་ཕི་ལིབ་པི་​རྒྱལ་ས་​ལེ་ཕྱིན་དི་ཡིན། རྒྱལ་ས་​དེ་​ནི་​མ་ཀེ་དོན་ཡཱ་​ལུང་པའི་​རྒྱལ་ས་​ཆེ་ཤོས་​ཞིག་​ཡིན་དི་མ་ཟད། རྒྱལ་ས་དེ་ནི་རོ་མཱ་​གོང་མའི་​རྒྱལ་ཁབ་​ཀྱི་​ཁོངས་གཏོགས་​ལེ་འོད་དིག དེ་ནས་ཉེད་​ཀྱ་​རྒྱལ་ས་​དེ་རུ་​ཉིན་​ཁ་ཤས་​བསྡད་​དི་​ཡིན། 13ཡང་​ངལ་གསོ་བའི་​ཉིན་མ་ལེ། ཉེད་​ཀྱ་​རྒྱལ་ས་​དེའི་​རྒྱལ་སྒོའི་​ཕྱི་ལེ་​ཕྱིན་​ཏེ། ཆུ་འགྲམ་དུ་གསོལ་བ་​འདེབས་​ས་​ཞིག་​འོད་​ཀྱི་དིག་​བསམས་​ཏེ་​ཕྱིན་​དི་​ཡིན། དེ་ནས་​ཉེད་​ཀྱ་​ས་ཆ་དེ་རུ་​སླེབས་ཏེ་​སྡོད་རྒྱ། ས་ཆ་​དེ་རུ་​འཛོམས་འོད་ཡོད་བུ་མའ་​ཀྱ་​ལེ་​ཡེ་ཤུའི་​སྐོར་​གྱི་གཏམ་གླེང་བྱས་པི་ཡིན། 14ཡང་དེ་རྒྱ་ས་ཆ་​དེ་རུ་​གོས་ཅན་​རྒྱ་སྨུག་​འཚོང་​མཁན་​མིང་​ལེ་​ལི་དི་ཡཱ་​ཟེར་མཁན་​བུ་མའ་​ཞིག་​འོད་དིག མོ་​ནི་ཐི་ཡ་ཏེ་རཱ་​རྒྱལ་ས་​ནས་​ཡིན་དིང་། ཡང་ཆོས་སེམས་​ཟང་ཆེན་པོ་​འོད་ཡོད་དི་མ་ཟད་​། ཉེད་​ཀྱ་​ཀྱིས་ཡེ་ཤུའི་སྐོར་གྱི་གཏམ་གླེང་བྱས་པི་དེ་ལེ་མོས་ཉན་པི་དིག ཡང་དཀོན་མཆོག་​གིས་​ཟང་​མོའི་​བློ་སེམས་​ཁ་ཕྱེ་​གནང་​ཕེན། ཕོལ་ལོལ་​གྱིས་བཤད་​དི་གཏམ་གླེང་དེ་ལེ་​མོས་ཡིད་ཆེས་བྱས་ཏེ་དད་པ་​བྱས་​པི་​དིག 15དེ་ནས་མོ་དིང་མོའི་ནང་མི་​ཀྱ་​ལེ་​ཁྲུས་གསོལ་​བྱས་​ཚར་​རི་​རྗེས་ལེ། མོས་ཉེད་ཀྱ་ལེ། གལ་སྲིད་​ཁྱེད་​ཀྱ་​ཀྱིས་ང་​ཇོ་བོ་​ཡེ་ཤུ་​ལེ་​དད་པ་བྱས་པི་​དེ་ལེ་ཡིད་ཆེས་​འོད་​ནི། ངའི་​ནང་​ལེ་​མགྲོན་པོ་ཕེབས་​ཏེ། ཉིན་མ་​ཁ་ཤས་​བཞུགས་རོགས་​གནང་ཟིན་ཉེད་ཀྱ་ལེ་ཨུ་ཚུག་མང་པོ་བྱས་ཏེ་​འཁྲིད་​བྱུང་​།
ཕོལ་ལོལ་​དིང་​སི་ལཱ་​བཙོན་​ལེ་​བཅུག་​པ།
