མཛད་པ། 20

20
ལེའུ་ཉི་ཤུ།
ཕོལ་ལོལ་​གྱིས་​མཱ་ཀེ་དོན་ཡཱ་​དིང་​གེ་རིག་​ལུང་པའི་​བརྒྱུད་​ནས་ཆོས་​སྤེལ་པ།
1དེ་ནས་​ཡང་​ཟིང་ཆ་དེ་​ཞི་མཇམ་པའི་​རྗེས་​ལེ། ཕོལ་ལོལ་​གྱིས་སློབ་མ་​ཀྱ་​ཤོག་​སྨྲས་​ཏེ། ཁོང་​ཀྱ་​ལེ་​བསྐུལ་​མ་བཏང་བའི་རྗེས་ལེ། ཁོང་རང་​སློབ་མ་ཀྱ་​དིང་​ཁ་​གྱེས་​ཏེ་​མ་ཀེ་དོན་ཡཱ་​ལུང་པ་​ལེ་​བུད་​དི་དིག 2ཁོ་རང་​ལུང་པ་​དེ་​ཀྱ་​བརྒྱུད་​ནས་​དད་པ་​བགྱིད་​མཁན་​ཀྱ་​ལེ། དད་པ་​བརྟན་པོ་​བགྱིད་​དགོས་པའི་སྐོར་​ལེ་བསྐུལ་མ་མང་པོ་​བཏང་བའི་རྗེས་​ལེ། ཁོ་རང་​གེ་རིག་​ལུང་པ་​ལེ་​བུད་​དི་དིག 3གེ་རིག་ལུང་པ་རུ་​ཟླ་བ་​གསུམ་​བསྡད་​དི་​རྗེས་​ལེ། གྲུ་གཟིངས་​ལེ་​བཞོན་​ཏེ་​སི་རི་ཡཱ་​ལུང་པ་​ལེ་​འགྲོ་​དགོས་བསམས་པི་དིག ཡིན་ནའང་། ཡ་ཧུ་དཱ་པ་​ཀྱ་​ཀྱིས་​ཕོལ་ལོལ་གསོད་རྒྱུ་ཇུས་ངན་​བྱས་པི་​དིག དེ་ནས་ཀ་ཕོལ་ལོལ་​གྱིས་​གནས་ཚུལ་​དེ་​ཧ་གོ་​ཕེན། ཕར་རང་འཇགས་ལོག་སྟེ་མ་ཀེ་དོན་ཡཱ་ལུང་པའི་​བརྒྱུད་​ནས་​བྱས་ཏེ་​སི་རི་ཡཱ་​ལུང་པ་​ལེ་​འགྲོ་​རྒྱུ་​ཐག་གཅོད་བྱས་པི་དིག 4ཁོ་​དིང་​སྐྱེན་​ལེ་​འགྲོ་​མཁན་​མི་དེ་ཀྱ་​ནི། པུ་རེ་ཡཱ་​རྒྱལ་ས་ནས་ཡིན་དི་ཕོར་རོ་​ཟེར་མཁན་​གྱི་​བི་ས་​སའོ་པ་ཏེར་​ཟེར་མཁན་​དིང་​། ཐེ་ས་ལོ་ནི་ཀེ་​རྒྱལ་ས་ལེ་སྡོད་མཁན་ཨ་རི་སྟར་ཀུ། སེ་ཀིན་ཏི། གཞན་​ཡང་​ཌེར་སྦེ་​རྒྱལ་ས་ལེ་སྡོད་མཁན་ག་ཡུ་​དིང་​། ཐི་མོ་ཐེ། ཨེ་ཞེ་ཡཱ་​ལུང་པ་ལེ་སྡོད་མཁན་​ཐི་ཀེ་ཀུ། ཏྲོ་ཕེ་མུ་​ཟེར་མཁན་​མི་དེ་ཀྱ་​ཡིན་དིག 5མི་དེ་​ཀྱ་​ནི་ཉེད་ཀྱ་ཀྱི་སྔོན་​ལེ་​ཕྱིན་ཏེ། ཏྲོ་ཡཱ་​རྒྱལ་ས་​ལེ་​ཉེད་​ཀྱ་​ལེ་བ​སྒུགས་​པི་​དིག 6ཡང་སྐྱུར་རྩི་​མེད་​མེད་སྒོར་ཕྱེའི་​དུས་ཆེན་​དེ་མཇུག་​རྫོགས་པའི་​རྗེས་ལེ། ཉེད་​ཀྱ་​ཕི་ལིབ་པི་​ཟེར་​རི་​རྒྱལ་ས་​ནས་​གྲུ་​གཟིངས་ལེ་བཞོན་​ཏེ་​ཉིན་མ་​ལྔ་​བུད་​དི་​རྗེས་ལེ། ཏྲོ་ཡཱ་​རྒྱལ་ས་​ལེ་​སླེབས་​ཏེ་ཁོང་​ཀྱ་​ཐུག་​ཕེན། ཉེད་ཀྱ་དེ་རུ་ཉིན་མ་​བདུན་​སྐྱེན་​ལེ་​བསྡད་​དི་​ཡིན།
