ངེད་ཅག་བྲན་གཡོག་ཡིན་ནའང་། རང་རེའི་དཀོན་མཆོག་གིས་ངེད་ཅག་བཙན་གནོན་འོག་ཏུ་མ་བསྐྱུར་བར། ཏ་ཟིག་གི་རྒྱལ་པོ་རྣམས་ཀྱི་མདུན་ནས་ངེད་ཅག་ལ་ཐུགས་རྗེས་གཟིགས་ཏེ་བསྐྱར་དར་མཛད་ཅིང་། རང་རེའི་དཀོན་མཆོག་གི་མཆོད་ཁང་ཞིག་རལ་དེ་ཉམས་གསོ་མཛད་པ་དང་། ངེད་ཅག་ལ་ཡ་ཧུ་དཱ་དང་ཡེ་རུ་སཱ་ལེམ་དུ་མཁར་གྱང་ཡོད་པར་མཛད།