16འོ་དེའི་​རྗེས་​ལེ་​ཡང་​ཉིན་མ་​ཞིག་​ཉེད་​ཀྱ་​གསོལ་བ་​སྨོན་ལམ་འདེབས་​ས་​ལེ་​འགྲོ་རྒྱ། གདོན་འདྲེ་​ཞུགས་པའི་རྐྱེན་​གྱི་​གདོན་འདྲེའི་བ​རྒྱུད་​ནས་​མ་འོངས་པའི་དུས་​ལེ། ཅི་འོང་མི་འོང་སྐོར་ལེ་མོ་རྒྱག་མཁན་​གཡོག་མོ་​ཞིག་​ཉེད་ཀྱ་​ལེ་ཐུག་བྱུང་། མོས་མོ་​བརྒྱབ་སྟེ་རང་གི་བདག་པོ་ལེ་རྒྱུ་ནོར་མང་པོ་འབུལ་​གྱོ་འོད་དིག 17ཡང་མོ་རང་ཕོལ་ལོལ་​དིང་​ཉེད་​ཀྱ་ཀྱི་​རྗེས་​ལེ་​འབྲངས་​ཏེ་སྐད་​ཆེན་པོས་​ངང་​ནས། མི་​འདི་​ཀྱ་​ནི་​བླ་ན་མེད་པའི་​དཀོན་མཆོག་​གི་​ཞབས་ཕྱི་​ཡིན་དི་མ་ཟད​། ཁྱེད་​ཀྱ་​ལེ་​ཐར་བའི་ལམ་སྟོན་བགྱིད་མཁན་ཡིན་དིག་​ཟིན་​ཟེར་​ལས་​ཟེར་​ལས་​བྱས་པི་དིག 18ཡང་​མོས་​འོ་དེ་གི་​ཟིན་ཉིན་གྲངས་​འུར་​བརྒྱབ་​ཕེན། ཕོལ་ལོལ་​སུན་སྣང་​ཆེན་པོ་​བྱུང་སྟེ། ཁ་​ཚུར་​བསྐོར་​ཏེ་མོའི་ཁོག་ལེ་​ཞུགས་​འོད་ཡོད་གདོན་འདྲེ་​དེ་ལེ། སྐྱབས་མགོན་​ཡེ་ཤུའི་​མཚན་​ནང་ནས་​ཁྱོད་​མོའི་ཁོག་ནས་​ཕྱི་​ལེ་​ཐོན་​ལེད་ཟིན་​སྨྲས་​ལོང་མེད། གདོན་འདྲེ་​དེ་​མོའི་ཁོག་ནས་​ཐོན་བུད་དི་དིག 19དེ་ནས་​མོའི་བདག་པོ་​ཀྱ་ཀྱིས་ད་​མོའི་​བརྒྱུད་​ནས་​རྒྱུ་ནོར་​འབྱོར་རྒྱུ་རེ་བ་​མེད་​དི་​མཐོང་​སྟེ། ཕོལ་ལོལ་​དིང་​སི་ལཱ་​ཁོ་གཉིས་འཛིན་བཟུང་བྱས་ཏེ། རྒྱལ་སའི་​ཁྲོམ་​སྲང་​ལེ་འོད་​ཡོད་​དཔོན་​པོ་དེ་ཀྱ་​ཀྱི་​མདུན་​དུ་​བཙན་​དབང་བཏང་སྟེ་དྲུད་དི་དིག 20དེ་ནས་ཁོང་ཀྱ་ཀྱིས་ཁོ་​གཉིས་​ཁྲིམས་དཔོན་གྱི་དྲུང་དུ་འཁྲིད་དེ། མི་འདི་ནི་​ཡ་ཧུ་དཱ་པ་​ཡིན་​དི་མ་ཟད། འུའི་​རྒྱལ་སའི་​ནང་​ལེ་ཟིང་ཆ་​བསླངས་ཏེ། 21འུ་རོ་མཱའི་​ཡུལ་ཁྲིམས་​དིང་​ལུགས་སྲོལ་ཅོག་འདྲ་​བགྱིད་​མི་​ཆོག་​འོད་​ཟིན་འདུག་ཟིན་སྨྲས་​པི་དིག 