དེའི་ཕྱིར་དཀོན་མཆོག་གིས་ཁོ་རྣམས་ངོ་ཚ་བའི་འདོད་ཆགས་ལྟར་གཏད་ནས་ཁོ་ཚོའི་བུད་མེད་རྣམས་ཀྱིས་ཀྱང་རང་བཞིན་གྱི་སྤྱོད་པ་སྤངས་ནས་བུད་མེད་དང་ལོག་གཡེམ་བྱས་ཤིང༌། དེ་བཞིན་དུ་སྐྱེས་པའང་བུད་མེད་དོར་ཏེ་འདོད་ཆགས་ཀྱིས་གཅིག་གིས་གཅིག་ལ་ལོག་གཡེམ་བྱས། སྐྱེས་པ་གཞན་དང་ངོ་ཚ་བའི་སྤྱོད་པ་བྱས་པས་རང་གི་ལུས་ལ་ལོག་པའི་སྤྱོད་པ་དང་མཐུན་པའི་ཉེས་ཆད་མྱོང༌། ཁོ་ཚོས་དཀོན་མཆོག་རྩིས་མེད་དུ་བཏང་བས་དཀོན་མཆོག་གིས་ཁོ་རྣམས་ལ་ལོག་ལྟ་འཛིན་པའི་སེམས་དང༌། མི་རུང་བའི་སྤྱོད་པ་བྱེད་དུ་འཇུག་པར་མཛད།