ཕོལ་ལོལ་​གྱིས་​ཏྲོ་ཡཱ་​རྒྱལ་ས་​ལེ་​ཤི་​ཚར་​རི་མི་​ཞིག་​ཡང་དང་​གསོན་དུ་བཅུག་པ།
7ཡང་བདུན་ཕྲག་​གི་ཉིན་​མ་དང་པོ་​ལེ་ཇོ་བོའི་​དྲན་གསོའི་སྒོར་ཕྱེ་​བགོས་​ཏེ་ཟ་​རྒྱུ་​ཆེད་དུ་​འཛོམས་​རྒྱ། ཕོལ་ལོལ་​གྱིས་​མི་​དེ་​ཀྱ་​ལེ་​ནམ་ཕྱེད་​བར་དུ་​ཆོས་བཤད་དི​་​དིག ཅི་​ལེ་ཟེར་​ནི། སྔ་དྲོ་​ཁོང་རང་ཡུལ་གཞན་​ལེ་​འགྲོ་​དགོས་​འོད་དིག 8ཉེད་​ཀྱ་​འཛོམས་སའི་​ཐོག་ཁང་​དེའི་​ནང་​ལེ་​མཆོད་མེ་​མང་པོ་​སྤར་​འོད་དིག 9དེ་རྒྱ་​མིང་​ལེ་​ཡུ་ཏི་ཀུ་​ཟེར་མཁན་​གཞོན་ནུ་​ཞིག་​འོད་དིག ཁོ་ནི་སྒེའུ་ཁུང་ལྟག་ག་ལེ་བསྡད་​འོད་དིག ཕོལ་ལོལ་​གྱིས་​ཡུན་རིང་པོ་​ཆོས་བཤད་ཕེན། གཞོན་ནུ་​ཁོ་​གཉིད་​ཤོར་ཏེ་​གསུམ་​ཐོག་​ནས་མར་ས་​ལེ་​འཛར་​རི་​དིག དེ་ནས་​མི་​ཁ་ཤས་​མགྱོགས་པོ་​ཕྱིན་​ཏེ་​ཡར་​བསྐྱོར་ཏེ་​བལྟ་རྒྱ་ཁོ་​ཤི་​ཚར་​འོད་དིག 10ཡང་ཕོལ་ལོལ་གསུམ་ཐོག་​ནས་​མར་​འོངས་ཏེ། ཁོ་​ལེ་​བསྐྱོར་ཏེ་ཁྱེད་​ཀྱ་​དངངས་སྐྲག་​མ་​བགྱིད་​ཅིག ཁོ་​གསོན་འོང་​གྱི་​དིག་སྨྲས་པི་དིག 11ཡང་དང་​ཕོལ་ལོལ་ཐོག་ཁང་​ལེ་​ཕྱིན། མི་​གཞན་​མ་དིང་སྐྱེན་​ལེ་​ཇོ་བོའི་​དྲན་གསོའི་​སྒོར་ཕྱེ་​བགོས་​ཏེ་​སྐྱེན་ལེ་བཟའ་བཏུང་བྱས་པི་མ་ཟད། ཡང་ནམ་མ་ལངས་​བར་​དུ་​གཏམ་གླེང་​མང་པོ་​བྱས་པའི་​རྗེས་​ལེ། ཁོ་རང་​ཡུལ་​གཞན་​ལེ་​བུད་​དི་​དིག 12དེ་ནས་​མི་དེ་​ཀྱ་ཀྱིས་གཞོན་ནུ་​ཁོ་​ལེ་​སྐྱོན་ཅི་གང་​མེད་དི་མཐོང་པི་​མ་ཟད། མི་​ཀྱ་​ཀྱིས་​གཞོན་ནུ་དེ་ཁོ་རང་གི་ནང་ལེ་​བསྐྱལ་ལི་རྗེས་ལེ། མི་དེ་​ཀྱ་​ལེ་སེམས་གསོ་ཆེན་པོ་​ཐོབ་​པི་​དིག
