ཡང་མིས་སྒྲོན་མེ་བསྒྲོན་པ་ནི་བྲེའི་འོག་ཏུ་འཇོག་ཕྱིར་མ་ཡིན༌པར། སྒྲོན་སྟེགས་སྟེང་བཞག་ནས་ཁྱིམ་དུ་ཡོད་པའི་མི་ཐམས་ཅད་ལ་འོད་ཟེར་སྤྲོ་བའི་ཕྱིར༌རོ།། དེ་བཞིན་དུ་མི་གཞན་རྣམས་ཀྱིས་ཁྱོད་ཅག་གི་ལས་བཟང་པོ་མཐོང༌ཞིང༌། ནམ་མཁའི་ཞིང་ཁམས་སུ་བཞུགས་པའི་ཁྱོད་ཅག་གི་ཡབ་ལ་བསྟོད་བསྔགས་བྱ༌ཆེད། ཁྱོད་ཅག་གིས་ཀྱང་རང་གི་འོད་ཟེར་དེ་མི་རྣམས་ཀྱི་མིག་ལམ་དུ་འཕྲོ་བར་བྱོས་ཤིག་ཅེས་གསུངས༌སོ།།