22ཡང་མི་​ཚོགས་​ཀྱ་​ཀྱིས་​ཟང་​རུབ་སྟེ་​ཁོ་​གཉིས་​ལེ་ངོ་ལོག་བྱས་པི་མ་ཟད། ཁྲིམས་དཔོན་​ཀྱ་​ཀྱིས་​ཁོང་​གཉིས་​ཀྱི་​གོས་ལག་​བུད་​དེ་​རྒྱུག་​རྡུང་​གཞུས་ཤིག་​ཟིན་​བཀའ་​གནང་​པི་​དིག 23ཡང་​ཁོང་​གཉིས་​ལེ་​རྒྱུག་རྡུང་​མང་པོ་​བཞུས་​རི་​རྗེས་ལེ་​བཙོན་​ལེ་བཅུག་སྟེ། བཙོན་ཁང་​སྲུང་​མཁན་དམག་དཔོན་​ཁོ་​ལེ་​དགའ་མོ་​བྱས་​ཏེ་​སྲུངས་​ཤིག་​ཟིན་​བཀའ་​བཏང་པི་​དིག 24དེ་ནས་བཀའ་གསུང་ཅོག་འདྲ། བཙོན་ཁང་སྲུང་​མཁན་དམག་དཔོན་ཁོས་​ཟང་། ཁོ་​གཉིས་​བཙོན་ཁང་​གི་ཕུགས་​ལེ་​བཅུག་​ཏེ་རྐང་པ་ལེ་​ཤིང་​སྒྲོག་བརྒྱབ་སྟེ་​བོར་​རི་​དིག
25ཡང་མཚན་​ཕྱེད་ཀ་​ཚོད་ཕོལ་ལོལ་​དིང་​སི་ལཱ་​ཁོ་གཉིས་​ཀྱིས་​དཀོན་མཆོག་​ལེ་​གསོལ་བ་​སྨོན་ལམ་འདེབས་པི་དིང་​། བསྟོད་གླུ་​འབུལ་​གྱོ་​འོད་​ཕེན། བཙོན་པ་​གཞན་མ་​ཀྱ་​ཀྱིས་​ཟང་བསྟོད་གླུ་དེ་ལེ་​ཉན་​བསྡད་​འོད་​དི་​དིག 26དེ་​ལོང་མེད་​ས་འགུལ་​ཤུགས་​ཆེན་པོ་​ཞིག་​བརྒྱབ་​ཕེན། བཙོན་ཁང་​གི་རྨང་གཞི་ཟང་​འཁྲུགས་​པི་​མ་ཟད། བཙོན་ཁང་​གི་​སྒོ་​ཡེ་རེ་​ཟང་​ཕྱེ་འོང་ཕེན། བཙོན་པ་​ཀྱ་​ཀྱི་​རྐང་ལག་​ལེ་འོད་ཡད་​ལྕགས་ཐག་​དེ་ཟང་​དེ་ལོང་མེད་​གྲོལ་​ལི་དིག 27ཡང་བཙོན་ཁང་​སྲུང་​མཁན་​ཀྱ་​གཉིད་​སད་རྒྱ། བཙོན་ཁང་​གི་​སྒོ་​ཡེ་རེ་​གདང་ངེ་​འོད་​དི་​མཐོང་​སྟེ། ད་བཙོན་པ་​ཡེ་རེ་​བྲོས་ཚར་རི་དིག་​བསམས་​ཏེ་​རལ་གྲི་​བཏོན་​ཏེ། རང་གིས་​རང་​ལེ་​སྲོག་རྒྱུ་བྱས་པི་དིག 28ཡིན་ནའང་​། ཕོལ་ལོལ་​གྱིས་སྐད་ཆེན་པོས་ངང་ནས་ཁྱེད་ཀྱ་རང་གིས་རང་​ལེ་​མ་​གསོད་​ཅིག ཉེད་​ཡེ་རེ་​རང་སོ་སོའི་​སྡོད་​ས་​ལེ་​བསྡད་འོད་ཟིན་སྨྲས་པི་དིག 