13ཕོལ་ལོལ་གྱི་འཆར་གཞི་བཟོས་པི་ཅོག་འདྲ། ཉེད་ཀྱ་སྔོན་ལེ་ཕྱིན་ཏེ་ཨ་སཱོ་རྒྱལ་ས་ནས་གྲུ་གཟིངས་ལེ་བཞོན་ཏེ། རྒྱལ་ས་འདི་རུ་ཉེད་ཀྱ་ཀྱིས་ཕོལ་ལོལ་ཐུག་སྟེ། དེ་ནས་ནི་གྲུ་གཟིངས་གཞན་མ་ཞིག་ལེ་བཞོན་ཏེ་འགྲོ་དགོས་བསམས་བྱུང་། ཅི་ལེ་ཟེར་ནི། ཕོལ་ལོལ་ཁོ་རང་ཨ་སཱོ་རྒྱལ་ས་བར་དུ་རྐང་ཐང་ལེ་འགྲོ་རྒྱུ་བྱས་པི་དིག 14དེ་ནས་​ཨ་སཱོ་རྒྱལ་ས་ལེ་ཉེད་ཀྱ་ལེ་ཕོལ་ལོལ་ཐུག་​ཕེན། ཉེད་ཀྱ་ཕོལ་ལོལ་​དིང་སྐྱེན་ལེ་གྲུ་གཟིངས་​བཞོན་ཏེ། མུ་ཏི་ལེ་ནེ་​ཟེར་​རི་​རྒྱལ་ས་​ལེ་ཕྱིན་​དི་​ཡིན། 15དེ་ནས་ཉེད་ཀྱ་རྒྱལ་ས་​དེ་རུ་སླེབས་​ཕེན། དེའི་​སྔ་དྲོ་​ཉེད་​ཀྱ་​གྲུ་གཟིངས་​ལེ་​བཞོན་​ཏེ་​ཀེ་ཡོ་སི་​ཟེར་​རི་​གླིང་ཕྲན​་གྱི་ཕྱོགས་​ལེ་​ཕྱིན་​དི་ཡིན​། ཡང་​དེའི་​སྔ་དྲོ་​སཱ་མོ་སི་​ཟེར་​རི་​གླིང་ཕྲན་​གྱི་​ཕྱོགས་​ལེ་​ཕྱིན་དི་ཡིན། ཡང་​དེའི་​གནངས་​མི་ལཱེ་ཐེ་​ཟེར་​རི་​རྒྱལ་ས་​ལེ་སླེབས་​སོང་། 16ཅི་​ལེ་ཟེར་​ནི། ཨེ་ཞེ་ཡཱ་​ལུང་པ་​ལེ་​ཕོལ་ལོལ་ཡུན་​འགོར་​འོང་​བསམས་ཏེ། ཨེ་ཕེ་སི་རྒྱལ་ས་​ལེ་​མི་​འགྲོ་བ་ཐག་གཅོད་བྱས་པི་མ་ཟད། ཁོ་རང་གང་​མགྱོགས་ལྔ་བཅུའི་དུས་ཆེན་​གྱི་​ཉིན་མོ་དེ་ལེ། ཡེ་རུ་ས་གླིང་​རྒྱལ་ས་​ལེ་སླེབས་རོགས་​བྱས་​ནི་​བསམས་​པི་​དིག
ཕོལ་ལོལ་​གྱིས་​ཨེ་ཕེ་སི་​ཆོས་ཚོགས་​ཀྱི་​འགན་འཁུར་པ་​ཀྱ་ལེ་​སེམས་ཤུགས་​སྤར་བ།
17དེ་ནས་​ཕོལ་ལོལ་​གྱིས་​མི་ལཱེ་ཏེ་​རྒྱལ་ས་​ནས་​ཨེ་ཕེ་སི་​རྒྱལ་ས་​ལེ་​མི་​བརྫངས་​ཏེ། ཆོས་ཚོགས་​ཀྱི་འགན་འཁུར་པ་ཀྱ་​ཤོག་​ཟིན་ཁ་ལན་​བསྐུར་​པི་དིག 18-19དེ་ནས་མི་​དེ་​ཀྱ་​སླེབས་​ཏེ་ཕོལ་ལོལ་གྱིས་​ང་རང་​ཨེ་ཞེ་ཡཱ་​ལུང་པ་​ལེ་​འགྲོ་བའི་​ཉིན་མ་​དང་པོ་ནས་​ཕེན། ཁྱེད་​ཀྱ་​ཀྱིས་​ངའི་​སྤྱོད་ལམ་དེ་ནམ་རྒྱུན་​ཅི་གི་​ཡིན་​མིན་དེ་ནི། ཁྱེད་​ཀྱ་​ཀྱིས་​ཧ་​གོ་​གོ་​བར་ཡིན་དིག