YouVersion 标志
圣经计划视频
获取软件
选择语言
搜索图标

མེ་ཐིའུ་ལེའུ་ 5 的热门经文

1

མེ་ཐིའུ་ལེའུ་ 5:15-16

རྫོང་ཁ་

dzoD

ད་རུང་མི་ག་གིས་ཡང་ས་ཏི་བཏེགས་ཏེ་ སྦ་ཟེ་གི་འོག་ལུ་བཙུགས་མི་བཞག་ དེ་འབདཝ་ད་ ས་ཏི་བཏེགས་སྦེ་ཡར་སྟེགས་ཁར་བཀལ་བཞགཔ་ཨིན་ དེ་ལས་ཁྱིམ་ནང་གི་མི་ག་ར་གིས་མཐོང་ཚུགས། དཔེ་གཏམ་འདི་བཟུམ་སྦེ་རང་ ཁྱེད་ཀྱིས་འབད་མིའི་ལཱ་བཟང་པོ་འདི་ མིའི་གདོང་ཁར་འོད་བཟུམ་སྦེ་ཤར་བཅུག་ དེ་འབདཝ་ལས་མི་ཚུ་ག་ར་གིས་མཐོང་སྟེ་ ཁོང་གིས་ཡར་ཞིང་ཁམས་ལུ་བཞུགས་ཡོད་མི་ ཁྱེད་ཀྱི་ཡབ་ལུ་བསྟོད་པ་ཕུལ་འོང་།།

对照

探索 མེ་ཐིའུ་ལེའུ་ 5:15-16

2

མེ་ཐིའུ་ལེའུ་ 5:14

རྫོང་ཁ་

dzoD

ཁྱེད་ཡང་འཛམ་བུ་གླིང་གི་འོད་ཨིན་ དཔེར་ན་སྒང་གུ་ཡོད་མི་ཁྲོམ་དེ་སྦ་བཞག་མི་ཚུགས།

对照

探索 མེ་ཐིའུ་ལེའུ་ 5:14

3

མེ་ཐིའུ་ལེའུ་ 5:8

རྫོང་ཁ་

dzoD

མི་སེམས་གཙངམ་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཁོང་གིས་ དཀོན་མཆོག་མཇལ་ནི་ཨིན།

对照

探索 མེ་ཐིའུ་ལེའུ་ 5:8

4

མེ་ཐིའུ་ལེའུ་ 5:6

རྫོང་ཁ་

dzoD

དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་དེ་ལུ་ ལྟོཝ་བཀྱེས་ཁ་སྐོམ་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཤུལ་ལས་ ངལ་རངས་ཏོག་ཏོ་བཟོ་ནི་ཨིན།

对照

探索 མེ་ཐིའུ་ལེའུ་ 5:6

5

མེ་ཐིའུ་ལེའུ་ 5:44

རྫོང་ཁ་

dzoD

དེ་འབདཝ་ད་ ང་གིས་སླབ་ཨིན་ ཁྱེད་ཀྱིས་དགྲ་བྱང་ཕྱད་ལུ་བྱམས་པ་འབད་ དེ་ལས་ཁྱེད་ལུ་གནོད་པ་བཀལ་མི་ཚུ་གི་དོན་ལུ་སྨོན་ལམ་ཞུ་བྱིན།

对照

探索 མེ་ཐིའུ་ལེའུ་ 5:44

6

མེ་ཐིའུ་ལེའུ་ 5:3

རྫོང་ཁ་

dzoD

སེམས་ཉིད་ནང་སྐྱོ་བ་བསྐྱེད་དེ་སྡོད་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཞིང་ཁམས་ཀྱི་རྒྱལ་སྲིད་འདི་ ཁོང་གི་དོན་ལུ་ཨིན།

对照

探索 མེ་ཐིའུ་ལེའུ་ 5:3

7

མེ་ཐིའུ་ལེའུ་ 5:9

རྫོང་ཁ་

dzoD

ཞི་བདེ་དང་མཐུན་ལམ་བཟོ་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཁོང་ལུ་ དཀོན་མཆོག་གི་སྲས་དང་སྲསམོ་སྦེ་བརྩི་ནི་ཨིན།

