རོ་མཱ་པ། 9
9
ལེའུ་དགུ་པ།
ཡི་སི་ར་ཨེལ་པའི་ཆེད་དུ་ཕོལ་ལོལ་གྱིས་དཀའ་ངལ་མྱངས་པ།
1ངས་སྐྱབས་མགོན་ཡེ་ཤུའི་ནང་ལེ་བདེན་གཏམ་མ་གཏོགས་རྫུན་གཏམ་མི་ཟེར་འོད། ངའི་དྲང་སེམས་ཀྱིས་དམ་པའི་ཐུགས་ཉིད་ལེ་བརྟེན་ཏེ་ང་ལེ་བདེན་པའི་དཔང་པོ་བྱས་པི་དིག 2ངའི་སེམས་ལེ་དཀའ་ངལ་ཆེན་པོ་དིང་། རྒྱུན་ཆེད་མེད་སྡུག་བསྔལ་ཆེན་པོ་མྱོང་གྱོ་འོད་དིག 3ངའི་ཤ་རུས་གཅིག་པའི་སྤུན་ཟླ་དིང་། མི་རིགས་ཀྱ་ལེ་རོགས་ལམ་བགྱིད་རྒྱུ་ཆེད་དུ། ང་རང་སྐྱབས་མགོན་ཡེ་ཤུ་ནས་ཁ་བྲལ་རྒྱུའི་དམོད་མོ་དེ་ཕོག་པི་ཡིན་ནའང་འགྱོད་པ་མེད། 4མི་དེ་ཀྱ་ནི་ཡི་སི་ར་ཨེལ་གྱི་མི་རིགས་ཡིན་དི་མ་ཟད། དཀོན་མཆོག་གིས་ཁོང་ཀྱ་ནི་རང་གི་བུ་ཚབ་དིང་མོ་ཚབ་ལེ་བཟོས་གནང་སྟེ། ཁོང་ཀྱ་ལེ་གཟི་བརྗིད་དིང་། ཞལ་ཆད་འོད་དི་མ་ཟད། ཡང་ཁོང་ཀྱ་ལེ་ཆོས་ཁྲིམས་དིང་། མཆོད་ཁང་ཆེན་མོ་ལེ་ཞབས་ཏོག་བགྱིད་རྒྱུ་ཞལ་བཞེས་དེ་ཀྱ་གནང་པི་དིག 5ཡང་ཡི་སི་ར་ཨེལ་པ་དེ་ཀྱ་ལེ་རང་གི་མེས་མེས་ཨབ་ར་ཧམ་འོད་དིག ཁོང་ཀྱ་ཀྱི་བུ་རྒྱུད་ནས་སྐྱབས་མགོན་ཡེ་ཤུ་ཟང་བྱུང་པི་མ་ཟད། ཁོང་ནི་བླ་ན་མེད་པ་དིང་། དུས་རྟག་ཏུ་བརྩི་བཀུར་ཐོབ་འོས་པའི་དཀོན་མཆོག་ཡིན་དིག ཨ་མེན།
6ཡང་དཀོན་མཆོག་གིས་ཅི་ཞལ་གྱིས་བཞེས་པ་དེ་སྟོང་བ་ལེ་གྱུར་རི་མ་དིག ཅི་ལེ་ཟེར་ནི། ཡི་སི་ར་ཨེལ་གྱི་བུ་རྒྱུད་ནས་སྐྱེས་པ་དེ་ཡེ་རེ་ནི་དཀོན་མཆོག་གི་མི་མ་དིག 7ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་མཁན་ཡེ་རེ་ཟང་ཨབ་ར་ཧམ་གྱི་བུ་ཕྲུག་ཡིན་དི་དངོས་འཛིན་བྱས་མེད་དིག འོ་དེ་ལེ་བརྟེན་ཏེ། གསུང་རབ་ཀྱི་མདོ་ནང་ལེ་ཟང་། ཁྱེད་ཀྱི་བུ་ཕྲུག་གི་རྒྱུད་པ་ནི། ཨི་སཱག་གི་རྒྱུད་པ་ནས་ཡིན་དི་བརྩི་གནང་གྱི་དིག་ཟིན་གསུངས་འོད་དིག#9.7 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 21 ཨང་ 12 ནང་ལེ་གཟིགས་རོགས། 8འོ་དེ་ལེ་བརྟེན་ཏེ། ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་པ་དེ་ཡེ་རེ་ནི། དཀོན་མཆོག་གི་བུ་ཕྲུག་མ་དིག