ངས་​མི་​ཀུན་​གྱི་འདོད་པ་འགེངས་པའི་ལས་ཀ་​བྱས་​ཏེ། ཇོ་བོ་​ཡེ་ཤུ་​ཞབས་ཕྱི་​བསྒྲུབས་​ནུས་པི་​བྱས་པི་མ་ཟད། ཡང་མིག་​ནས་​མཆི་མ་ཟང་​ཤོར་​མྱོང་​འོད། ཡ་ཧུ་དཱ་པའི་​མི་རིགས་​ཀྱི་​ཇུས་ངན་​བྱས་པའི་​རྐྱེན་​གྱི་​ང་​ལེ་​གནོད་འཚེ་​ཟང་​བྱུང་​མྱོང་འོད་དེ་ནི། 20ཁྱེད་​ཀྱ་​ཀྱིས་​ཧ་​གོ་​གོ་​བར་​ཡིན་དིག ངས་​ཁྱེད་​ཀྱ་​ལེ་​ཕན་པའི་​དོན་​ཅི་​གི་ཞིག་ཡིན་ནའང་། དེ་འཛེམ་པ་མེད་དི་ངང་ནས་​སྨྲས་​པི་མ་ཟད། མི་ཚོགས་​ཀྱི་​མདུན་དུ་ཡིན་ནའང་། ཡང་ནི། ཁྱིམ་ཚང་​ག་ན་ལེ་ཡིན་ནའང་​དེ་རུ་ཆོས་​བཤད་དི་ཡིན། 21ཡང་​ངས་ཡ་ཧུ་དཱ་པའི་མི་ཀྱ་དིང་གེ་རིག་གི་མི་ཀྱ་ལེ། སྤྱོད་པ་ངན་པ་དེ་སྤངས་ཏེ་དཀོན་མཆོག་​གི་​ཕྱོགས་​ལེ་​སེམས་ཁུགས་​ཏེ་འགྱོད་བཤག་བགྱིད་དགོས་​འོད་​དི་མ་ཟད། འུའི་ཇོ་བོ་​ཡེ་ཤུ་​ལེ་​དད་པ་​བགྱིད་​དགོས་​འོད་​དིག་ཟིན་ནན་གྱིས་བསྐུལ་མ་བཏང་པི་ཡིན། 22ད་ལྟ་​དམ་པའི་ཐུགས་ཉིད་​ཀྱིས་ང་ལེ་​བསྐུལ་གནང་སྟེ་ཡེ་རུ་ས་གླིང་​རྒྱལ་ས་​ལེ་​འགྲོ་​འོད​། ཡིན་ནའང་​། ས་ཆ་​དེ་​རུ་​ང་ལེ་​ཅི་​ཞིག་​འབྱུང་མི་​འབྱུང་སྐོར་ལེ་ངས་མི་ཤེས་འོད​། 23དམ་པའི་ཐུགས་ཉིད་​ཀྱིས་​ང་བཙོན་ལེ་འགྲོ་དགོས་པི་དིང་། ཡང་རྒྱལ་ས་​གཅིག་ནས་གཅིག་གི་བར་དུ། ང་​ལེ་​དཀའ་སྡུག་​སྣ་ཚོགས་​མྱོང་དགོས་​འོང་གྱི་དིག་ཟིན་ང་ལེ་བདེན་དཔང་བྱས་པི་དེ་ནི་​ངས་​གསལ་པོ་​ཧ་གོ་​འོད། 24ཡིན་ནའང་། ངས་རང་གི་​སྲོག་​འདི་རིན་ཐང་​ཆེན་པོ་​ཡིན་​དི་​མ་​བརྩིས་ཏེ་རང་​གི་​འགྲོ་​ལམ་​མཇུག་​མ་​རྫོགས་​བར་​དུ་​འགྲོ་​དགོས་​འོད་​དི་​དིང་​། ཡང་ཇོ་བོ་​ཡེ་ཤུས་ང་​ལེ་​གནང་བའི་​དཀོན་མཆོག་​གི་​ཐུགས་རྗེ་གཟིགས་སྐྱོང་གི་​གཏམ་བཟང་གི་​ཞབས་ཏོག་ལས་འགན་དེ་བསྒྲུབས་པི་བྱས་པི་​ཡིན། 