对照

探索 མེ་ཐིའུ་ལེའུ་ 5:9

8

མེ་ཐིའུ་ལེའུ་ 5:4

རྫོང་ཁ་

dzoD

ད་ལྟོ་མྱ་ངན་འབད་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཁོང་གིས་ སེམས་གསོ་ཐོབ་ནི་ཨིན།

对照

探索 མེ་ཐིའུ་ལེའུ་ 5:4

9

མེ་ཐིའུ་ལེའུ་ 5:10

རྫོང་ཁ་

dzoD

དཀོན་མཆོག་གི་ཐུགས་དང་ལྡན་པའི་ཕྲངམ་དེ་ལུ་ གནོད་པ་བྱུང་ཡོད་མི་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་ཞིང་ཁམས་ཀྱི་རྒྱལ་སྲིད་དེ་ ཁོང་གི་དོན་ལུ་ཨིན།

对照

探索 མེ་ཐིའུ་ལེའུ་ 5:10

10

མེ་ཐིའུ་ལེའུ་ 5:7

རྫོང་ཁ་

dzoD

བྱམས་པ་དང་སྙིང་རྗེ་ཅན་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་དཀོན་མཆོག་གིས་ ཁོང་ལུ་བྱམས་པ་དང་སྙིང་རྗེ་གཟིགས་ནི་ཨིན།

对照

探索 མེ་ཐིའུ་ལེའུ་ 5:7

11

མེ་ཐིའུ་ལེའུ་ 5:11-12

རྫོང་ཁ་

dzoD

ངེ་གི་ཞོར་ཁར་ལས་མི་ཚུ་གིས་ཁྱེད་ལུ་བརྙས་བཅོས་འབད་ གནོད་པ་སྐྱེལ་ཏེ་སྡུག་བྱིན་ དེ་ལས་གཏམ་རྫུན་མ་མ་འདྲཝ་སླབ་པ་ཅིན་ ཁྱེད་བྱིན་རླབས་ཅན་ཨིན། ཁྱེད་ཆ་ཁྱབ་སེམས་དགའ་སྟེ་དགའ་འཚོར་འགྱུར་ ག་ཅི་སྨོ་ཟེར་བ་ཅིན་ཁྱེད་ཀྱི་དོན་ལུ་ ཞིང་ཁམས་ལུ་གསོལ་རས་སྦོམ་གཅིག་བཞག་ཡོད་ ཁྱེད་ལུ་གནོད་པ་སྐྱེལ་ཏེ་སྡུག་བྱིན་དོཝ་བཟུམ་སྦེ་རང་ ཁྱེད་ཀྱི་ཧེ་མ་ལས་འོང་མིའི་ལུང་སྟོན་པ་ཚུ་ལུ་ཡང་འབད་ནུག།

对照

探索 མེ་ཐིའུ་ལེའུ་ 5:11-12

12

མེ་ཐིའུ་ལེའུ་ 5:5

རྫོང་ཁ་

dzoD

མི་མཉམ་ཆུང་ཚུ་བྱིན་རླབས་ཅན་ཨིན་ ག་ཅི་སྨོ་ཟེར་བ་ཅིན་འཇིག་རྟེན་ནང་གི་རྒྱུ་ནོར་ཚུ་ ཁོང་གིས་ཐོབ་ནི་ཨིན།

对照

探索 མེ་ཐིའུ་ལེའུ་ 5:5

13

མེ་ཐིའུ་ལེའུ་ 5:13

རྫོང་ཁ་

dzoD

ཁྱེད་འཇིག་རྟེན་ནང་གི་ཚྭ་ཨིན་ དེ་འབདཝ་ད་ ཚྭའི་བྲོཝ་ཡལ་ཡར་སོང་པ་ཅིན་ ད་རུང་ཚྭ་དེ་བྲོཝ་ཡོདཔ་ག་དེ་སྦེ་བཟོ་ཚུགས་ནི་ འདི་ཁུངས་ག་ནི་ཡང་མེད་ ལམ་ཁར་ལུ་བཀོག་སྟེ་རྐངམ་གིས་བསྣད་འོང་།