དཀོན་མཆོག་གི་ཞལ་ཆད་ཐོབ་པའི་བུ་རྒྱུད་ཀྱ་ནི། ཨབ་ར་ཧམ་གྱི་བུ་རྒྱུད་ཡིན་དི་བརྩིས་པི་དིག 9ཅི་ལེ་ཟེར་ནི། ཞལ་གྱིས་བཞེས་པའི་བཀའ་དེ་ནི། ལོ་རྗེས་མ་དུས་ཚོད་འདི་ལེ། ང་ཡང་དང་འོང་གྱི་ཡིན། དེ་རྒྱ་སཱ་ར་ལེ་བི་ས་ཞིག་སྐྱེ་གྱི་དིག་ཟིན་གསུངས་པི་དིག#9.9 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 18 ཨང་ 10-14 ནང་ལེ་གཟིགས་རོགས། 10དེ་མ་ཟད། རིབ་ཀཱ་ལེ་སྐྱེས་པའི་མཚེ་ཕྲུག་དེ་གཉིས་ཀྱི་ཨ་ཀྱི་དེ་ནི། འུ་ཀྱ་ཀྱི་མེས་མེས་ཨི་སཱག་ཁོང་རང་ཡིན་དིག 11དེ་རྒྱ་མཚེ་ཕྲུག་དེ་གཉིས་མ་སྐྱེས་འོད་དི་དིང་། ཡང་ཁོང་ཀྱ་ཀྱིས་བཟང་ངན་གྱི་ལས་ཅི་གང་མ་བྱས་པའི་སྔོན་ལེ། དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ་བདམས་པ་དེ། སྒྲུབ་མཛད་རྒྱུ་ཆེད་དུ་ཡིན་ཕེན། མིའི་བྱ་སྤྱོད་ལེ་མ་བརྟེན་ཏེ། དཀོན་མཆོག་གི་ཐུགས་དགོངས་ཅོག་འདྲ། འདམས་གནང་པི་དེ་སྒྲུབ་རྒྱུ་ཆེད་དུ་ཡིན་དིག 12དཀོན་མཆོག་གིས་རིབ་ཀཱ་ལེ། བི་ས་ཆེ་བ་དེས་བི་ས་ཆུང་བ་ལེ་ཞབས་ཕྱི་བརྒྱུག་གྱི་དིག་ཟིན་གསུངས་འོད་དིག#9.12 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 25 ཨང་ 23 ནང་ལེ་གཟིགས་རོགས། 13ཡང་གསུང་རབ་ཀྱི་མདོ་ནང་ལེ་ཟང་། ཡ་ཀོབ་ལེ་ངས་བརྩེ་བ་བྱས་པི་ཡིན། ཡང་ཨེ་སཱབ་ལེ་དགྲ་སྡང་པོ་བྱས་པི་ཡིན་ཟིན་བྲིས་འོད་དིག#9.13 ཚིགས་བཅད་འདི་ནི་ལུང་སྟོན་པ་མཱ་ལ་ཀི་ཡིས་བྲིས་མདོ་ལེའུ་ 1 ཨང་ 2-3 ནང་ལེ་གཟིགས་རོགས། 14འོ་ནེ། ད་འུ་ཀྱ་ཀྱིས་ཅི་ཟེར་རྒྱུ། དཀོན་མཆོག་དྲང་པོ་མ་དིག་ཟེར་རྒྱུ། དེ་རྩ་བ་ནས་མ་དིག 15ཅི་ལེ་ཟེར་ནི། དཀོ་ནཆོག་གིས་མོ་ཤེ་ལེ།
ངས་མི་སུ་ལེ་སྙིང་རྗེ་བགྱིད་འདོད་ནི། །
དེ་ལེ་ངས་སྙིང་རྗེ་བགྱིད་ཀྱི་ཡིན། །
མི་སུ་ལེ་ངས་བྱམས་པ་བགྱིད་འདོད་ནི། །
མི་དེ་ལེ་ངས་བྱམས་པ་བགྱིད་ཀྱི་ཡིན། །
