1
ཡོ་ཤུ་ཨ། 23:14
New Tibetan Bible བོད་འགྱུར་གསར་མ།
NTB
ད་ལྟ་ང་རང་འཇིག་རྟེན་པ་ཀུན་གྱི་འགྲོ་ལུགས་ལྟར་འགྲོ་དགོས་བྱུང་། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཁྱོད་ཅག་ལ་བྱིན་རླབས་གནང་བའི་ཞལ་བཞེས་ཀྱི་གསུང་ནི། བཀའ་གཅིག་ཀྱང་དོན་མེད་དུ་མ་གྱུར་བར་ཐམས་ཅད་ཁྱོད་ཚོའི་སྟེང་འགྲུབ་པ་དེ་ཁྱོད་ཅག་གིས་ཡིད་སེམས་ཀུན་ནས་ཤེས་སོ། །
对照
探索 ཡོ་ཤུ་ཨ། 23:14
2
ཡོ་ཤུ་ཨ། 23:11
ཁྱོད་རྣམས་ཀྱིས་ལྷག་ཏུ་གཟབ་གཟབ་ངང་ཁྱོད་ཅག་གི་དཀོན་མཆོག་ཡ་ཝཱེ་གཅེས་སུ་འཛིན་དགོས།
探索 ཡོ་ཤུ་ཨ། 23:11
3
ཡོ་ཤུ་ཨ། 23:10
ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེས་ཞལ་བཞེས་གནང་བ་བཞིན་དུ་ཁྱོད་རྣམས་ཀྱི་ཕྱིར་འཐབ་མོ་མཛད་པས། ཁྱོད་མི་གཅིག་གིས་མི་སྟོང་བདའ་འདེད་བྱེད་པར་འགྱུར།
探索 ཡོ་ཤུ་ཨ། 23:10
4
ཡོ་ཤུ་ཨ། 23:8
ཁྱོད་རྣམས་ཀྱིས་ད་ལྟའི་བར་དུ་ཇི་ལྟར་བྱས་པ་བཞིན་དུ། ཁྱོད་རྣམས་ཀྱི་དཀོན་མཆོག་ཡ་ཝཱེ་ལ་རྩེ་གཅིག་གིས་བརྟེན་དགོས་ཏེ།
探索 ཡོ་ཤུ་ཨ། 23:8
5
ཡོ་ཤུ་ཨ། 23:6
དེའི་ཕྱིར་ཁྱོད་རྣམས་ཀྱིས་དཔའ་སེམས་བསྐྱེད་དེ། ཕྱོགས་འཛོལ་ཅི་ཡང་མེད་པར་མོ་ཤེའི་བཀའ་ཁྲིམས་སུ་བཀོད་པའི་བཀའ་ཐམས་ཅད་བརྩི་སྲུང་ནན་མོ་བྱེད་དགོས།
探索 ཡོ་ཤུ་ཨ། 23:6
主页
圣经
计划
视频