对照

探索 མེ་ཐིའུ་ལེའུ་ 5:13

14

མེ་ཐིའུ་ལེའུ་ 5:48

རྫོང་ཁ་

dzoD

དེ་འབདཝ་ལས་བརྟེན་ཏེ་ ཡར་ཞིང་ཁམས་ལུ་བཞུགས་མི་ ཁྱེད་ཀྱི་ཡབ་སྐྱོན་ག་ནི་ཡང་མེད་པར་ཀྲིག་ཀྲི་སྦེ་བཞུགས་ཡོདཔ་བཟུམ་སྦེ་ ཁྱེད་ཆ་ཁྱབ་ཡང་སྐྱོན་ག་ནི་ཡང་མེད་པར་ཀྲིག་ཀྲི་སྦེ་སྡོད་ཟེར་ཡེ་ཤུ་གིས་གསུངས་ནུག།

对照

探索 མེ་ཐིའུ་ལེའུ་ 5:48

15

མེ་ཐིའུ་ལེའུ་ 5:37

རྫོང་ཁ་

dzoD

དེ་བ་འདི་གཏམ་ཨིན་མི་དེ་ཨིན་ མེན་མི་དེ་མེན་ཟེར་སླབ་ དེ་ལས་ལྷག་པའི་ལོ་རྒྱུས་གཞན་སླབ་པ་ཅིན་ དེ་ཚུ་བདུད་ལས་འོངམ་ཨིན།།

对照

探索 མེ་ཐིའུ་ལེའུ་ 5:37

16

མེ་ཐིའུ་ལེའུ་ 5:38-39

རྫོང་ཁ་

dzoD

མིག་ཏོ་གི་ཚབ་མ་མིག་ཏོ་ སོ་གི་ཚབ་མ་སོ་ཟེར་གསུངས་མི་འདི་ཡང་ ཁྱེད་ཀྱིས་གོ་ཡི། དེ་འབདཝ་ད་ ང་གིས་ཁྱེད་ལུ་སླབ་ཨིན་ ཁྱོད་ལུ་ཟོགཔོ་འབད་མི་ལུ་ལོག་སྟེ་ཟོགཔོ་མ་འབད་ ག་དེམ་ཅིག་སྦེ་ མི་ག་གིས་འབད་རུང་ ཁྱོད་ཀྱི་ཟ་ལྟབ་གཡས་པའི་གུ་ ལྡན་ལྕག་དྲངས་པ་ཅིན་ ཟ་ལྟབ་གཡོནམ་དེ་ཡང་བཟེད་བྱིན།

对照

探索 མེ་ཐིའུ་ལེའུ་ 5:38-39

17

མེ་ཐིའུ་ལེའུ་ 5:29-30

རྫོང་ཁ་

dzoD

ཁྱོད་ཀྱི་མིག་ཏོ་གཡསཔ་དེ་གིས་ཁྱོད་ལུ་ སྡིག་པ་འབད་བཅུག་པ་ཅིན་ མིག་ཏོ་དེ་བཏོན་བཀོག་ད་ ཁྱོད་ཀྱི་གཟུགས་ག་ར་དམྱལ་བ་ནང་འགྱོ་བ་དེ་ གཟུགས་ཀྱི་ཡན་ལག་གཅིག་མེད་རུང་དྲག དེ་ལས་ཁྱོད་ཀྱི་ལགཔ་གཡསཔ་དེ་གིས་ ཁྱོད་ལུ་སྡིག་པ་འབད་བཅུག་པ་ཅིན་ ལགཔ་དེ་བཏོག་བཀོག་ད་ ཁྱོད་ཀྱི་གཟུགས་ག་ར་དམྱལ་བ་ནང་འགྱོ་བ་དེ་ གཟུགས་ཀྱི་ཡན་ལག་གཅིག་མེད་རུང་དྲག

对照

探索 མེ་ཐིའུ་ལེའུ་ 5:29-30

上一章
下一章
YouVersion

我们要鼓励、挑战你每天亲近上帝。

事工

关于我们

就职机会

义工

博客

新闻区

有用链接

帮助

捐赠

圣经译本

音频圣经

译本语言

今日经文


此数字事工属于

Life.Church
English (US)

©2025 Life.Church / YouVersion

隐私政策使用条款
漏洞披露方案
FacebookTwitterInstagramYouTubePinterest

主页

圣经

计划

视频