ཟིན་གསུངས་འོད་དིག#9.15 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པའི་ལེའུ་ 33 ཨང་ 19 ནང་ལེ་གཟིགས་རོགས། 16འོ་དེ་ལེ་བརྟེན་ཏེ། དོན་དེ་ནི་བྱམས་སྙིང་ཅན་གྱི་དཀོན་མཆོག་ལེ་བརྟེན་འོད་དི་མ་གཏོགས་ཞིག་ལེ། མིའི་བྱ་སྤྱོད་དིང་འདོད་པ་ལེ་བརྟེན་ཏེ་བྱུང་པི་མ་དིག 17ཡང་གསུང་རབ་ཀྱི་མདོ་ནང་ལེ་ཟང་། ཨེ་ཇེབ་ལུང་པའི་རྒྱལ་པོ་ཕཱར་ཨོལ་ལེ། ཁྱེད་ཀྱི་བརྒྱུད་ནས་ངའི་ནུས་མཐུ་སྟོན་རྒྱུ་དིང་། ངའི་མིང་འཛམ་བུ་གླིང་ཀུན་ལེ་ཤོད་རྒྱུ་དོན་ལེ། ངས་ཁྱེད་རང་བསྐོས་པི་ཡིན་ཟིན་གསུངས་འོད་དིག#9.17 ཚིགས་བཅད་འདི་ནི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་ཐེགས་པ་ལེའུ་ 9 ཨང་ 16 ནང་ལེ་གཟིགས་རོགས། 18འོ་དེ་ལེ་བརྟེན་ཏེ། དཀོན་མཆོག་གིས་རང་གི་ཐུགས་དགོངས་ཅོག་འདྲ། མི་སུ་ཞིག་ལེ་ཐུགས་རྗེ་གནང་འདོད་འོད་ནི། མི་དེ་ལེ་ཐུགས་རྗེ་གནང་གྱི་དིག ཡང་མི་སུ་ཞིག་ལེ་སེམས་གྱོང་པོ་བཟོས་འདོད་འོད་ནི། མི་དེའི་སེམས་གྱོང་པོ་བཟོ་གནང་གྱི་དིག
དཀོན་མཆོག་གི་ཐུགས་ཁྲོ་དིང་བྱམས་སྙིང་རྗེའི་སྐོར།
19འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་ང་ལེ་དཀོན་མཆོག་གིས་ཅིའི་ཆེད་དུ། ད་རུང་མི་ལེ་སྐྱོན་འདོགས་གནང་ནུས་མཁན་དིང་། ཁོང་གི་ཐུགས་དགོངས་ལེ་ངོ་ལོག་བགྱིད་ནུས་མཁན་མི་སུ་འོད་དི་གོ་ཟིན་ཟེར་གྱི་དིག 20ཡིན་ནའང་། དཀོན་མཆོག་ལེ་ཁ་ལན་སློག་མཁན་ཁྱོད་སུ་ཡིན་དོ། དཔེར་ན། བཀོད་པའི་དངོས་པོ་དེ་ཀྱ་ཀྱིས་བཀོད་མཁན་ཁོང་ལེ། ཁྱེད་ཀྱིས་ཅིའི་ཆེད་དུ་ང་རང་འདི་ཅོག་འདྲ་བཟོས་པི་ཡིན་དོ་ཟིན་འོད་དི་གས།#9.20 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 29 ཨང་ 16 དིང༌། ལེའུ་ 45 ཨང་ 9 ནང་ལེ་གཟིགས་རོགས། 21ཡང་ནི། རྫ་སྣོད་བཟོ་མཁན་གྱིས་འདམ་བག་གཅིག་ནས་རྫ་སྣོད་གཅིག་དམིགས་བསལ་གྱི་དོན་ལེ་བེད་སྤྱོད་བགྱིད་རྒྱུ་དིང་། གཅིག་དམིགས་བསལ་མེད་དི་ནམ་རྒྱུན་བདེ་སྤྱོད་བགྱིད་རྒྱུ་དབང་ཆ་མེད་དི་གས། 