1
བཀོད་པ། 32:28
New Tibetan Bible བོད་འགྱུར་གསར་མ།
NTB
ཡང་མི་དེ་ན༌རེ། ད་ནས་བཟུང་ཁྱོད་ལ་ཡ་ཀོབ་ཅེས་མི་འབོད་པར་ཡེས་ར་ཨེལ་ཞེས་འདོགས་པར༌གྱིས། ཅིའི་ཕྱིར་ཞེ༌ན། ཁྱོད་ནི་དཀོན་མཆོག་དང་མིའི་རིགས་ལ་འགྲན་ཏེ་རྣམ་པར་རྒྱལ་བའི་ཕྱིར་ཡིན་ཞེས་སྨྲས༌སོ།།
సరిపోల్చండి
བཀོད་པ། 32:28 ని అన్వేషించండి
2
བཀོད་པ། 32:26
དེ་ནས་མི་དེ་ན༌རེ། ད་ནི་ནམ་ལངས་སོང་བས་ང་རང་འགྲོ་རུ་ཆུག་ཅེས་སྨྲས་པ༌དང༌། ཡ་ཀོབ་ན༌རེ། ཁྱེད་ཀྱིས་བདག་ལ་བྱིན་རླབས་གནང་བ་མིན༌ན། བདག་གིས་ཁྱེད་འགྲོ་རུ་མི་འཇུག་ཅེས་སྨྲས༌སོ།།
བཀོད་པ། 32:26 ని అన్వేషించండి
3
བཀོད་པ། 32:24
ཡ་ཀོབ་ཁོ་ན་ཤུལ་དུ་ལུས་ཤིང་མི་ཞིག་ཡོང་སྟེ་ནམ་ལངས་པའི་བར་དུ་ཁོ་དང་འཇུ་རེས༌བྱས།
བཀོད་པ། 32:24 ని అన్వేషించండి
4
བཀོད་པ། 32:30
དེ་ནས་ཡ་ཀོབ་ཀྱིས་ས་ཆ་དེའི་མིང་ལ་ཕཱ་ནེ་ཨེལ་ཞེས་བཏགས༌སོ། །ཅིའི་ཕྱིར་ཞེ༌ན། ངས་ཁ་རི་ཁ་ཐུག་ཏུ་དཀོན་མཆོག་མཇལ༌ནའང༌། ཁོང་གིས་བདག་གི་ཚེ་སྲོག་བསྐྱབས་པ་ཡིན་ཞེས་སྨྲས་པའི་ཕྱིར༌རོ།།
བཀོད་པ། 32:30 ని అన్వేషించండి
5
བཀོད་པ། 32:25
མི་དེས་ཡ་ཀོབ་ལས་རྒྱལ་མི་ཐུབ་པ་ཤེས་ཏེ་ཡ་ཀོབ་ཀྱི་དཔྱི་མིག་ལ་རེག་པ༌ན། ཡ་ཀོབ་ཀྱི་དཔྱི་མགོ་ནི་འཇུ་རེས་བྱེད་སྐབས་ཚིགས་འཁྲོག་པ༌རེད།
བཀོད་པ། 32:25 ని అన్వేషించండి
6
བཀོད་པ། 32:27
དེར་མི་དེ་ན༌རེ། ཁྱོད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ༌དང༌། ཡ་ཀོབ་ན༌རེ། བདག་གི་མིང་ལ་ཡ་ཀོབ་ཟེར་ཞེས་ལན༌བཏབ།
བཀོད་པ། 32:27 ని అన్వేషించండి
7
བཀོད་པ། 32:29
ཡ་ཀོབ་ཀྱིས་མི་དེ་ལ་ཁྱེད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས་པ༌དང༌། མི་དེ་ན༌རེ། བདག་གི་མིང་འདྲི་བའི་རྒྱུ་མཚན་ཅི་ཞེས་སྨྲས་པ་དང་ཡ་ཀོབ་ལ་བྱིན་རླབས་གནང༌ངོ༌།།
བཀོད་པ། 32:29 ని అన్వేషించండి
8
བཀོད་པ། 32:10
ཁྱེད་ཀྱིས་ཞབས་ཕྱི་པ་བདག་ལ་གནང་བའི་བྱམས་སྙིང་རྗེ་དང་དྲང་བདེན་ཐམས་ཅད་ནི་བདག་ལ་མི་འོས༌སོ། །སྔོན་ཆད་བདག་གིས་མཁར་བ་བཟུང་ནས་ཡོར་དན་གཙང་པོ་འདི་ལས་བརྒལ་བ༌དང༌། ད་ལྟ་བདག་ནི་སྡེ་ཚན་ཆེན་པོ་གཉིས་སུ་གྱུར༌ཡོད།
བཀོད་པ། 32:10 ని అన్వేషించండి
9
བཀོད་པ། 32:32
དེའི༌ཕྱིར། ཡེས་ར་ཨེལ་པ་རྣམས་ཀྱིས་ད་ལྟའི་བར་དུ་ཕྱུགས་ཟོག་གི་དཔྱི་མགོའི་རྩ་རྒྱུས་མི༌ཟའོ། །ཅིའི་ཕྱིར་ཞེ༌ན། མི་དེས་ཡ་ཀོབ་ཀྱི་དཔྱི་མགོའི་རྩ་རྒྱུས་ལ་རེག་པའི་ཕྱིར༌རོ།།
བཀོད་པ། 32:32 ని అన్వేషించండి
10
བཀོད་པ། 32:9
ཡ་ཀོབ་ན༌རེ། ཀྱེ། དཀོན་མཆོག་ཡ༌ཝཱེ། བདག་གི་མེས་པོ་ཨབ་ར་ཧམ་དང་ཡབ་ཨི་སཱག་གི་དཀོན་མཆོག༌ལགས། ཁྱེད་ཀྱིས་དེ་སྔར་བདག་ལ་ཁྱོད་ནི་རང་གི་ཕ་ཡུལ་དང་གཉེན་ཉེ་རྣམས་ཀྱི་གམ་དུ་སོང༌ཞིག བདག་གིས་ཁྱོད་ལ་སྐྱབས་མཛད་ངེས་ཡིན་ཞེས་གསུངས་པ་མ་ཡིན༌ནམ།
བཀོད་པ། 32:9 ని అన్వేషించండి
11
བཀོད་པ། 32:11
ཁྱེད་ཀྱིས་ང་རང་བདག་གི་གཅེན་པོ་ཨེ་སཱབ་ལས་སྐྱོབ་པར༌མཛོད། ཅིའི་ཕྱིར་ཞེ༌ན། གཅེན་པོས་བདག་དང་བདག་གི་ཆུང་མ་བུ་ཕྲུག་བཅས་མཉམ་དུ་གསོད་པར་འཇིགས་པའི་ཕྱིར༌རོ།།
བཀོད་པ། 32:11 ని అన్వేషించండి