ཀྱེ། མི་ཁྱོད་ཀྱིས་སྤྱོད་པ་དེ་ལྟར་བྱེད་མཁན་གཞན་ལ་སྐྱོན་འདོགས་བྱེད་ཀྱང་རང་ཉིད་ཀྱི་སྤྱོད་པའང་དེ་དང་མཚུངས་པས། དཀོན་མཆོག་གི་ཁྲིམས་གཅོད་ལས་ཐར་ཐུབ་སྙམ་མམ། ཡང་ན། ཁྱོད་ཀྱིས་དཀོན་མཆོག་གི་བླ་ན་མེད་པའི་བཀའ་དྲིན་དང༌། ཐུགས་བསྲན། ཐུགས་བཟོད་བཅས་ལ་རྩིས་མེད་གཏོང་ངམ། དཀོན་མཆོག་གི་བཀའ་དྲིན་ནི་ཁྱོད་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་བའི་ཕྱོགས་སུ་འཁྲིད་པའི་ཆེད་དུ་ཡིན་པ་མི་ཤེས་སམ།