29དེ་ནས་བཙོན་ཁང་​སྲུང་​མཁན་གྱིས་​མི་​གཞན་མ་​ཞིག་​ལེ། མཆོད་མེ་​འཁྱེར་​ལེད་​སྨྲས་ཏེ། རང་བཙོན་ཁང་​ནང་ལེ་​འདར་​འཁྲུག་​འཁྲུགས་​ངང་ནས་མགྱོགས་པོ་འོངས་ཏེ། ཕོལ་ལོལ་​དིང་​སི་ལཱ་​ཁོ་གཉིས་​ཀྱི་​མདུན་​དུ་བརྐྱངས་ཕྱག་འཚལ་ལི་དིག 30དེ་ནས་ཁོ་​གཉིས་​བཙོན་ཁང་​ནས་ཕྱི་ལེ་​འཁྲིད་​དེ། ཁོས་ཁོ་གཉིས་ལེ། རྒན། ཐར་བ་​འཐོབ་རྒྱུ་ཆེད་དུ་​ངས་ཅི་​བགྱིད་​དགོས་​འོད་དིག་གོ་ཟིན་དྲིས་པི་དིག 31དེ་ནས་ཁོ་​གཉིས་​ཀྱིས་ཁྱོད་རང་ཇོ་བོ་ཡེ་ཤུ་​ལེ་​དད་པ་​གྱིས​། དེ་ནས་ཁྱོད་དིང་​ཁྱོད་ཀྱི་ནང་མི་​ཡེ་རེ་​ལེ་​ཐར་བ་​འཐོབ་ཀྱི་དིག་སྨྲས་ཏེ། 32ཁོ་​གཉིས་​ཀྱིས་​ཇོ་བོ་དཀོན་མཆོག་གི་བཀའ་​ཁོའི་​ནང་མི་ཀྱ་​ལེ་​བཤད་​དི་​དིག 33ཉིན་​དེའི་​མཚན་མོ། བཙོན་ཁང་​སྲུང་​མཁན་​ཁོས་​ཕོལ་ལོལ་​དིང་​སི་ལཱ་​ཁོ་​གཉིས་​ཕྱི་​ལེ་​འཁྲིད་​དེ། ཁོ་གཉིས་​ཀྱི་​གཟུགས་པོ་​ལེ་​ལྕག་ཚན་​བཞུས་​པའི་​རྨ་​དེ་བཀྲུས་ཏེ་​སྨན་བཅོས་​བྱས་​པི་​དིག དེ་​ལོང་མེད་​བཙོན་ཁང་​སྲུང་​མཁན་​ཁོ་རང་དིང་། ཁོའི་​ནང་མི་​ཡེ་རེ་​ལེ་​ཁྲུས་གསོལ་​བྱས་​པི་​དིག 34དེ་ནས་བཙོན་ཁང་སྲུང་མཁན་དམག་མི་ཁོས་​ཁོ་​གཉིས་​རང་གི་​ཁྱིམ་​ལེ་འཁྲིད་དེ་​ཕོ་ལེ་​བྱས་པི་མ་ཟད། ཁོ་དིང་​ཁོའི་​ནང་མི་​ཡེ་རེས་དཀོན་མཆོག་​ལེ་​དད་པ་​བྱས་​པི་དེ་ལེ། ཁོང་​རང་དིང་ནང་མི་ཡེ་རེ་​དགའ་རི་​ཆེན་པོ་​འཇུ་གུ་​བྱུང་​པི་​དིག
35ཡང་​དེའི་​སྔ་དྲོ་​ཁྲིམས་དཔོན་​ཁོས་རང་གི་​དམག་མི་​ཀྱ་བརྫངས་​ཏེ། མི་དེ་གཉིས་བཙོན་ཁང་ནས་གློད་གྲོལ་གཏོང་ཞིག་​ཟིན་​བཀའ་​གནང་​པི་​དིག 36ཡང་བཙོན་​ཁང་སྲུང་མཁན་དམག་དཔོན་ཁོས་ཟང་གཏམ་དེ་ཐོས་ཕེན། ཕོལ་ལོལ་​ལེ། ཁྲིམས་དཔོན་​ཀྱ་​ཀྱིས་​ཁྱེད་​གཉིས་​བཙོན་ཁང་​ནས་​གློད་གྲོལ་གཏོང་ཟིན་​བཀའ་​གནང་​བྱུང་​། ད་​ཁྱེད་​གཉིས་​བཙོན་ཁང་​ནས་​བློ་​བདེ་མོ་བྱས་ཏེ་​ཕེབས་ཤིག་ཟིན་སྨྲས་པི་​དིག 