22འོ་དེ་ཅོག་དྲ། དཀོན་མཆོག་གིས་རང་གི་ཐུགས་ཁྲོ་བ་དིང་། ནུས་མཐུ་སྟོན་མཛད་རྒྱུ་དབང་ཆ་འོད་ནའང་། ཐུགས་ཁྲོ་འོས་པ་དིང་རྩ་མེད་འགྲོ་རྒྱུ་མི་དེ་ཀྱ་ལེ། ཁོང་གིས་ངང་རྒྱུད་རིང་པོའི་ངང་ནས་བཟོད་སྒོམ་ཆེན་པོ་གནང་པི་དིང་། 23ཡང་ཁོང་གིས་ཕུན་སུམ་ཚོགས་པའི་གཟི་བརྗིད་དེ་ནི། ཐུགས་རྗེ་ཐོབ་པའི་མི་ཀྱ་ཀྱི་བརྒྱུད་ནས་སྟོན་རྒྱུ་ཆེད་དུ། ཁོང་གིས་སྔར་མོ་ནས་མི་དེ་ཀྱ་གཟི་བརྗིད་འགྱུར་བའི་ཆེད་དུ་གྲ་སྒྲིག་གནང་པི་དིག 24ཡང་ཁོང་གིས་ཡ་ཧུ་དཱ་པ་ཀྱ་མ་ཟད། ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་རིགས་ཀྱ་ནང་ནས་འུ་ཀྱ་ལེ་བདམས་ཏེ་ཞལ་འབོད་གནང་པི་མ་གས། 25ཡང་དཀོན་མཆོག་གིས་ཧོ་ཤེ་ཨའི་མདོ་ནང་ལེ།
ངའི་མིན་པའི་མི་རིགས་ཀྱ་ནི། །
ངའི་མི་རིགས་ཡིན་ཟིན་འབོད། །
བྱམས་བརྩེ་ནས་བྲལ་ལི་མི་རིགས། །
བྱམས་བརྩེའི་མི་རིགས་ཟིན་འབོད། །
ཟིན་གསུངས་འོད་དིག#9.25 ཚིགས་བཅད་འདི་ནི་ལུང་སྟོན་པ་ཧོ་ཤེ་ཨས་བྲིས་པའི་མདོ་ལེའུ་ 2 ཨང་ 23 ནང་ལེ་གཟིགས་རོགས། 26ཡང་།
ཁྱེད་ཀྱ་ནི་ངའི་མི་རིགས་མ་དིག་ཟིན་ཟེར་ས་ནས། །
གཏན་དུ་གནས་པའི་དཀོན་མཆོག་གི་སྲས་དིང་སྲས་མོ་ཟིན་འབོད། །
ཟིན་གསུངས་འོད་དིག#9.26 ཚིགས་བཅད་འདི་ནི་ལུང་སྟོན་པ་ཧོ་ཤེ་ཨས་བྲིས་པའི་མདོ་ལེའུ་ 1 ཨང་10 ནང་ལེ་གཟིགས་རོགས། 27དེ་ནས་ཡང་ཡེ་ཤ་ཡཱས་སྐད་ཆེན་པོས་ངང་ནས་ཡི་སི་ར་ཨེལ་གྱི་མི་ཀྱ་ཀྱི་སྐོར་ལེ།
ཁྱེད་ཡི་སི་ར་ཨེལ་གྱི་བུ་རྒྱུད་ཀྱ་ནི། །
མཚོ་འགྲམ་གྱི་བྱེ་མ་ཅོག་འདྲ་མང་ནའང་། །
ལྷག་མ་ལུས་པ་ཀྱ་པ་རྐྱང་ལེ་ཐར་བ་ཐོབ། །
28འཇིག་རྟེན་འདི་ལེ་ཇོ་བོ་དཀོན་མཆོག་གིས། །
ཁྲིམས་གཅོད་མ་འགྱངས་ཏེ་ཡེ་རེ་མཛད་རྒྱུ་ཆེད་དུ་ཡིན། །
ཟིན་གསུངས་འོད་དིག#9.28 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 10 ཨང་ 22-23 ནང་ལེ་གཟིགས་རོགས། 29ཡང་ལུང་སྟོན་པ་ཡེ་ཤ་ཡཱས་ལུང་བསྟན་པི་ཅོག་འདྲ།
ནུས་མཐུ་ཀུན་འོད་ཡོད་ཇོ་བོ་དཀོན་མཆོག་གིས། །
འུ་ཀྱ་ཀྱི་བུ་རྒྱུད་རྩ་མེད་བཟོས་གནང་པི་ཡིན་ནི། །