25ལྟོས་​དང་​། ངས་རྒྱུན་​དུ་​ཁྱེད་​ཀྱ་ཀྱི་​སྐྱེན་​ལེ་​ཕར་​འགྲོ་​ཚུར་​འགྲོ་​བྱས་​ཏེ། དཀོན་མཆོག་​གི་​རྒྱལ་ཁབ་​སྐོར་​གྱི་གཏམ་བཟང་བཤད་​མྱོང་​འོད​། ཡིན་ནའང་། ངས་ཧ་གོ་འོད། དུས་ད་ནས་ཕྱིན་ཆད་ཁྱེད་​ཀྱ་ཀྱིས་​ངའི་ངོ་གདོང་ཡང་དང་མཐོང་གྱི་མ་དིག 26འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱི་ནང་ནས་མི་སུ་ཞིག་ཇོ་བོ་ཡེ་ཤུ་ལེ་དད་པ་མ་བྱས་ཏེ་ཤི་ནི། དེའི་འགན་དེ་ང་ལེ་མེད་དི་​སྐོར་ལེ། ད་རིང་ངས་ཁྱེད་​ཀྱ་ལེ་​དཔང་པོ་​བགྱིད་ཀྱི་འོད། 27ཅི་ལེ་ཟེར་ནི། ངས་​ཁྱེད་​ཀྱ་​ལེ་དཀོན་མཆོག་​གི་​དགོངས་པ་​ཡེ་རེ་​འཛེམ་པ་​མེད་​དི་ངང་​ནས་​བཤད་དི་​ཡིན། 28དམ་པའི་ཐུགས་ཉིད་​ཀྱིས་ཁྱེད་​ཀྱ་​ནི། ཆོས་ཚོགས་ཀྱི་དོན་ལེ་བསྐོས་གནང་ཕེན། ད་ཁྱེད་ཀྱ་ཀྱིས་རང་གི་དོན་ལེ་དིང་། ཡང་ཆོས་ཚོགས་ཀྱི་མི་ཡེ་རེ་ལེ་བདག་སྐྱོང་བགྱིད་རྒྱུ་ཆེད་དུ་ཡིན་དིག ཆོས་ཚོགས་དེ་ནི་དཀོན་མཆོག་གིས་​རང་གི་སྲས་ཀྱི་སྐུ་ཁྲག་བླུ་རིན་གྱིས་ཉོས་པའི་ཆོས་ཚོགས་ཀྱ་ཡིན་ཕེན། ཁྱེད་ཀྱ་ཀྱིས་ལུག་རྫི་བཟང་པོ་ཅོག་འདྲ་བྱས་ཏེ་བདག་སྐྱོང་བགྱིད་རྒྱུ་ཆེད་དུ་ཡིན་དིག 29ཡང་​ང་​ཕ་ལེ་བུད་​དེའི་​རྗེས་​ལེ། གདུག་རྩུབ་​ཅན་གྱི་སྤྱང་རྐུ་ཅོག་འདྲ་​ཡིན་མཁན་མི་དེ་ཀྱ་ནི། ལུག་ཁྱུ་ཡིན་དི་ཅོག་འདྲ་བྱས་ཏེ། ཁྱེད་​ཀྱ་​ཀྱི་​སྲང་ལེ་​འཛུལ་​འོང་སྟེ། དད་པ་བགྱིད་མཁན་ལེ་གནོད་འཚེ་བགྱིད་རྒྱུ་ཡིན་དི་ངས་ཧ་གོ་འོད། 30ཁྱེད་​ཀྱ་​ཀྱི་ཚོགས་པའི་ནང་​ནས་ཟང་​མི་​ཁ་ཤས་ཀྱིས་དད་པ་བགྱིད་མཁན་ཀྱ་རང་གི་སློབ་མ་བཟོ་རྒྱུ་ཆེད་དུ། བསླབ་བྱ་རྫུན་མ་སྟོན་རྒྱུ་ཡིན་དི་ངས་ཧ་གོ་འོད། 31འོ་དེ་ལེ་བརྟེན་ཏེ། ཁྱེད་ཀྱ་ཀྱིས་དོགས་ཟོན་གྱིས་ཤིག