དཀོན་མཆོག་ཡ་ཝཱེས་ཁོ་ཚོའི་མེས་པོ་རྣམས་ལ་མནའ་བཞེས་ཏེ་ཞལ་བཞེས་གནང་བའི་བཀའ་ཐམས་ཅད་ལྟར། ཁོ་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་བདེ་བར་བཀོད་དོ། །ཁོ་ཚོའི་དགྲ་བོ་ཐམས་ཅད་ལས་ཁོ་རྣམས་ཀྱི་མདུན་དུ་རང་ཚུགས་ཐུབ་མཁན་གཅིག་ཀྱང་མ་བྱུང་ཞིང་། དཀོན་མཆོག་ཡ་ཝཱེས་དགྲ་བོ་ཐམས་ཅད་ཁོ་རྣམས་ཀྱི་ལག་ཏུ་སྤྲོད་པར་མཛད་དོ། །