འུ་ཀྱ་སཱ་དོམ་དིང་གཱ་མོ་ར་ཅོག་འདྲ་འོང་གྱི་དིག །
ཟིན་གསུངས་འོད་དིག#9.29 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 1 ཨང་ 9 ནང་ལེ་གཟིགས་རོགས། སཱ་དོམ་དིང་གཱ་མོ་ར་དོན་དེ་ནི། གནའ་སྔ་མོའི་རྒྱལ་ས་གཉིས་ཀྱི་མིང་ཞིག་ཡིན་དིག རྒྱལ་ས་དེ་གཉིས་ཀྱི་མི་ཀྱ་ཀྱིས་སྡིག་པ་མང་པོ་བྱས་པའི་རྐྱེན་གྱིས་དཀོན་མཆོག་གིས་རྒྱལ་ས་དེ་གཉིས་རྩ་མེད་བཏང་པི་དིག ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་དང་པོ་བཀོད་པ་ལེའུ་ 19 ནང་ལེ་གཟིགས་རོགས།
ཡི་སི་ར་ཨེལ་པ་ཀྱ་དད་པ་མེད་དི་སྐོར།
30འོ་ནེ། ད་འུ་ཀྱ་ཀྱིས་ཅི་ཟེར་རྒྱུ། ཡ་ཧུ་དཱ་པ་མིན་པའི་ཕྱིའི་མི་ཀྱ་ཀྱིས་དྲང་བདེན་ལེ་རྩ་བ་ནས་བརྩོན་འགྲུས་མ་བྱས་ནའང་། དད་པའི་བརྒྱུད་ནས་བྱུང་བའི་དྲང་བདེན་དེ་ཐོབ་པི་དིག 31ཡི་སི་ར་ཨེལ་གྱི་མི་རིགས་ཀྱ་ཀྱིས་ཆོས་ཁྲིམས་ཀྱི་དྲང་བདེན་དེ་ལེ་བརྩོན་འགྲུས་བྱས་ནའང་། དྲང་བདེན་དེ་མ་བསྒྲུབས་པི་དིག 32ཅི་ལེ་ཟེར་ནི། མི་དེ་ཀྱ་ཀྱིས་དད་པ་ལེ་མ་བརྟེན་ཏེ། དགེ་བའི་ལས་ལེ་བརྟེན་རྒྱུ་ཆེད་དུ། དེ་ལེ་བརྩོན་འགྲུས་བགྱིད་འོད་དིག ད་ཆོས་ཁྲིམས་དེ་ནི་མི་ཀྱ་ཀྱི་ཆེད་དུ་འགག་རྡོ་ཞིག་དིང་ཅོག་འདྲ་ཡིན་དིག 33ཡང་གསུང་རབ་ཀྱི་མདོ་ནང་ལེ་ཟང་།
ལྟོས་དང་། ཛ་ཡོན་ཡུལ་ལེ། །
རྐང་པ་ཐོགས་ཏེ་འགྱེལ་ཆེད་དུ། །
ངས་འགག་རྡོ་ཞིག་བོར་འོད། །
མི་སུས་ཁོང་ལེ་དད་པ་བྱས་ནི། །
མི་དེས་ངོ་ཚ་དགོས་མེད་དིག །
ཟིན་བྲིས་འོད་དིག །#9.33 ཚིགས་བཅད་འདི་ནི་ལུང་སྟོན་པ་ཡེ་ཤ་ཡཱས་བྲིས་པའི་མདོ་ལེའུ་ 8 ཨང་ 14 དིང༌། ལེའུ་ 28 ཨང་ 16 ནང་ལེ་གཟིགས་རོགས། ཛ་ཡོན་ཟེར་རི་དོན་དེ་ནི། ཡི་སི་ར་ཨེལ་གྱི་རྒྱལ་ས་ཡེ་རུ་ས་གླིང་ལེ་ཟེར་རི་དིག
נבחרו כעת:
རོ་མཱ་པ། 9: DLPO
הדגשה
העתק
השווה
שתפו
רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו
© 2023 Wycliffe Bible Translators, Inc. All rights reserved.