ལོ་​གསུམ་རིང་​ལེ་​ངས་ཉིན་​མཚན་​མེད་མཆི་མ་​ནར་ནར་​ངང་​ནས་​མི་རེ་རེ་ལེ་ཁ་ཏ་བྱས་པའི་དེའི་སྐོར་ལེ་དྲན་པ་བརྗེད་དུ་མ་བཅུག་སྟེ་ཡིད་ལེ་བོར་ཞིག 32ད་​ངས་​དཀོན་མཆོག་དིང་ཁོང་གི་ཐུགས་རྗེ་གཟིགས་སྐྱོང་གི་བཀའ་དེ་ཁྱེད་ཀྱ་བཅོལ་གྱི་ཡིན། བཀའ་དེས་​ཁྱེད་​ཀྱ་​ཀྱི་དད་པ་​བརྟན་པོར་​བཟོ་ནུས་​པི་​མ་ཟད​། དམ་པ་​འགྱུར་རི་མི་ཡེ་རེ་དིང་སྐྱེན་ལེ། དཀོན་མཆོག་གིས་ཞལ་བཞེས་གནང་བའི་བགོ་སྐལ་དེ་གནང་གྱི་དིག 33ངས་​མི་​གཞན་​གྱི་​གསེར་​དིང་​། དངུལ། ཡང་​ནི་​གོས་ལག་​ལེ་ཧམ་སེམས་བཅངས་མེད། 34ངས་རང་གི་ལག་ག་གཉིས་ལེ་བརྟེན་ཏེ། ང་དིང་ངའི་ལས་རོགས་ཀྱི་དགོས་མཁོ་དེ་བསྒྲུབས་པར་བྱས་པི་དེ་ནི་ཁྱེད་ཀྱ་ཀྱིས་ཧ་གོ་འོད་དིག 35ཇོ་བོ་ཡེ་ཤུས་ཟང་ཚུར་ལེན་རྒྱུ་ལས། ཕར་སྦྱིན་པ་བཏང་པི་དེ་བ་ཆེའོ་ཟིན་གསུངས་པི་དེ་དྲན་པ་གྱིས་ཤིག ངས་སྙེམས་ཆུང་བྱས་ཏེ། ཐབས་ཤེས་ཡེ་རེའི་བརྒྱུད་ནས་མི་སྐྱོ་པོ་དེ་ཀྱ་ལེ་རོགས་པ་བགྱིད་དགོས་པའི་མིག་དཔེ་ཞིག་ཁྱེད་ཀྱ་ལེ་བསྟན་འོད་ཟིན་སྨྲས་པའི་རྗེས་ལེ། 36ཕོལ་ལོལ་གྱིས་པུས་མོ་ས་ལེ་བཙུགས་​ཏེ་​མི་​ཡེ་རེའི་སྐྱེན་​ལེ་​དཀོན་མཆོག་​ལེ་​གསོལ་བ་སྨོན་ལམ་​བཏབ་​པི་​དིག 37དེ་ནས་​མི་​ཡེ་རེ་​སེམས་​སྐྱོ་​རེ་​ཕོལ་ལོལ་​ལེ་​འཐམས་​ཏེ་​མིག་ཆུ་​བཏང་སྟེ་དབུ་གཏུགས་བྱས་​པི་​དིག 38ཕོལ་ལོལ་གྱིས་དུས་ད་ནས་ཕྱིན་ཆད་ངའི་ངོ་གདོང་ཁྱེད་ཀྱ་ཀྱིས་རྩ་བ་ནས་མཐོང་རྒྱུ་མ་དིག་ཟིན་སྨྲས་ཕེན། ཁོང་ཀྱ་ཀྱི་སེམས་​པ་འཇུ་གུ་སྐྱོ་པི་དིག དེ་ནས་ཁོང་ཀྱ་​ཀྱིས་​ཕོལ་ལོལ་​གྲུ་​གཟིངས་​བསྐྱལ་ལི་དིག །

נבחרו כעת:

མཛད་པ། 20: DLPO

הדגשה

העתק

השווה

שתפו

None

רוצים לשמור את ההדגשות שלכם בכל המכשירים שלכם? הירשמו או היכנסו