37ཡིན་ནའང་​། ཕོལ་ལོལ་​གྱིས་ཉེད་​གཉིས་​པོ་ནི་​རོ་མཱ་​གོང་མའི་​རྒྱལ་ཁབ་​ཀྱི་​མི་སེར་ཞིག་ཡིན་དི་མ་ཟད། ཉེད་​གཉིས་​ལེ་​ནོར་འཁྲུལ་ཅི་གང་​མེད་ནའང་། ཁྲིམས་དཔོན་​ཀྱ་​ཀྱིས་​མིའི་​མིག་​གི་མཐོང་​ས་​ལེ། ཉེད་གཉིས་ལེ་ཉེས་རྡུང་​བཏང་​སྟེ་​བཙོན་​ལེ་​བཅུག་​པི་​དིག ད་ལྟ་​གསང་བའི་​ངང་​ནས་​ཉེད་​གཉིས་​བཙོན་ཁང་​ནས་​འདོན་​དི་ཡིན་དས། འོ་དེ་གི་​རྩ་བ་​ནས་​བགྱིད་​མི་ཆོག་​འོད། ཁྲིམས་དཔོན་ཁོང་ཀྱ་འདི་རུ་འོང་སྟེ། ཉེད་​གཉིས་​བཙོན་ཁང་​ནས་​འདོན་​དགོས་​འོད་​ཟིན་སྨྲས་​པི་​དིག 38ཡང་བཙོན་ཁང་སྲུང་​མཁན་དམག་མི་ཀྱ་​ཀྱིས་​ཟང་​། ཁོ་​གཉིས་​ཀྱིས་​སྨྲས་​པའི་ལབ་དེ་​ཁྲིམས་དཔོན་​ཀྱ་​ལེ་​ཞུས་​ཕེན། ཁོང་​ཀྱ་​ཀྱིས་​ཟང་​ཁོ་​གཉིས་ནི་​རོ་མཱ་​གོང་མའི་​རྒྱལ་ཁབ་​ཀྱི་​མི་སེར་ཞིག་​ཡིན་​དི་​ཧ་གོ་​སྟེ། འཁྱར་སྣང་​ཆེན་པོ་​བྱུང་​པི་མ་ཟད། 39ཁོ་​གཉིས་​འོད་​ས་​ལེ་​འོངས་​ཏེ་​འགྱོད་​སེམས་​ངང་​ནས་​སེམས་​གསོའི་​ཁ་བསྒོས་​བཅུག་​སྟེ་​བཙོན་ཁང་​ནས་​ཕྱི་​ལེ་​འཁྲིད་​དེ། ཁྱེད་གཉིས་རྒྱལ་ས་​འདི་ནས་​ཡུལ་​གཞན་​ལེ་​ཕེབས་​རོགས་ཟིན་སྨྲས་པི་​དིག 40དེ་ནས་​ཁོ་​གཉིས་​བཙོན་ཁང་​ནས་​ཐོན་ཕེན། ལི་དི་ཡཱ་​ཁྱིམ་​ལེ་​ཕྱིན་​ཏེ་​ཆོས་གྲོགས་​སྤུན་ཟླ་གཞན་མ་ཀྱ་ཟང་ཐུག་​པི་དིག དེ་ནས་​ཆོས་གྲོགས་འདི་ཀྱ་ལེ་དད་པ་​བརྟན་པོ་བྱས་ཏེ་​སྡོད་​དགོས་པའི་སྐོར་ལེ་ཁ་བསྒོས་​བཅུག་​སྟེ། ཁོ་​གཉིས་​རྒྱལ་ས་​འདི་​རིང་​ཁ་བྲལ་​ཏེ་​བུད་​དི་​དིག །

נבחרו כעת:

མཛད་པ། 16: DLPO

הדגשה

העתק

השווה

שתפו

None

רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו